ཁན་པེ་ར་གྲོང་ཁྱེར།

ཁན་པེ་ར་གྲོང་ཁྱེར་ནི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཤར་ལྷོ་སྟེ་ཨོ་སི་ཁྲུ་ལི་ཡའི་རི་རྒྱུད་ཀྱི་ལུང་གཞུང་ཡངས་ས་ཞིག་ཏུ་ཆགས་ཡོད། ཁན་པེ་ར་ཞེས་པ་ནི་འདུས་མདོའམ་འདུ་ར་ཞེས་པའི་དོན་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ37ལྷག་མཆིས། ཀི་ལང་ཀི་ལོ་ཆུ་བོ་གྲོང་ཁྱེར་བརྒྱུད་དེ་ནུབ་ཏུ་མ་ལན་པིས་ཅི་ཆུ་བོར་བཞུར་བཞིན་ཡོད། སྔོན་ཆད་ས་ཆ་དེ་ནི་ལུག་འཚོ་སའི་འབྲོག་ས་ཞིག་ཡིན། སྤྱི་ལོ1913ལོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱིས་རྒྱལ་ས་ཇུས་འགོད་འཛུགས་སྐྲུན་བྱ་མགོ་བརྩམས་པ་དང་། སྤྱི་ལོ1927ལོར་མཉམ་འབྲེལ་སྲིད་གཞུང་ཁན་པེ་ར་གྲོང་ཁྱེར་དུ་གནས་སྤར་བ་ནས་བཟུང་ཁན་པེ་ར་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ཆབ་སྲིད་ལྟེ་གནས་སུ་གྱུར།

རིགས་དབྱེ།  

ཞི་ཉི་གྲོང་ཁྱེར།

ཞི་ཉི་གྲོང་ཁྱེར་ནི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ནན་ཝེ་ཨར་ཁུལ་སོ་མའི་ཁུལ་སྲིད་གཞུང་ཆགས་ས་སྟེ། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་གྲུ་ཁ་ཡིན་ལ། ཐ་སི་མན་རྒྱ་མཚོ་སྐམ་སར་སྤྱི་ལེ20བསྲིངས་ཡོད་པའི་ཁུགས་སོའི་གཡས་གཡོན་ན་ཆགས་ཤིང་། སྨི1150ཅན་གྱི་ལྕགས་ལམ་གྱིས་མཚོ་ཁུགས་གཡས་གཡོན་གྱི་སྐམ་ས་གཞི་གཅིག་ཏུ་སྦྲེལ་འདུག གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ4200ལྷག་མཆིས། ཞི་ཉི་རུ་སྡོད་དམངས་ཡོད་པ་ནས་ད་རག་བར་དུ་ལོ་ངོ་ཁྲི་ཚོ3གྱི་ལོ་རྒྱུས་ཡོད་པ་དང་། སྤྱི་ལོ1787ལོར་དབྱིན་ཇིའི་གྲུ་དཔུང་དང་བོ་གནས་དེར་སླེབས་དུས་ཞི་ཉི་ན་སྡོད་དམངས4000ནས8000ཡོད་པ་རེད། དུས་ཀྱི་དབང་གིས་སྡོད་དམངས་དེ་དག་གི་རིག་གནས་ཉམས་སོང་ནའང་ས་ཆ་འགའ་ཞིག་ཏུ་རྡོ་བརྐོས་རི་མོའི་གནའ་ཤུལ་ད་དུང་ལུས་འདུག་གོ།།

རིགས་དབྱེ།  

ཝེ་ལིང་ཐོན་གྲོང་ཁྱེར།

ཝེ་ལིང་ཐོན་གྲོང་ཁྱེར་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་རྒྱལ་ས་དང་གྲུ་ཁ། ཚོང་ལས་ལྟེ་བ་བཅས་ཡིན་པར་མ་ཟད། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཆབ་སྲིད་ལྟེ་གནས་དང་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ། རྒྱ་མཚོ་ཆེན་པོ་གླིང་གི་རྒྱལ་ཁབ་དག་ལས་མི་གྲངས་ཆེས་མང་བའི་གྲོང་ཁྱེར་བཅས་ཡིན། ཝེ་ལིང་ཐོན་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་བྱང་ཕྱོགས་གླིང་ཕྲན་གྱི་ཆེས་ལྷོ་མཐའ་ན་ཆགས་ཤིང་། ཕྱོགས་གསུམ་རི་ཚོགས་ཀྱིས་བསྐོར་ཅིང་ཁ་རྒྱ་མཚོར་གཏད་དེ་པང་དུ་ཉི་ཁིར་ཞོན་རང་བྱུང་གྲུ་ཁ་དམ་དུ་འཁྱུད་འདུག མིག་ལམ་དུ་མུ་ནས་མུ་འབྲེལ་བའི་རི་ཚོགས་ནི་ལྗང་ནེར་མེ་དང་། མཐའ་མི་མངོན་པའི་ནམ་མཁའ་དང་རྒྱ་མཚོ་ནི་སྔོ་ཤིགས་སེ་མི་ལ་སྨྲ་མི་ཤེས་པའི་མཛེས་སྣང་ཞིག་སྟེར་བ་རེད། ཝེ་ལིང་ཐོན་གྲོང་ཁྱེར་ནི་ཞི་ཉི་གྲོང་ཁྱེར་དང་མོ་ཨར་པུན་གྲོང་ཁྱེར་དང་མཚུངས་པར་རྒྱ་མཚོ་ཆེན་པོའི་གླིང་གི་རིག་གནས་ཀྱི་ལྟེ་བ་ཡིན།

རིགས་དབྱེ།  

པེ་ནིན།

པེ་ནིན་རྒྱལ་ཁབ་སྟེ། དེ་ཡི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.2622ཡོད་ཅིང་། མི་གྲངས་ཁྲི660ཡོད། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་བཅུ་གཉིས་དང་། རྫོང་། གྲོང་བརྡལ། སྡེ་བ་བཅས་རིམ་པ་བཞིན་དུ་བགོས་ཡོད།

རིགས་དབྱེ།  

སོ་ལོ་མོན་གླིང་ཚོམ།

སོ་ལོ་མོན་གླིང་ཚོམ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.83869ཡོད་པ་དང་། མི་གྲངས་ཁྲི8མཆིས་ལ། རྒྱལ་ས་ནི་ཧོ་ཉི་ཡ་ར་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན7དང་། གྲོང་ཁྱེར1དང་སྲིད་འཛིན་དོ་དམ་ཁུལ8བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཨ་རིར་གཏོགས་པའི་ས་མོ་ཡ།

ཨ་རིར་གཏོགས་པའི་ས་མོ་ཡ་ས་ཁུལ་ཏེ། དེར་ས་མོ་ཡ་ཤར་མ་ཡང་ཟེར། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ199ཡོད་པ་དང་། མི་གྲངས68688མཆིས་ལ། སྲིད་འཛིན་ས་ཁུལ་གནས་ས་ནི་ཕ་ཀོ་ཕ་ཀོ་ཡིན། སྲིད་འཛིན་ས་ཁུལ་ལ་ཆུས2དང་གླིང་ཕྲན2སུ་དབྱེ་ཡོད།

རིགས་དབྱེ།  

ས་མོ་ཡ།

ས་མོ་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་སུ་སྤྱི་ལེ་གྲུ་བཞི་མ2934ཡོད་པ་ད་ང། མི་གྲངས་ཁྲི17.68མཆིས། རྒྱལ་ས་ནི་ཨ་ཕི་ཡ་ཡིན།

རིགས་དབྱེ།  

ཕེས་ཐི་ཁེ་ཨིན་གླིང་ཚོམ།

ཕེས་ཐི་ཁེ་ཨིན་གླིང་ཚོམ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5.2ཡོད་པ་དང་། མི་གྲངས47མཆིས། སྲིད་འཛིན་ས་ཁུལ་ནི་ཡ་ཏིང་སི་ཏོན་ཡིན།

རིགས་དབྱེ།  

ཕ་ཕུ་ཀུའི་ནེ་ཡ་གསར་བ།

ཕ་ཕུ་ཀུའི་ནེ་ཡ་གསར་བ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི46.284ཡོད་པ་དང་། མི་གྲངས་ཁྲི519མཆིས་ལ། རྒྱལ་ས་ནི་མོར་སི་པི་གྲུ་ཁ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན19དང་། རྒྱལ་ས1བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཕ་ལོ།

ཕ་ལོ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ493ཡོད་པ་དང་། མི་གྲངས་ཁྲི2མཆིས། རྒྱལ་ས་ནི་ཁོ་རོར་ཡིན།

རིགས་དབྱེ།  

ནོ་ཧྥོའུ་ཁི་གླིང་ཕྲན།

ནོ་ཧྥོའུ་ཁི་གླིང་ཕྲན་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34.6ཡོད་ཅིང་། མི་གྲངས1853ཡོད། སྲིད་འཛིན་ཁུལ་གནས་ས་ནི་ཅིན་སི་ཏོན་ཡིན།

རིགས་དབྱེ།  

ཉིག་ཨེར།

ཉིག་ཨེར་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ260ཡོད་པ་དང་། མི་གྲངས2134མཆིས། སྲིད་འཛིན་ཁུལ་གནས་ས་ནི་ཨ་ལོ་ཧྥེ་ཡིན། སྲིད་འཛིན་ས་ཁུལ་ལ་ཤང་དང་སྡེ་བ14རུ་དབྱེ་ཡོད།

རིགས་དབྱེ།  

ནིའུ་ཟེ་ལན།

ནིའུ་ཟེ་ལན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི27.0534ཡོད་ཅིང་། མི་གྲངས་ཁྲི491མཆིས། རྒྱལ་ས་ནི་ཝེ་ལི་ཐོན་ཡིན། སྲིད་འཛིན་ས་ཁུལ་དུ་ས་ཁུལ་ཆེན་པོ12དང་། ས་ཁུལ་གྱི་སྲིད་འཛིན་ལས་ཁུངས74ཡོད། གྲོང་ཁྱེར་དང་། གྲོང་རྡལ། ཤང་སོགས་མི་གྲངས་ཀྱི་འདུས་ཚད་ལྟར་དབྱེ་ཡོད།

རིགས་དབྱེ།  

ཁ་ལི་དོ་ཉི་ཡ་གསར་བ།

ཁ་ལི་དོ་ཉི་ཡ་གསར་བ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.8575ཡོད་ཅིང་། མི་གྲངས་ཁྲི20.4863མཆིས། སྲིད་གཞུང་གནས་ས་ནི་ནོའུ་མེ་ཨ་ཡིན་པ་དང་། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་གསུམ་དུ་དབྱེ་ཡོད།

རིགས་དབྱེ།  

ནོ་རུ།

ནོ་རུ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ24ཡོད་པ་དང་། མི་གྲངས་ཁྲི1.2མཆིས། རྒྱལ་ཁབ་དེར་རྒྱལ་ས་དངོས་མ་ཞིག་མེད་པར། སྲིད་འཛིན་ས་ཁུལ་ནི་ཡ་རེན་ས་ཁུལ་དུ་བཙུགས་ཡོད་ཅིང་། སྲིད་འཛིན་ས་ཁུལ་ལ་ཆུས14རུ་དབྱེ་ཡོད།

རིགས་དབྱེ།  

མར་ཤལ་གླིང་ཚོམ།

མར་ཤུལ་གླིང་ཚོམ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི181.3ཡོད་པ་དང་། མི་གྲངས་73630ཡོད་ལ། རྒྱལ་ས་ནི་མ་ཇུ་རོ་ཡིན། སྲིད་འཛིན་ས་ཁུལ་ལ་གྲོང་ཁྱེར33ཡོད།

རིགས་དབྱེ།  

ཁི་རི་བྷེད།

ཁི་རི་བྷེད་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ812ཡོད་པ་དང་། མི་གྲངས་ཁྲི9.6མཆིས་ལ། རྒྱལ་ས་ནི་ཐ་ར་ཝ་ཡིན། སྲིད་འཛིན་ས་ཁུལ་དུ་གླིང་ཕྲན33ཡོད་ཅིང་། སྲིད་འཛིན་ལ་ཁུལ17དུ་དབྱེ(གླིང་ཕྲན་ཆེན་པོ17མཆིས)ཡོད། སྲིད་འཛིན་ཁུལ་རེ་རེར་ཨུ་ཡོན་ལྷན་ཁང་རེ་དང་། ཨུ་ཡོན་ལྷན་ཁང་གི་མགོ་གཙོ་ནི་ཆེས་མཐོ་བའི་མགོ་ཁྲིད་པ་ཡིན།

རིགས་དབྱེ།  

ཀོན་ཏོ་གླིང་ཕྲན།

ཀོན་ཏོ་གླིང་ཕྲན་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ549ཡོད་པ་དང་། མི་གྲངས160796མཆིས། སྲིད་འཛིན་ཁུལ་གནས་ས་ནི་ཨ་ག་ཉི་ཡ་ཡིན། གླིང་ཕྲན་ཡོངས་སུ་ས་ཁུལ19རུ་དབྱེ་ཡོད།

རིགས་དབྱེ།  

ཧྥ་རན་སིར་གཏོགས་པའི་པོ་ལི་ནི་ཞི་ཡ།

ཧྥ་རན་སིར་གཏོགས་པའི་པོ་ལི་ནི་ཞི་ཡ་ས་ཁུལ་ཏེ།མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4167ཡོད་ལ། མི་གྲངས་ཁྲི23.15ཡོད། སྲིད་གཞུང་གནས་ས་ནི་ཕ་ཕི་ཐིས་ཡིན། སྲིད་འཛིན་ས་ཁུལ་ལ་ས་གནས་སྲིད་གཞུང་གཉིས་དང་། དེ་རེ་རེས་གླིང་ཚོམ5ཡི་སྲིད་དོན་སྐྱོང་བར་བྱེད།

རིགས་དབྱེ།  

ཧྥི་ཅི།

​ཧྥི་ཅི་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.8272ཡོད་པ་དང་། མི་གྲངས་ཁྲི80.9མཆིས་ལ། རྒྱལ་ས་ནི་སུ་ཝ་ཡིན། སྲིད་འཛིན་ས་ཁུལ་ལ་ཐད་གཏོགས་གྲོང་ཁྱེར2དང་། སྲིད་འཛིན་ཁུལ་ཆེན་པོ4། རྫོང14བཅས་སུ་དབྱེ་ཡོད།

རིགས་དབྱེ།  

སྨི་ཁེ་རོ་ནི་ཞི་ཡ།

སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ705ཡོད་ལ། མི་གྲངས107513ཡོད། རྒྱལ་ས་ནི་ཁོ་ལོ་ཉི་ཡ་ཡིན།

རིགས་དབྱེ།  

ཁོ་ཁེ་གླིང་ཚོམ།

ཁོ་ཁེ་གླིང་ཚོམ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ240ཡོད་པ་དང་། མི་གྲངས་ཁྲི2.0811ཡོད་ལ། རྒྱལ་ས་ནི་ཨ་ཝ་རུ་ཨ་ཡིན། སྲིད་འཛིན་ས་ཁུལ་ལ་གླིང་ཕྲན15རུ་དབྱེ།

རིགས་དབྱེ།  

ཨི་སི་ཐྲ་ལི་ཡ།

ཨོ་སི་ཐྲ་ལི་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི769.2ཡོད་པ་དང་། མི་གྲངས་ཁྲི2020ཡོད་ལ། རྒྱལ་ས་ནི་ཁན་པེ་ར་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་དྲུག་དང་དམིགས་བསལ་ས་ཁུལ་གཉིས་བཅས་ཡོད།

རིགས་དབྱེ།  

རྒྱ་མཚོ་ཆེན་པོའི་གླིང་།

རྒྱ་མཚོ་ཆེན་པོའི་གླིང(Oceania)གི་སྐམ་སའི་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ་ཁྲི897ཙམ་ཡོད་པ་དེས་འཛམ་གླིང་གི་སྐམ་སའི་རྒྱ་ཁྱོན་བསྡོམས་འབོར་གྱི6%ཙམ་ཟིན་ཡོད་པ་དང་། འཛམ་གླིང་ཐོག་གི་གླིང་ཆེན་ཆུང་ཤོས་ཡིན། །

རིགས་དབྱེ།