ཡོབ་གླིང་ནུབ་ཁུལ།

ཡོབ་གླིང་ནུབ་ཁུལ་ནི་ཡོབ་གླིང་ཕྱེད་ནུབ་ཁུལ་ལ་སྟོན་ཞིང་། རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ500ཡོད་ཅིང་ཡོབ་གླིང་གི་ཕྱེད་ཙམ་ཟིན་པ་རེད། གནས་དེའི་མི་འབོར་གྱི་རྫོང་མཐུག་ལ། རྒྱལ་ཁབ་ཧ་ཅང་མང་ཞིང་ཆེ་ཤོས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་རེད།

རིགས་དབྱེ།  

པ་ལི་གྲོང་ཁྱེར།

པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཏེ། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚོང་ལས་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པའང་ཡིན།

རིགས་དབྱེ།  

ལོན་ཏོན་གྲོང་ཁྱེར།

ལོན་ཏོན་གྲོང་ཁྱེར་ནི་དབྱིན་ཀི་ལན་གླིང་ཕྲན་གྱི་ཤར་ལྷོ་སྟེ་ཐའེ་ཝུའུ་ཧྲི་གཙང་བོའི་སྨད་རྒྱུད་དུ་ཆགས་ཡོད། ལོན་ཏོན་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་མ་ཟད། དབྱིན་ཇིའི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆེས་ཆེ་བའི་གྲུ་ཁ། འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་ཆེན་པོ་བཞིའི་ཡ་གྱལ་སོགས་ཀྱང་ཡིན། ལོན་ཏོན་ནི་ལོ་རྒྱུས་རིང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་གྲུ་ཟུར་རེ་རེ་ནས་ལོ་རྒྱུས་ཀྱི་གནའ་ཤུལ་གྱི་མང་བོ་མཐོང་ཐུབ། ལོ་ངོ3500ཡི་ཡར་སྔོན་དུ་ལོན་ཏོན་ས་ཁུལ་ན་མིའི་རིགས་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་དང་། ལོན་ཏོན་གྲོང་ཁྱེར་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཆགས་པ་ཡིན། ལོན་ཏོན་ནི་དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་སོགས་ཀྱི་ལྟེ་བ་ཡིན་པས། ལོན་ཏོན་གྲོང་ཁྱེར་དུ་གནའ་བོའི་མཆོད་རྟེན་དང་། སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཅིན་ཧན་ཕོ་བྲང་། བརྗིད་ཉམས་ལྡན་པའི་གྲོས་ཚོགས་ཁང་ཆེན། ལོན་ཏོན་ཟམ་པ། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་སོགས་ཡོད། བརྗིད་ཆགས་ཤིང་ཡིད་དུ་འོང་བའི་གྲོས་ཚོགས་ཁང་ཆེན་ནི་ཐའེ་ཝུའུ་ཧྲི་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་ལས་ཁང་ཡིན།

རིགས་དབྱེ།  

མ་ཏེ་རི་གྲོང་ཁྱེར།

མ་ཏེ་རི་གྲོང་ཁྱེར་ནི་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་། ཡོ་རོབ་གླིང་གི་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་གནའ་བོའི་བཟོ་བཀོད་དང་དྲན་གསོ་ཐང་ཆེན། མི་སྣ་གྲགས་ཅན་གྱི་སྐུ་བརྙན་བཅས་ཧ་ཅང་མང་། ཀི་ལོན་པིས་ཐང་ཆེན་གྱི་དཀྱིལ་དབུས་ན་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཀི་ལོན་པིས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་འདུག

རིགས་དབྱེ།  

ཝི་ཨེན་ན་གྲོང་ཁྱེར།

ཝི་ཨེན་ན་གྲོང་ཁྱེར་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆབ་སྲིད་ཀྱི་ལྟེ་བའང་ཡིན། ཝི་ཨེན་ན་གྲོང་ཁྱེར་ནི་ཏོ་ནོ་གཙང་བོའི་འགྲམ་ངོགས་སུ་ཆགས་ཡོད་ལ། ཝི་ཨེན་ན་གྲོང་ཁྱེར་ལ་འཛམ་གླིང་སྟེང་གི་རོལ་དབྱངས་གྲོང་ཁྱེར་དུ་བསྔགས་བཞིན་མཆིས་སོ།།

རིགས་དབྱེ།  

པོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ།

པོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་ནི་པོ་ལོ་ཏི་རྒྱ་མཚོའི་འགྲམ་ངོགས་སུ་གནས་པའི་ཨེ་སོ་ཉི་ཡ་དང་། ལ་ཐེ་ཝེ་ཡ། ལི་ཐུ་ཝན་བཅས་ཡིན་ཞིང་། རྒྱལ་ཁབ་དེ་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི17.40ཡོད་པའི་ནང་ལི་ཐུ་ཝན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.52ང་། ལ་ཐེ་ཝེ་ཡ་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.37 ཨེ་སོ་ནི་ཡར་སྤྱི་ལེ་གྲུ་བཞི་མ་ཁྲི4.51བཅས་ཡོད།

རིགས་དབྱེ།  

ལ་ཐེ་ཝེ་ཡའི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ཞིང་། རང་བཙན་བྱས་རྗེས་རྒྱལ་ཁབ་ཀྱི་ཚབ་རྟགས་ནིLVཡིན། རྒྱལ་མིང་གི་དོན་འགྲེལ་ནི་མི་རིགས་ཀྱི་སྐད་ལས་བྱུང་བ་སྟེ“གོ་ཁྲབ”དང“ལྕགས་རིགས་ཀྱིས་བཟོས་པའི་གྱོན་ཆས”ཞེས་པའི་དོན་ཡིན།

རིགས་དབྱེ།  

ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡུས་མིང་ལ་ལི་ཐུ་ཝན་ཟེར། སྤྱི་ལོ1944ལོར་སུའུ་ལེན་གྱི་དམག་དཔུང་ལི་ཐུ་ཝན་དུ་སླེབས་པ་དང་། ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་མ་ཟད་སུའུ་ལེན་དུ་ཞུགས།

རིགས་དབྱེ།  

ཨར་མེ་ཉི་ཡའི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་ལ། སྤྱི་ལོ1918ལོའི་ཟླ5བའི་ཚེས28ཉིན། ཏ་ཧྲི་ན་ཁི་ཁྲུའུ་ཆུང་ཏང་གིས་མགོ་ཁྲིད་དེ་ཨར་མེ་ཉི་ཡའི་སྤྱི་མཐུན་རྒྱལ་ཁབ་དང་པོ་བཙུགས།

རིགས་དབྱེ།  

ཨ་ཟེར་བྷེ་ཇན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

བསྡུས་མིང་ལ་ཨ་ཟེར་བྷེ་ཇན་ཟེར་ཞིང་། སྤྱི་ལོ1917ལོའི་ཟླ11པར་སུའུ་ཝེ་ཨེད་སྲིད་དབང་སྟེ་པཱ་ཁུའུ་ཀུང་ཧྲེ་བཙུགས། སྤྱི་ལོ1918ལོའི་ཟླ5བའི་ཚེས28ཉིན་ཨ་ཟེར་བྷེ་ཇན་གྱི་འབྱོར་ལྡན་གྲལ་རིམ་གྱིས་ཨ་ཟེར་བྷེ་ཇན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས།

རིགས་དབྱེ།  

ཕོ་ལན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་ཟླ་བཅུ་བའི་གསར་བརྗེའི་རྗེས་སུ་ཡོ་རོབ་གླིང་གི་ས་གནས་ཁག་ཏུ་སུའུ་ཝེ་ཨེད་སྲིད་དབང་སློང་བའི་ལས་འགུལ(དེའི་ནང་འཇར་མན་གྱི་ཟླ11པའི་གསར་བརྗེའི་སྐབས་སུ་བཙུགས་པའི་སུའུ་ཝེ་ཨེད་སྲིད་དབང་དང་ད་དུང་ཞུང་ཡ་ལིའི་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་སོགས་ཚུད)གྱི་སྐབས་སུ་སུའུ་ཨུའི་དམར་དམག་གིས་ནུབ་ཕྱོགས་སུ་ཕོ་ལན་དུ་ཇག་དམག་ལ་འགོག་རྒོལ་བྱེད་སྐབས་འབྱུང་འགྱུར་ཕོ་ལན་དུ་སྒྲིག་འཛུགས་བྱེད་འཆར་ཡོད་པའི་སུའུ་ཝེ་ཨེད་སྲིད་དབང་དེ་ཡིན་ལ། ཕྱིས་སུ་ཕམ་ཁ་བྱུང་བས་དངོས་སུ་འཛུགས་མ་ཐུབ་པར་ལུས།

རིགས་དབྱེ།  

ཀའོ་ཅ་སུའོ་ཕྱི་མའི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ།

སྤྱི་ལོ1922ལོ་ནས་སྤྱི་ལོ1936ལོའི་བར་གནས་པའི་སུའུ་ལེན་ལ་ཞུགས་པའི་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ནི་འཇོར་ཇི་ཡ་དང་། ཨར་མེ་ཉི་ཡ། ཨ་ཟེར་བྷེ་ཇན་བཅས་ཀྱིས་གྲུབ་པ་དང་། སུའུ་ལེན་དུ་ཡང་ཀའོ་ཅ་སུའོ་ཕྱི་མ་ཞེས་འབོད།

རིགས་དབྱེ།  

དབྱི་སི་ཐན་པུར་གྲོང་ཁྱེར།

ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུར་གྲོང་ཁྱེར་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་ཆེན་གཉིས་ཀྱི་སྟེང་ན་ཆགས་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ཤར་རྒྱུད་ཨེ་ཤ་ཡ་དང་ནུབ་རྒྱུད་ཡོ་རོབ་གླིང་གི་ས་ཐོག་ན་ཆགས་ཤིང་། མི་གྲངས་ཁྲི་ཚོ1400ལྷག་ཡོད་པ་དང་། སྡོད་དམངས་བརྒྱ་ཆའི་གོ་བརྒྱད་ཡན་གྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་པ་ཡིན།

རིགས་དབྱེ།  

རོ་མ་གྲོང་ཁྱེར།

རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་སྟེ། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གནའ་བོའི་རོ་མ་བཙན་རྒྱལ་གྱི་འབྱུང་ཁུངས་ཡིན། རོ་མ་གྲོང་ཁྱེར་ནི་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པས་ན། རྟག་བརྟན་མི་འགྱུར་གྲོང་ཁྱེར་ཡང་ཟེར་བ་རེད། རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་ཕྱེད་གླིང་གི་ནུབ་དབུས་ཏེ་ཐེ་པོ་ཆུ་བོའི་སྨད་རྒྱུད་ཐང་ཆེན་གྱི་དེའུ་འབུར་བདུན་གྱི་སྟེང་ན་ཆགས་འདུག

རིགས་དབྱེ།  

པེར་ལིན་གྲོང་ཁྱེར།

པེར་ལིན་གྲོང་ཁྱེར་ནི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་དང་འཇར་མན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་ལ། མི་གྲངས་ཁྲི་ཚོ340འདུས་སྡོད་བྱས་ཡོད། པེར་ལིན་གྲོང་ཁྱེར་ནི་འཇར་མན་གྱི་བྱང་ཤར་ཐང་གཞུང་སྟེ་ཧྲི་ཕུ་ལེ་ཆུ་བོ་ཧ་ཝེ་ཨར་ཆུ་བོར་འདྲེས་སའི་མཚམས་ན་ཆགས་འདུག རིག་གནས་དང་ཆབ་སྲིད། སྨྱན་བྱེད། ཚན་རིག་བཅས་ཀྱི་ཐད་ནས་བཤད་ནའང་པེར་ལིན་གྲོང་ཁྱེར་ནི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཆེན་མོ་ཞིག་ཡིན། པེར་ལིན་གྲོང་ཁྱེར་ནི་ཡོ་རོབ་གླིང་གི་མཁའ་སྐྱོད་དང་ལྕགས་ལམ་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། ཡོ་རོབ་གླིང་གི་ལྗོངས་རྒྱུ་པ་ཆེས་མང་བོ་འདུ་བའི་གྲོང་ཁྱེར་གྱི་གྲས་ཡིན། པེར་ལིན་ནི་དེང་སང་འཛམ་བུ་གླིང་གི་ཁ་མིག་ཡར་ལྟ་བྱ་སའི་གྲོང་ཁྱེར་ཆེན་པོ་ཞིག་སྟེ། རང་དབང་གི་འཚོ་བར་སྙེག་པ་དང་དེང་རབས་ཀྱི་བསམ་བློ་ལྡན་པའི་ན་གཞོན་སྒྱུ་རྩལ་པ་བཅས་ཀྱིས་དད་མོས་བྱ་སའི་གྲོང་ཁྱེར་ཞིག་རེད།

རིགས་དབྱེ།  

ཝེ་ཉི་སི་གྲོང་ཁྱེར།

གྲོང་ཁྱེར་ཞེས་གླེང་དུས་མི་མང་བོ་ཞིག་གི་སྣང་ངོར་རྔམ་བརྗིད་ལྡན་པའི་ཁང་བརྩེགས་དང་འདུ་འཛི་ཆེ་བའི་མི་ཚོགས། ཆུ་རྒྱུན་བཞིན་རྒྱུན་ཆད་མེད་པར་རྒྱུ་བའི་རླངས་འཁོར་གྱི་རྣམ་པ་དེ་ཤར་ངེས་ཡིན། ཡིན་ན་ཡང་། འཛམ་གླིང་ན་རླངས་འཁོར་མེད་པའི་གྲོང་ཁྱེར་ཡང་ཡོད་དེ། དབྱི་ཐ་ལའི་ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་ཐོག་རླངས་འཁོར་མེད་པའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་རླངས་འཁོར་དང་རྐང་འཁོར་གཅིག་ཀྱང་མེད་ལ། འགྲིམ་འགྲུལ་བཀོད་འདོམས་བྱེད་པའི་ཚོན་ལྡན་གློག་ཞུ་ཡང་མེད། གྲོང་ཁྱེར་དེར་མི་རྣམས་འགྲུལ་བཞུད་བྱེད་སྐབས་གྲུ་ལ་སྡོད་དགོས་པ་ཡིན་པས། གྲོང་ཁྱེར་དེ་རུ་གྲུ་ཆུང་ཆུང་ལ་རྡེབ་པའི་ཤག་སྒྲ་ལས་རླངས་འཁོར་གྱི་འུར་སྒྲ་སོགས་ཅི་ཡང་ཐོས་མི་སྲིད།

རིགས་དབྱེ།  

རུ་ནེ་ཝ་གྲོང་ཁྱེར།

རུ་ནེ་ཝ་གྲོང་ཁྱེར་ནི་རུ་ནེ་ཝ་མཚེའུ་ཡི་ལྷོ་ནུབ་ཏུ་ཆགས་ཡོད་པ་དང་སུའེ་ཙེར་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པར་བགྲང་། མི་གྲངས་ཁྲི་ཚོ194ལྷག་མཆིས། རུ་ནེ་ཝ་མཚེའུ་ཡི་གྱེན་འཕྱུར་ཆུ་མིག་ནི་རུ་ནེ་ཝ་གྲོང་ཁྱེར་གྱི་མཚོན་བྱེད་ཡིན། རུ་ནེ་ཝའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་མང་བོ་ཞིག་གི་ཡིད་སེམས་ཅིག་ཅར་དུ་འགུགས་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་མང་བོ་ཞིག་གི་རྟེན་གཞི་རུ་ནེ་ཝ་གྲོང་ཁྱེར་དུ་བཅོས་ཡོད་པས། རུ་ནེ་ཝའི་མཚན་སྙན་འཛམ་གླིང་ཧྲིལ་བོར་ཁྱབ་ཡོད། རུ་ནེ་ཝ་གྲོང་ཁྱེར་དུ་བལྟ་ས་མཇལ་ས་ཧ་ཅང་མང་མོད། སྐད་གྲགས་ཆེ་བ་ནི་མེ་ཏོག་ལས་གྲུབ་པའི་ཆུ་ཚོད་འཁོར་ལོ་དང་ལོ་རྒྱུས་སྒྱུ་རྩལ་བཤམས་སྟོན་ཁང་། རྒྱལ་སྤྱིའི་རྒྱ་གྲམ་དམར་བོ་དང་ཚེས་རིས་དམར་བོའི་བཤམས་སྟོན་ཁང་། རྒྱལ་ཁབ་ཁྲི་འབུམ་ཕོ་བྲང་བཅས་ཡིན།

རིགས་དབྱེ།  

པུ་རུ་སེར་གྲོང་ཁྱེར།

པུ་རུ་སེར་གྲོང་ཁྱེར་ནི་པི་ལི་ཧྲིའི་རྒྱལ་ས་ཡིན་པ་དང་། སའེ་ན་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད། པུ་རུ་སེར་གྲོང་ཁྱེར་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། དུས་རབས་བཅུ་བའི་སྔོན་དུ་ཡུལ་དེ་ནི་ན་ཁུགས་ཤིག་ཡིན་ལ། སྤྱི་ལོ979ལོར་ཁྲ་ལི་ཀོང་ཅའོ་ཡིས་སེད་མན་ཆུ་བོའི་བར་རྒྱུད་ཀྱི་ཧྲིན་རུག་ལི་གླིང་ཕྲན་སྟེང་གི་ན་ཁུགས་སུ་གནས་གཞི་བཟུང་ནས་བཙན་རྫོང་དང་གྲུ་ཁ་སོགས་ལས་པ་དང་། ཡུལ་དེའི་མིང་ལ་པུ་ལོ་ཨོ་ཁུ་སེར་ལ་ཞེས་བཏགས། ནང་དོན་ནི་ན་འདམ་སྟེང་གི་སྡོད་ཁང་ཞེས་པ་དེ་ཡིན། པུ་ལོ་ཨོ་ཁུ་སེར་ལ་ཞེས་པའི་མིང་དེ་ཕྱིས་སུ་ཟུར་ཆགས་ནས་པུ་རུ་སེར་དུ་གྱུར་པ་རེད།

རིགས་དབྱེ།  

ཁོ་ཕེན་ཧ་ཀེན་གྲོང་ཁྱེར།

ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ཁོ་ཕེན་ཧ་ཀེན་ནི་ཞི་ལན་གླིང་ཕྲན་གྱི་ཤར་ཕྱོགས་དང་། ཨི་ལེ་མཚོ་འགག་དང་སུའེ་ཏེན་གྱི་ཨར་མའོ་གྲུ་ཁའི་ཁ་གཏད་དུ་ཆགས་ཡོད། ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ནི་ཏེན་མག་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཡོ་རོབ་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་མིང་དུ་གྲགས་པའི་གནའ་མཁར་ཞིག་ཡིན།

རིགས་དབྱེ།  

མོ་སི་ཁོ་གྲོང་ཁྱེར།

མོ་སི་ཁོ་གྲོང་ཁྱེར་ནི་ཨུ་རུ་སུ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། མོ་སི་ཁོ་ཞེས་པ་ནི་སི་ལ་ཧྥུའི་སྐད་ལས་བྱུང་བ་སྟེ། རྡོ་མཁར་ཞེས་པའི་དོན་ཡིན། སྤྱིར་ཡོ་རོབ་གླིང་ཤར་མའི་ཨུ་རུ་སུ་གཞུང་ཐང་དུ་ཨར་ལས་ལ་མཁོ་བའི་རྡོ་ཤིན་ཏུ་དཀོན་པ་དང་ནགས་ཚལ་མོད་པོ་ཡོད་པས། ཁང་བ་དང་མཁར་རྫོང་སོགས་བསྐྲུན་ན་གཙོ་བོ་ཤིང་ལ་བརྟེན་པ་ཡིན་མོད། འོན་ཀྱང་མོ་སི་ཁོ་གྲོང་ཁྱེར་གྱི་ཆོས་ཁང་ཆེན་མོ་དང་ཧྲ་ཧོང་གོང་མའི་ཕོ་བྲང་། མཁར་རྫོང་བཅས་ནི་རྡོ་ཡིས་བརྩིགས་ཡོད་པས། དངོས་གནས་རྡོ་མཁར་ཞེས་པ་དེ་མིང་དོན་གཉིས་ཀའི་ཐད་ནས་ཤིན་ཏུ་འཚམ་པ་ཞིག་རེད།

རིགས་དབྱེ།  

ཡ་ཏེན་གྲོང་ཁྱེར།

ཡ་ཏེན་གྲོང་ཁྱེར་ནི་ཞི་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ་ཡོ་རོབ་གླིང་གི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པར་གྲགས། ཡ་ཏེན་གྲོང་ཁྱེར་ནི་པ་ཨར་ཀན་ཕྱེད་གླིང་གི་ལྷོ་སྣེ་ན་ཆགས་ཤིང་། ཕྱོགས་གསུམ་རི་བོས་བསྐོར་ཡོད་པ་དང་། ཕྱོགས་གཅིག་གི་ཁ་རྒྱ་མཚོར་གཏད་འདུག ཡ་ཏེན་གྲོང་ཁྱེར་ནི་ཞི་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ནོར་སྲིད། ཆབ་སྲིད། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཡོ་རོབ་གླིང་གི་ཚོང་ལས་ཀྱི་ལྟེ་གནས་ཀྱང་ཡིན་པས། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི330ལྷག་མཆིས། ཡ་ཏེན་གྲོང་ཁྱེར་ནི་ཆེས་གནའ་རབས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ལོ་ངོ3000ལྷག་གི་ལོ་རྒྱུས་ལྡན་ལ། ད་ལྟ་ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་ཨང་བརྒྱད་པར་བགྲངས་པ་རེད།

རིགས་དབྱེ།  

མོ་ཞི་ཁོ་གྲོང་ཁྱེར།

མོ་ཞི་ཁོ་གྲོང་ཁྱེར་ནི་མོ་ཞི་ཁོ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པས། མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་རིག་གནས། དཔལ་འབྱོར་བཅས་ཀྱི་ལྟེ་བ་ཡིན། གྲོང་ཁྱེར་ནི་ཕོ་བྲང་དང་ཕོ་བྲང་ནི་གྲོང་ཁྱེར་རེད་ཅེས་བསྔགས་པའི་མོ་ཞི་ཁོ་གྲོང་ཁྱེར་ནི་སྤྱི་ལོ1325ལོར་བསྐྲུན་པའི་གནའ་མཁར་ཐུ་ནོ་ཆི་ཐིས་ལན་གྱི་མཁར་ཤུལ་དུ་ཆགས་འདུག ཐུ་ནོ་ཆི་ཐིས་ལན་ཞེས་པ་ནི་ཉི་ཟླའི་ཕྲུ་གུ་ཞེས་པའི་དོན་ཡིན།

རིགས་དབྱེ།  

ཨལ་པ་ཉི་ཡ།

ཨལ་པ་ཉི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.8748ཡོད་པ་དང་། མི་གྲངས་ཁྲི340ཡོད་ལ། རྒྱལ་ས་ནི་ཐིས་རན་ཡིན། སྲིད་འཛིན་ས་ཁུལ་དུ་ཁུལ་བཅུ་གཉིས་དང་། ཆུས་སོ་དྲུག ཤང་དང་སྡེ་བ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཨན་ཏོར།

ཨན་ཏོར་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ468ཡོད་ལ། མི་གྲངས་ཁྲི7.8ཡོད་ཅིང་། རྒྱལ་ས་ཨན་ཏོར་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ལ་ཆུས་བདུན་དུ་དབྱེ་ཡོད།

རིགས་དབྱེ།  

པུར་ག་རི་ཡ།

པུར་ག་རི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.0993ཡོད་པ་དང་། མི་གྲངས་ཁྲི784.55ཡོད་ཅིང་། རྒྱལ་ས་ནི་སོ་ཧྥེ་ཡ་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་ཆེན་ཉེར་བརྒྱད་དང་། དེའི་འོག་ཏུ་ཤང་དུ་དབྱེ་ཡོད།

རིགས་དབྱེ།  

བྷེ་ལ་རུ་སི།

བྷེ་ལ་རུ་སི་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི20.76ཡོད་པ་དང་། མི་གྲངས་ཁྲི995.13ཡོད་ལ། རྒྱལ་ས་ནི་མེན་སི་ཁ་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་དྲུག་དང་། ཆུས་བརྒྱ་དང་བཅུ་བདུན། གྲོང་ཁྱེར་གོ་དགུ མཁར་གྲོང་བརྒྱ་དང་བཅུ་གཅིག་ཡོད། ས་བབ་གནས་ཚུལ།

རིགས་དབྱེ།  

ཁ་རོ་ཤེ་ཡ།

ཁ་རོ་ཤེ་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5.6538ཡོད་པ་དང་། མི་གྲངས་ཁྲི444ཡོད་ལ། རྒྱལ་ས་ནི་ཟག་རེབ་ཡིན། སྲིད་འཛིན་ས་ཁུལ་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཆུས་རེ་རེར་བཀར་ཡོད།

རིགས་དབྱེ།  

ཆེ་ཁི།

ཆེ་ཁི་རྒྱལ་ཁབ་དེ་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.8866ཡོད་པ་དང་། མི་གྲངས་ཁྲི1020.4ཡོད་ལ། རྒྱལ་ས་ནི་ཕ་རག་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་བཅུ་གསུམ་དང་། རྫོང་དོན་གཅིག ཐད་གཏོགས་གྲོང་ཁྱེར་ནི་ཕ་རག་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཏེན་མག

ཏེན་མག་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.3096ཡོད། མི་གྲངས་ཁྲི536.8ཡོད། རྒྱལ་ས་ནི་ཁོ་ཕེན་ཧན་ཀེན་ཡིན། སྲིད་འཛིན་ས་ཁུལ་ལ་མངའ་སྡེ་གྱ་བཞི་དང་། གྲོང་ཁྱེར་ཉིས་བརྒྱ་དོན་ལྔ། རང་སྐྱོང་ས་ཁུལ་གཉིས་ཏེ་ཀི་ལིན་ལན་གླིང་ཚོམ་དང་ཧྥ་ལོ་གླིང་ཚོམ་གཉིས་ཡིན།

རིགས་དབྱེ།  

ཏེན་མག

ཏེན་མག་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.3096ཡོད། མི་གྲངས་ཁྲི536.8ཡོད། རྒྱལ་ས་ནི་ཁོ་ཕེན་ཧན་ཀེན་ཡིན། སྲིད་འཛིན་ས་ཁུལ་ལ་མངའ་སྡེ་གྱ་བཞི་དང་། གྲོང་ཁྱེར་ཉིས་བརྒྱ་དོན་ལྔ། རང་སྐྱོང་ས་ཁུལ་གཉིས་ཏེ་ཀི་ལིན་ལན་གླིང་ཚོམ་དང་ཧྥ་ལོ་གླིང་ཚོམ་གཉིས་ཡིན།

རིགས་དབྱེ།