ཡོངས་འཛིན་རིག་མཛོད། >ས་ཁམས། >འཛམ་གླིང་སྲིད་འཛིན་ས་ཁུལ།

ཡ་གླིང་ཤར་ལྷོ།

ཀྲུང་གོའི་ལྷོ་ཁུལ་གྱི་མཐའ་མཚམས་བརྒལ་ཚེ། ཀྲུང་གོའི་རི་ཆུ་དང་ཕན་ཚུན་འབྲེལ་བའི་ཡ་གླིང་ཤར་ལྷོར་སླེབས་པ་རེད། ཡ་གླིང་ཤར་ལྷོའི་ཁོངས་སུ་ཀྲུང་ལྷོ་ཕྱེད་གླིང་དང་མ་ལེ་གླིང་ཚོམ་སྟེ་ཁག་ཆེན་པོ་གཉིས་འདུས་ཤིང་། ཀྲུང་ལྷོ་ཕྱེད་གླིང་ནི་ཀྲུང་གོའི་ལྷོ་ཁུལ་དུ་ཆགས་པས་དེའི་མིང་ནི་དེ་སྐད་ཐོགས་པ་རེད།

རིགས་དབྱེ།  

དབུས་ཤར།

དབུས་ཤར་ནི་ཡ་ཡོབ་ཧྥེ་བཅས་གླིང་ཆེན་གསུམ་དང་སྦྲེལ་ཞིང་། ནུབ་ཀྱི་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོར་བརྒྱུད་ཐུབ་པའི་ལྟེ་གནས་སུ་ཆགས་ཡོད། གནའ་ནས་བཟུང་། དབུས་ཤར་ནི་ནུབ་ཕྱོགས་ཀྱི་འགག་རྩའི་འགྲིམ་འགྲུལ་ཡིན་པས་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།

རིགས་དབྱེ།  

ཡོབ་གླིང་ནུབ་ཁུལ།

ཡོབ་གླིང་ནུབ་ཁུལ་ནི་ཡོབ་གླིང་ཕྱེད་ནུབ་ཁུལ་ལ་སྟོན་ཞིང་། རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ500ཡོད་ཅིང་ཡོབ་གླིང་གི་ཕྱེད་ཙམ་ཟིན་པ་རེད། གནས་དེའི་མི་འབོར་གྱི་རྫོང་མཐུག་ལ། རྒྱལ་ཁབ་ཧ་ཅང་མང་ཞིང་ཆེ་ཤོས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་རེད།

རིགས་དབྱེ།  

ཧྥེ་གླིང་།

ས་ཧར་ལྷོ་ཕྱོགས་ཀྱི་ཧྥེ་གླིང་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ་ས་ཧར་བྱེ་ཐང་གི་ལྷོ་ཕྱོགས་སུ་ཆགས་ཡོད། དེ་ནི་ངོ་མཚར་ཆེ་ཞིང་གསོན་ཉམས་ལྡན་པའི་ས་ཆ་ཞིག་ཡིན། ས་དེའི་སྟེང་དུ་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དང་། ཚང་ཚིང་དུ་འཁྲིགས་པའི་ཚ་ཁུལ་གྱི་ཆར་གནས། ད་དུང་མུ་མཐའ་མེད་པའི་ཚ་ཁུལ་གྱི་རྩྭ་ཐང་བཅས་ཡོད།

རིགས་དབྱེ།  

ཏུང་ཅིང་གྲོང་ཁྱེར།

ཏུང་ཅིང་གྲོང་ཁྱེར་ནི་ལྗར་པན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་མོ་ཞིག་ཀྱང་ཡིན། གྲོང་ཁྱེར་དེའི་སྤྱིའི་ས་རྒྱ་ལ་སྤྱི་ལེ་གྲུ་བཞི་མ2155ཡོད་པ་དང་། མི་གྲངས་ཁྲི་ཚོ1301ཡོད་པས་འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བའི་གྲོང་ཁྱེར་ཁྲོད་ཀྱི་གཅིག་ཡིན། ཏུང་ཅིང་གྲོང་ཁྱེར་དང་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར། དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་བཅས་ལ་འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་རྣམ་གསུམ་ཟེར་བ་རེད།

རིགས་དབྱེ།  

མན་ཀུའུ་གྲོང་ཁྱེར།

མན་ཀུའུ་ནི་ཐེ་གོ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། ཐེ་གོ་རྒྱལ་ཁབ་ཡོངས་ཀྱིས་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་བྱེད་པ་ཡིན་པས། མན་ཀུའུ་གྲོང་ཁྱེར་དུ་དགོན་པ་བཞི་བརྒྱ་ལྷག་མཆིས། དགོན་པ་དེ་དག་བཟོ་བཀོད་ཤིན་ཏུ་ལེགས་པས་ཉི་འོད་ཀྱི་འོག་ན་སེར་ལམ་མེར་མཆིས། མན་ཀུའུ་ཞེས་པ་ནི་གསལ་བྱེད167ཀྱི་བསྡུས་མིང་ཞིག་སྟེ། མིང་དེའི་དོན་ངོ་མ་ནི་ལྷའི་ཕོ་ཉའི་མཁར་རྫོང་དང་། རླབས་ཆེན་གྱི་གྲོང་ཁྱེར། སྟོན་པའི་གཡུ་སྐུའི་དགོན་པ། ཆགས་འཇིག་མེད་པའི་གྲོང་ཁྱེར། སྟོན་པའི་གཙུག་ཏོར། རིན་ཆེན་ལེབ་བདུན་གནང་བའི་འཛམ་གླིང་གྲོང་ཁྱེར་ཆེན་པོ། ལྷ་ལ་བརྒྱ་བྱིན་གྱིས་གནང་ཞིང་ལྷ་དབང་ཕྱུག་གིས་བཞེངས་པའི་གྲོང་ཁྱེར་ཆེན་པོ་ཞེས་པ་བཅས་ཡིན།

རིགས་དབྱེ།  

མ་ནི་ལ་གྲོང་ཁྱེར།

མ་ནི་ལ་གྲོང་ཁྱེར་ནི་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲུ་ཁའི་གྲོང་ཁྱེར་ཡིན། གྲོང་ཁྱེར་དེ་ཧྥི་ལི་ཕིན་གླིང་ཚོམ་ཁྲོད་ཀྱི་ཆེས་ཆེ་བའི་གླིང་ཕྲན་ཏེ། ལུའུ་སུང་གླིང་ཕྲན་གྱི་ཤར་ངོགས་ན་ཆགས་ཤིང་། ཁ་མ་ནི་ལ་མཚོ་ཁུགས་ལ་གཏད་ཡོད། པ་ཧྲི་གཙང་བོས་མ་ནི་ལ་གྲོང་ཁྱེར་གཡས་གཡོན་གཉིས་སུ་བཀར་འདུག མ་ནི་ལ་གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ795མཆིས་ཤིང་། ཡ་གླིང་གི་གྲོང་ཁྱེར་ཆེ་གྲས་ཡིན།

རིགས་དབྱེ།  

པ་ལི་གྲོང་ཁྱེར།

པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཏེ། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚོང་ལས་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པའང་ཡིན།

རིགས་དབྱེ།  

ལོན་ཏོན་གྲོང་ཁྱེར།

ལོན་ཏོན་གྲོང་ཁྱེར་ནི་དབྱིན་ཀི་ལན་གླིང་ཕྲན་གྱི་ཤར་ལྷོ་སྟེ་ཐའེ་ཝུའུ་ཧྲི་གཙང་བོའི་སྨད་རྒྱུད་དུ་ཆགས་ཡོད། ལོན་ཏོན་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་མ་ཟད། དབྱིན་ཇིའི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆེས་ཆེ་བའི་གྲུ་ཁ། འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་ཆེན་པོ་བཞིའི་ཡ་གྱལ་སོགས་ཀྱང་ཡིན། ལོན་ཏོན་ནི་ལོ་རྒྱུས་རིང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་གྲུ་ཟུར་རེ་རེ་ནས་ལོ་རྒྱུས་ཀྱི་གནའ་ཤུལ་གྱི་མང་བོ་མཐོང་ཐུབ། ལོ་ངོ3500ཡི་ཡར་སྔོན་དུ་ལོན་ཏོན་ས་ཁུལ་ན་མིའི་རིགས་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་དང་། ལོན་ཏོན་གྲོང་ཁྱེར་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཆགས་པ་ཡིན། ལོན་ཏོན་ནི་དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་སོགས་ཀྱི་ལྟེ་བ་ཡིན་པས། ལོན་ཏོན་གྲོང་ཁྱེར་དུ་གནའ་བོའི་མཆོད་རྟེན་དང་། སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཅིན་ཧན་ཕོ་བྲང་། བརྗིད་ཉམས་ལྡན་པའི་གྲོས་ཚོགས་ཁང་ཆེན། ལོན་ཏོན་ཟམ་པ། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་སོགས་ཡོད། བརྗིད་ཆགས་ཤིང་ཡིད་དུ་འོང་བའི་གྲོས་ཚོགས་ཁང་ཆེན་ནི་ཐའེ་ཝུའུ་ཧྲི་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་ལས་ཁང་ཡིན།

རིགས་དབྱེ།  

མ་ཏེ་རི་གྲོང་ཁྱེར།

མ་ཏེ་རི་གྲོང་ཁྱེར་ནི་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་། ཡོ་རོབ་གླིང་གི་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་གནའ་བོའི་བཟོ་བཀོད་དང་དྲན་གསོ་ཐང་ཆེན། མི་སྣ་གྲགས་ཅན་གྱི་སྐུ་བརྙན་བཅས་ཧ་ཅང་མང་། ཀི་ལོན་པིས་ཐང་ཆེན་གྱི་དཀྱིལ་དབུས་ན་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཀི་ལོན་པིས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་འདུག

རིགས་དབྱེ།  

ཝི་ཨེན་ན་གྲོང་ཁྱེར།

ཝི་ཨེན་ན་གྲོང་ཁྱེར་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆབ་སྲིད་ཀྱི་ལྟེ་བའང་ཡིན། ཝི་ཨེན་ན་གྲོང་ཁྱེར་ནི་ཏོ་ནོ་གཙང་བོའི་འགྲམ་ངོགས་སུ་ཆགས་ཡོད་ལ། ཝི་ཨེན་ན་གྲོང་ཁྱེར་ལ་འཛམ་གླིང་སྟེང་གི་རོལ་དབྱངས་གྲོང་ཁྱེར་དུ་བསྔགས་བཞིན་མཆིས་སོ།།

རིགས་དབྱེ།  

པུ་དབྱི་ནོ་སི་ཨེ་རི་སི་གྲོང་ཁྱེར།

པུ་དབྱི་ནོ་སི་ཨེ་རི་སི་གྲོང་ཁྱེར་ནི་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་ལ། སྤྱི་ལོ2007ལོར་འཛམ་གླིང་སྟེང་གི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཨང་གསུམ་པར་བདམས་བྱུང་། མི་གྲངས་ཁྲི་ཚོ1383ལྷག་ཡོད་འདུག སའི་གོ་ལའི་ལྷོ་ཕྱེད་ན་གནས་པའི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན།

རིགས་དབྱེ།  

པོ་ཀོ་ཐ་གྲོང་ཁྱེར།

པོ་ཀོ་ཐ་གྲོང་ཁྱེར་ནི་ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་སྟེ། ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ལྗོངས་རྒྱུ་བཅས་ཀྱི་ལྟེ་གནས་ཡིན། པོ་ཀོ་ཐ་གྲོང་ཁྱེར་ནི་མེ་གླིང་བྱང་མའི་ཁྱད་ཆོས་དང་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་ཞིག་ཡིན་ལ། གྲོང་ཁྱེར་དུ་གནས་པའི་གནའ་ཤུལ་གྲགས་ཅན་དག་གི་མཚན་སྙན་ནི་འཛམ་གླིང་ཡོངས་ལ་ཁྱབ་འདུག སྤྱི་ལོའི་དུས་རབས16དང་དུས་རབས17བཅས་སུ་བསྐྲུན་པའི་སློབ་གྲྭ་ཆེན་མོ་དང་བཤམས་སྟོན་ཁང། གནམ་དཔྱད་ཁང་། ཆོས་ཁང་སོགས་གནའ་བོའི་བཟོ་བཀོད་དག་དོ་དམ་བྱས་པ་ཧ་ཅང་ལེགས། པོ་ཀོ་ཐ་གྲོང་ཁྱེར་གྱི་ཡུལ་ལྗོངས་མཛེས་ཤིང་གནའ་ཤུལ་གྲགས་ཅན་མང་བར་བརྟེན་པོ་ཀོ་ཐ་གྲོང་ཁྱེར་ལ་མེ་གླིང་བྱང་མའི་ཡ་ཏེན་གྲོང་ཁྱེར་ཞེས་པའི་མཚན་སྙན་མཆིས་སོ།།

རིགས་དབྱེ།  

ཁེ་རོ་གྲོང་ཁྱེར།

ཁེ་རོ་གྲོང་ཁྱེར་ནི་ཉི་ལོ་ཆུ་བོའི་སྨད་རྒྱུད་དུ་ཆགས་འདུག གྲོང་ཁྱེར་དེར་ཧ་ལམ་སྙུང་གཟུགས་བང་སོ་བརྒྱད་ཅུ་ལྷག་གི་གནའ་ཤུལ་ཡོད། སྙུང་གཟུགས་བང་སོ་དེ་དག་ལས་གཞི་ཁྱོན་ཆེས་ཆེ་བ་ནི་རྒྱལ་པོ་ཧུའུ་ཧྥུ་ཟེར་བའི་སྙུང་གཟུགས་བང་སོ་ཡིན། སྙུང་གཟུགས་བང་སོ་དེའི་མཐོ་ཚད་ལ་སྨི146.5དང་། རྨང་མཐའ་སོ་སོའི་རིང་ཚད་ལ་སྨི230ལྷག་མཆིས་ཤིང་། རྡོ་རིང་ཁྲི་ཚོ230ལྷག་གིས་བརྩིགས་ནས་གྲུབ་པ་ཡིན། ཆ་སྙོམས་བྱས་ན་རྡོ་རིང་རེའི་ལྗིད་ཚད་ལ་ཧ་ལམ་སྟོང་ཁེ2500ཡོད། རྡོ་རིང་དང་རྡོ་རིང་གི་བར་སྲུབས་ལ་འཇིམ་པ་སོགས་ཅི་ཡང་བསྐྲུས་མེད་པར་བརྟན་པོར་བརྩིགས་འདུག རྒྱལ་པོ་ཧ་ཧྥ་ལོད་ཟེར་བའི་སྙུང་གཟུགས་བང་སོའི་མདུན་དུ་རྒྱལ་པོའི་དབང་ཆ་དང་ཟིལ་ཤུགས་མཚོན་པའི་སེང་ལུས་མི་གདོང་ཅན་གྱི་རྡོ་སྐུ་ཞིག་ཡོད།

རིགས་དབྱེ།  

ཡོ་ཧན་ནེ་སི་པོ་གྲོང་ཁྱེར།

ཡོ་ཧན་ནེ་སི་པོ་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན། གྲོང་ཁྱེར་དེ་ཤར་བྱང་གི་ཝ་ཨར་གཙང་བོའི་སྟོད་རྒྱུད་ན་ཆགས་འདུག ཡོ་ཧན་ནེ་སི་པོ་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ269ཡོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་དཔལ་འབྱོར་གྱི་ལྟེ་བ་སྟེ། ཨ་ཧྥེ་རི་ཁ་ལྷོ་ཕྱོགས་ཀྱི་ཨང་དང་བོར་བགྲང་བའི་གྲོང་ཁྱེར་ཆེན་པོ་དང་འཛམ་གླིང་སྟེང་ཆེས་ཆེ་བའི་གསེར་ནག་གི་ཐོན་ཁུངས་བཅས་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ63ཡོད་པ་དང་། མི་གྲངས་དེའི་ཕྱེད་ཀ་ནི་མི་ནག་ཁོ་ན་ཡིན། གྲོང་ཁྱེར་དེ་ལྕགས་ལམ་གྱིས་ལྷོ་བྱང་གཉིས་སུ་བགོས་འདུག ལྷོ་ཕྱོགས་ནི་བཟོ་ལས་ཀྱི་ས་ཁུལ་དང་བྱང་ཕྱོགས་ནི་གྲོང་ཁྱེར་གྱི་དཀྱིལ་དབུས་ཡིན། གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཚོང་ར་དང་སློབ་གྲྭ་ཆེན་མོ་སོགས་ཆགས་ཡོད་པར་མ་ཟད། སྲིད་གཞུང་གི་ལས་ཁུངས་དང་དངུལ་ཁང་། རླངས་འཁོར་འབབ་ཚིགས་བཅས་དེང་རབས་ཀྱི་ཁང་བརྩེགས་ཆེན་མོས་ཁེངས་འདུག དེ་ལས་མི་རྣམས་ཀྱི་མིག་དབང་འཕྲོག་པ་ནི་ཁང་བརྩེགས50ཅན་གྱི་ཁེ་ཕུའུ་ཏོན་ལྟེ་གནས་ཁང་ཆེན་ཡིན། ལྟེ་གནས་ཁང་ཆེན་དེ་ནི་ཡོ་ཧན་ནེ་སི་པོ་གྲོང་ཁྱེར་གྱི་ཆེས་ཆེ་བའི་ཚོང་ར་ཡིན། རྒྱལ་སྤྱིའི་སྟེང་གི་ཅུང་མང་བའི་གསེར་ནག་གི་ཚོང་ནི་གནས་དེ་རུ་རྒྱག་པ་རེད། གནས་དེ་ན་མི་རྣམས་ལ་ལྟད་མོ་བལྟ་སའི་གསེར་ནག་གཏེར་ཁའི་བཤམས་སྟོན་ཁང་དང་གསེར་ནག་སྤུས་དག་བཙོ་སྦྱང་བཟོ་གྲྭ་སོགས་ཡོད་པ་ཡིན་ནོ།།

རིགས་དབྱེ།  

ནེ་རོ་པི་གྲོང་ཁྱེར།

ནེ་རོ་པི་གྲོང་ཁྱེར་ནི་ཁེན་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨ་ཧྥེ་རི་ཁའི་ཆེས་ཆེ་བའི་གྲོང་ཁྱེར་གྱི་གྲས་ཡིན། མི་གྲངས་ཁྲི་ཚོ300ཙམ་མཆིས། སྤྱི་ལོ1963ལོར་ཁེན་ནི་ཡ་རྒྱལ་ཁབ་རང་བཙན་བྱས་པ་དང་། མི་གྲངས་དབྱར་མཚོ་རྒྱས་པ་ལྟར་ནེ་རོ་པི་གྲོང་ཁྱེར་དུ་འདུས་པ་ན་ནེ་རོ་པི་གྲོང་ཁྱེར་ནི་རང་ཤུགས་སུ་ཁེན་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་གྱུར་པ་རེད། ད་ལྟ་ཐ་མག་དང་ཟས་སྣ་སོགས་ལས་སྣོན་བྱེད་པ་ནི་གྲོང་ཁྱེར་དེའི་བཟོ་ལས་གཙོ་བོ་ཡིན་ལ། ལྗོངས་རྒྱུ་ལྟད་མོ་པ་འགུགས་པ་ཡང་གྲོང་ཁྱེར་དེའི་ཡོང་སྒོ་བསྐྲུན་ཐབས་ཤིག་ཏུ་གྱུར་ཡོད། ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ནི་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་རེད། གྲོང་ཁྱེར་ཡོངས་གྲིབ་བསིལ་གྱི་འོག་ཏུ་གནས་པ་ན། ཉི་འོད་འོག་གི་ལྗང་མདོག་གྲོང་ཁྱེར་ཞེས་པའི་མཚན་སྙན་ཡོད།

རིགས་དབྱེ།  

ལ་ཀོ་སི་གྲོང་ཁྱེར།

ལ་ཀོ་སི་གྲོང་ཁྱེར་ནི་ནི་ཀྲེ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་རྙིང་བ་དང་ཆེས་ཆེ་བའི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན་ལ། ནི་ཀྲེ་རི་ཡ་རྒྱལ་ཁབ་ཀྱི་ནུབ་ལྷོའི་ཅི་ནེ་ཡ་མཚོ་ཁུགས་ན་མཆིས་ཤིང་། ཨོ་ཀུང་གཙང་བོ་རྒྱ་མཚོར་འདྲེས་སའི་མདོ་ཁ་སྟེ། གླིང་ཕྲན་དྲུག་དང་སྐམ་ས་བཅས་ཀྱི་སྟེང་ན་ཆགས་འདུག གླིང་ཕྲན་ཆེ་བ་སྟེ་ལ་ཀོ་སི་གླིང་ཕྲན་ནི་གྲོང་ཁྱེར་གྱི་ལྟེ་བ་ཡིན། ཡི་སི་ཡི་གླིང་ཕྲན་དང་ཝེ་ཏོ་ལི་ཡ་གླིང་ཕྲན། སྐམ་ས་བཅས་ནི་ཟམ་ཆེན་གྱིས་ཕན་ཚུན་སྦྲེལ་འདུག གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ794ཡོད་པས། ཨ་ཧྥེ་རི་ཁ་ནུབ་མའི་ཆེས་ཆེ་བའི་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཁར་ཐུམ་གྲོང་ཁྱེར།

ཁར་ཐུམ་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁའི་བྱང་ཤར་ན་གནས་པའི་སུའུ་ཏན་རྒྱལ་ཁབ་ཀྱི་རྒྱལ་ས་དང་སུའུ་ཏན་རྒྱལ་ཁབ་ཀྱི་རིག་གནས་དཔལ་འབྱོར་གྱི་ལྟེ་བ་ཡིན། ཁར་ཐུམ་གྲོང་ཁྱེར་ནི་ནེ་ལོ་གཙང་བོ་སྔོ་རིང་དང་ནེ་ལོ་གཙང་བོ་སྐྱ་རིང་གཉིས་ཀྱི་གཡས་གཡོན་བར་གསུམ་ན་གནས་པའི་གྲོང་ཁྱེར་གསུམ་གྱིས་གྲུབ་པ་ཞིག་དང་། ཁར་ཐུམ་གྲོང་ཁྱེར་ནི་ནེ་ལོ་གཙང་བོ་སྔོ་རིང་དང་ནེ་ལོ་གཙང་བོ་སྐྱ་རིང་སྟེང་གི་ཟམ་ཆེན་གཉིས་ཀྱིས་དམ་པོར་སྦྲེལ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཨ་རབ་ཀྱི་སྐད་དུ་ཁར་ཐུམ་ཞེས་པ་ནི་གླང་ཆེན་གྱི་སྣ་ཞགས་ཞེས་པའི་དོན་ཡིན། ཁར་ཐུམ་གྲོང་ཁྱེར་ནི་ཏན་ཏན་གཙང་བོ་དེ་གཉིས་ཀྱི་གཡས་གཡོན་བར་གསུམ་ན་གནས་ཤིང་། གཙང་བོ་དེ་གཉིས་ཀྱི་འདུས་མདོ་ནི་དངོས་གནས་གླང་ཆེན་སྣ་ཞགས་ཀྱི་དབྱིབས་ཚུགས་དང་ཀུན་ནས་མཚུངས་འདུག

རིགས་དབྱེ།  

ཨ་པིས་རངས་གྲོང་ཁྱེར།

ཨ་པིས་རངས་གྲོང་ཁྱེར་ནི་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་དཔལ་འབྱོར་ཐད་ཀྱི་རྒྱལ་ས་ཡིན། ཨ་པིས་རངས་གྲོང་ཁྱེར་ནི་ཨེ་པུའུ་ལི་ཡེ་མཚེའུ་ཡི་འགྲམ་རྒྱུད་དང་གླིང་ཕྲན་འགའི་སྟེང་ན་ཆགས་འདུག གླིང་ཕྲན་དང་གླིང་ཕྲན། སྐམ་ས་བཅས་ཀྱི་བར་དུ་ཟམ་པ་དང་ལྕགས་ལམ་འཕངས་འདུག ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་གྲུ་ཁའི་གྲོང་ཁྱེར་ཏེ་ཨ་པིས་རངས་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་ནུབ་མའི་དངུལ་རྩ་དང་ཚོང་ལས་ཀྱི་ལྟེ་བ་ཡིན། གྲོང་ཁྱེར་དེ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པས་ན། ཨ་ཧྥེ་རི་ཁ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་ལྗོངས་རྒྱུ་ལྟེ་གནས་ཡིན།

རིགས་དབྱེ།  

ཁན་པེ་ར་གྲོང་ཁྱེར།

ཁན་པེ་ར་གྲོང་ཁྱེར་ནི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཤར་ལྷོ་སྟེ་ཨོ་སི་ཁྲུ་ལི་ཡའི་རི་རྒྱུད་ཀྱི་ལུང་གཞུང་ཡངས་ས་ཞིག་ཏུ་ཆགས་ཡོད། ཁན་པེ་ར་ཞེས་པ་ནི་འདུས་མདོའམ་འདུ་ར་ཞེས་པའི་དོན་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ37ལྷག་མཆིས། ཀི་ལང་ཀི་ལོ་ཆུ་བོ་གྲོང་ཁྱེར་བརྒྱུད་དེ་ནུབ་ཏུ་མ་ལན་པིས་ཅི་ཆུ་བོར་བཞུར་བཞིན་ཡོད། སྔོན་ཆད་ས་ཆ་དེ་ནི་ལུག་འཚོ་སའི་འབྲོག་ས་ཞིག་ཡིན། སྤྱི་ལོ1913ལོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱིས་རྒྱལ་ས་ཇུས་འགོད་འཛུགས་སྐྲུན་བྱ་མགོ་བརྩམས་པ་དང་། སྤྱི་ལོ1927ལོར་མཉམ་འབྲེལ་སྲིད་གཞུང་ཁན་པེ་ར་གྲོང་ཁྱེར་དུ་གནས་སྤར་བ་ནས་བཟུང་ཁན་པེ་ར་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ཆབ་སྲིད་ལྟེ་གནས་སུ་གྱུར།

རིགས་དབྱེ།  

ཞི་ཉི་གྲོང་ཁྱེར།

ཞི་ཉི་གྲོང་ཁྱེར་ནི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ནན་ཝེ་ཨར་ཁུལ་སོ་མའི་ཁུལ་སྲིད་གཞུང་ཆགས་ས་སྟེ། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་གྲུ་ཁ་ཡིན་ལ། ཐ་སི་མན་རྒྱ་མཚོ་སྐམ་སར་སྤྱི་ལེ20བསྲིངས་ཡོད་པའི་ཁུགས་སོའི་གཡས་གཡོན་ན་ཆགས་ཤིང་། སྨི1150ཅན་གྱི་ལྕགས་ལམ་གྱིས་མཚོ་ཁུགས་གཡས་གཡོན་གྱི་སྐམ་ས་གཞི་གཅིག་ཏུ་སྦྲེལ་འདུག གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ4200ལྷག་མཆིས། ཞི་ཉི་རུ་སྡོད་དམངས་ཡོད་པ་ནས་ད་རག་བར་དུ་ལོ་ངོ་ཁྲི་ཚོ3གྱི་ལོ་རྒྱུས་ཡོད་པ་དང་། སྤྱི་ལོ1787ལོར་དབྱིན་ཇིའི་གྲུ་དཔུང་དང་བོ་གནས་དེར་སླེབས་དུས་ཞི་ཉི་ན་སྡོད་དམངས4000ནས8000ཡོད་པ་རེད། དུས་ཀྱི་དབང་གིས་སྡོད་དམངས་དེ་དག་གི་རིག་གནས་ཉམས་སོང་ནའང་ས་ཆ་འགའ་ཞིག་ཏུ་རྡོ་བརྐོས་རི་མོའི་གནའ་ཤུལ་ད་དུང་ལུས་འདུག་གོ།།

རིགས་དབྱེ།  

ཝེ་ལིང་ཐོན་གྲོང་ཁྱེར།

ཝེ་ལིང་ཐོན་གྲོང་ཁྱེར་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་རྒྱལ་ས་དང་གྲུ་ཁ། ཚོང་ལས་ལྟེ་བ་བཅས་ཡིན་པར་མ་ཟད། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཆབ་སྲིད་ལྟེ་གནས་དང་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ། རྒྱ་མཚོ་ཆེན་པོ་གླིང་གི་རྒྱལ་ཁབ་དག་ལས་མི་གྲངས་ཆེས་མང་བའི་གྲོང་ཁྱེར་བཅས་ཡིན། ཝེ་ལིང་ཐོན་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་བྱང་ཕྱོགས་གླིང་ཕྲན་གྱི་ཆེས་ལྷོ་མཐའ་ན་ཆགས་ཤིང་། ཕྱོགས་གསུམ་རི་ཚོགས་ཀྱིས་བསྐོར་ཅིང་ཁ་རྒྱ་མཚོར་གཏད་དེ་པང་དུ་ཉི་ཁིར་ཞོན་རང་བྱུང་གྲུ་ཁ་དམ་དུ་འཁྱུད་འདུག མིག་ལམ་དུ་མུ་ནས་མུ་འབྲེལ་བའི་རི་ཚོགས་ནི་ལྗང་ནེར་མེ་དང་། མཐའ་མི་མངོན་པའི་ནམ་མཁའ་དང་རྒྱ་མཚོ་ནི་སྔོ་ཤིགས་སེ་མི་ལ་སྨྲ་མི་ཤེས་པའི་མཛེས་སྣང་ཞིག་སྟེར་བ་རེད། ཝེ་ལིང་ཐོན་གྲོང་ཁྱེར་ནི་ཞི་ཉི་གྲོང་ཁྱེར་དང་མོ་ཨར་པུན་གྲོང་ཁྱེར་དང་མཚུངས་པར་རྒྱ་མཚོ་ཆེན་པོའི་གླིང་གི་རིག་གནས་ཀྱི་ལྟེ་བ་ཡིན།

རིགས་དབྱེ།  

ཁུ་ཆིའུ་ཡ་སྐད།

ཁུ་ཆིའུ་ཡ་སྐད་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་སྔར་ཡོད་ཀྱི་ཡུལ་མིའི་སྐད་ཆ་ཡིན། ཁུ་ཆིའུ་ཡ་སྐད་ཀྱིས་རང་ཉིད་ཀྱི་སྐད་ཆ་ལRuna Simiཟེར་ཞིང་། runaཞེས་པ་ནི“མི”ཡི་དོན་ཡིན་ལ། simiཞེས་པ་ནི“སྐད”ཀྱི་དོན་ཡིན།

རིགས་དབྱེ།  

ཁ་ཐར།

ཁ་ཐར་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.1437ལྷག་ཡོད་པ་དང་མི་གྲངས་ཁྲི62མཆིས་ལ། རྒྱལ་ས་ནི་དྷོ་ཧ་ཡིན། སྲིད་འཛིན་ས་ཁུལ་ལ་མཁར་གྲོང་ཆེན་པོ་དྲུག་ཏུ་དབྱེ་ཡོད།

རིགས་དབྱེ།  

པོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ།

པོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་ནི་པོ་ལོ་ཏི་རྒྱ་མཚོའི་འགྲམ་ངོགས་སུ་གནས་པའི་ཨེ་སོ་ཉི་ཡ་དང་། ལ་ཐེ་ཝེ་ཡ། ལི་ཐུ་ཝན་བཅས་ཡིན་ཞིང་། རྒྱལ་ཁབ་དེ་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི17.40ཡོད་པའི་ནང་ལི་ཐུ་ཝན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.52ང་། ལ་ཐེ་ཝེ་ཡ་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.37 ཨེ་སོ་ནི་ཡར་སྤྱི་ལེ་གྲུ་བཞི་མ་ཁྲི4.51བཅས་ཡོད།

རིགས་དབྱེ།  

ལ་ཐེ་ཝེ་ཡའི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ཞིང་། རང་བཙན་བྱས་རྗེས་རྒྱལ་ཁབ་ཀྱི་ཚབ་རྟགས་ནིLVཡིན། རྒྱལ་མིང་གི་དོན་འགྲེལ་ནི་མི་རིགས་ཀྱི་སྐད་ལས་བྱུང་བ་སྟེ“གོ་ཁྲབ”དང“ལྕགས་རིགས་ཀྱིས་བཟོས་པའི་གྱོན་ཆས”ཞེས་པའི་དོན་ཡིན།

རིགས་དབྱེ།  

ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡུས་མིང་ལ་ལི་ཐུ་ཝན་ཟེར། སྤྱི་ལོ1944ལོར་སུའུ་ལེན་གྱི་དམག་དཔུང་ལི་ཐུ་ཝན་དུ་སླེབས་པ་དང་། ལི་ཐུ་ཝན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་མ་ཟད་སུའུ་ལེན་དུ་ཞུགས།

རིགས་དབྱེ།  

ཨར་མེ་ཉི་ཡའི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་ལ། སྤྱི་ལོ1918ལོའི་ཟླ5བའི་ཚེས28ཉིན། ཏ་ཧྲི་ན་ཁི་ཁྲུའུ་ཆུང་ཏང་གིས་མགོ་ཁྲིད་དེ་ཨར་མེ་ཉི་ཡའི་སྤྱི་མཐུན་རྒྱལ་ཁབ་དང་པོ་བཙུགས།

རིགས་དབྱེ།  

ཨ་ཟེར་བྷེ་ཇན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

བསྡུས་མིང་ལ་ཨ་ཟེར་བྷེ་ཇན་ཟེར་ཞིང་། སྤྱི་ལོ1917ལོའི་ཟླ11པར་སུའུ་ཝེ་ཨེད་སྲིད་དབང་སྟེ་པཱ་ཁུའུ་ཀུང་ཧྲེ་བཙུགས། སྤྱི་ལོ1918ལོའི་ཟླ5བའི་ཚེས28ཉིན་ཨ་ཟེར་བྷེ་ཇན་གྱི་འབྱོར་ལྡན་གྲལ་རིམ་གྱིས་ཨ་ཟེར་བྷེ་ཇན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས།

རིགས་དབྱེ།  

ཨེ་ཤ་ཡ་དབུས་མ།

དེ་ནི་ཨེ་ཤ་ཡའི་དབུས་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་ལ་ཟེར་ཞིང་། སྒྲ་དོག་འཇུག་གི་གོ་དོན་ལ་སྤྱིར་བཏང་དུ“ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ”ལས་མེད་དེ།“ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”ཞེས་པ་ནི་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཏུར་ཁུའུ་མེན་སི་ཐན་བཅས་ལ་གོ།

རིགས་དབྱེ།