གཏན་ཚིགས་རིག་པ།

སྤྱིར་གཏན་ཚིགས་རིག་པ་ཞེས་པ་ནི་རྒྱུ་མཚན་རིག་པ་ཞེས་པའི་དོན་ཡིན་ལ། དེང་དུས་འཛམ་གླིང་དུ་ཡོངས་སུ་གྲགས་པའི་གཏན་ཚིགས་རིག་པ་ནི་རྣམ་གསུམ་ཡོད་དེ། རྒྱ་གར་འཕགས་པའི་ཡུལ་དུ་དར་པའི་རྟོག་གེའི་གཞུང་དང་། ཞི་ལཱ་ཡི་མཚན་ཉིད་པ་ཡ་ལི་སི་ཏོ་ཏེ་ཡིས་སྤེལ་བའི་ཕྱི་ཚུལ་གཏན་ཚིགས་དང་། རྒྱ་ནག་གི་ཡུལ་དུ་བྱུང་བའི་ཐ་སྙད་རྩོད་སྒྲུབ་རིག་པ་དང་གསུམ་ཡོད་ཅིང་། དེ་གསུམ་ལ་འཛམ་གླིང་གི་གཏན་ཚིགས་ཆེན་པོ་རྣམ་གསུམ་ཞེས་པར་གྲགས། འདིར་སྐབས་བབ་ཀྱི་བརྗོད་བྱ་ནི་བོད་ཡུལ་དུ་དར་བའི་གཏན་ཚིགས་རིག་པ་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་གནའ་སྔ་མོ་ནས་དར་བའི་རྟོག་གེའི་གཞུང་ངམ། རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པའི་གཏན་ཚིགས་རིག་པ་དེ་ཡིན་ནོ། །

རིགས་དབྱེ།  

ཚད་མ་རིག་པ།

སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔའི་ནང་ཚན་ཞིག་སྟེ། འགྲོ་བ་མིའི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ། ལྟ་ངན་གྱི་དྲི་མ་འཁྲུད་པའི་ཆུ་རྒྱུན། ཕ་རོལ་པོའི་རྒོལ་ངན་འཇོམས་པའི་གོ་མཚོན། མཁས་པའི་གོ་འཕང་དོན་གཉེར་གྱི་སྐྱེ་བོའི་གཙུག་གི་མཛེས་རྒྱན་ལྟ་བུར་གྱུར་པ་ལྟ་བུ་མདོར་ན་དོན་གྱི་འཁྲུལ་བ་ཚར་གཅོད་པར་བྱེད་པའི་རིག་གཞུང་རྨད་དུ་བྱུང་བ་ཞིག་གོ །

རིགས་དབྱེ།  

རིགས་སྒོ།

སློབ་དཔོན་ཕྱོགས་གླང་གི་གོང་རོལ་དུ་བྱེ་བྲག་པ་དང་། རིགས་པ་ཅན་པ། གྲངས་ཅན་ལ་སོགས་པའི་གཏན་ཚིགས་རིག་པ་རྩལ་དུ་བཏོན་ནས་ཚད་གཞུང་རང་བཙན་པ་བྱུང་ཡོད་ཀྱང་། གང་ཟག་གི་བདག་མེད་དང་བདེན་པ་བཞི་བརྗོད་བྱར་བྱས་པའི་ནང་རིག་པར་གྱུར་པའི་ཚད་མའི་བསྟན་བཅོས་རང་བཙན་པ་ནི་སློབ་དཔོན་ཕྱོགས་གླང་གི་དུས་ནས་བྱུང་བར་མངོན་ཏེ། རིགས་སྒོ་ཞེས་བྱ་བའི་བསྟན་བཅོས་འདིའང་སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་དུ་མའི་གྲས་གཅིག་ཡིན་ནོ། །

རིགས་དབྱེ།  

ཚད་མ་ཀུན་བཏུས།

ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྩམས་པའི་རྟོག་གེའི་ཚིག་དོན་བརྒྱད་དང་ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པ་སྟེ། མངོན་སུམ་གྱི་ལེའུ་དང་། རང་དོན་གྱི་ལེའུ་དང་། སེལ་བ་བརྟག་པ་དང་། གཞན་དོན་གྱི་ལེའུ་དང་། དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་བཅས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མའི་གཞུང་ཞིག་གོ །

རིགས་དབྱེ།  

ཚད་མ་རྣམ་འགྲེལ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དུ་གྲགས་པ་དེའི་གྲས་ཤིག་སྟེ། རང་དོན་རྗེས་དཔག་གི་ལེའུ་དང་། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ་བཅས་ཁྱོན་ལེའུ་བརྒྱད་ཀྱིས་གྲུབ་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཞེས་བྱ་བ་དེའོ།།

རིགས་དབྱེ།  

ཚད་མ་རྣམ་ངེས།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དུ་གྲགས་པ་དེའི་གྲས་ཤིག་སྟེ། དབང་པོ་འབྲིང་དུ་སྟོན་པ་ལེའུ་དང་བོ་མངོན་སུམ་ལེའུ་དང་། གཉིས་པ་རང་དོན་རྗེས་དཔག་ལེའུ་དང་། གསུམ་པ་གཞན་དོན་རྗེས་དཔག་ལེའུ་བཅས་ལེའུ་གསུམ་དུ་འདུ་བའི་ཚད་མ་རྣམ་ངེས་ཞེས་འབོད་པ་དེའོ།།

རིགས་དབྱེ།  

ཚད་མ་རིགས་ཐིགས།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དུ་གྲགས་པ་དེའི་གྲས་ཤིག་སྟེ། དབང་པོ་རྟུལ་བོའི་བློ་ཁར་འཚམ་པའི་བསྡུས་པ་ཚད་མ་རྣམ་ངེས་ཞེས་འབོད་པ་དེའོ།།

རིགས་དབྱེ།  

གཏན་ཚིགས་ཐིགས་པ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་གྲགས་པ་དེའི་གྲས་ཤིག་སྟེ། རྣམ་འགྲེལ་གྱི་ལེའུ་དང་པོ་ལས་འཕྲོས་ཏེ་ཕྱོགས་ཆོས་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་ཞེས་པ་དེའོ།།

རིགས་དབྱེ།  

རྩོད་པའི་རིགས་པ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་གྲགས་པ་དེའི་གྲས་ཤིག་སྟེ། རྣམ་འགྲེལ་ལེའུ་བཞི་པ་ལས་འཕྲོས་པ་སྔ་རྒོལ་ཕྱི་རྒོལ་རྩོད་པ་དང་རྒྱལ་ཕམ་ཚར་གཅོད་ཀྱི་གནས་སྟོན་པ་རྩོད་པ་རིགས་པ་ཞེས་བྱ་བ་དེའོ།།

རིགས་དབྱེ།  

འབྲེལ་བ་བརྟག་པ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་གྲགས་པ་དེའི་གྲས་ཤིག་སྟེ། རྟོགས་དཀའ་བ་ཁྱབ་པའམ་ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་ཕབ་འབེབས་པ་འབྲེལ་བ་བརྟག་པ་ཞེས་བྱ་བ་དེའོ།།

རིགས་དབྱེ།  

རྒྱུད་གཞན་གྲུབ་པ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་གྲགས་པ་དེའི་གྲས་ཤིག་སྟེ། རྣམ་འགྲེལ་ལེའུ་གཉིས་པ་མངོན་སུམ་ལེའུ་ལས་གཟུགས་སོགས་རྣམ་རིག་ཙམ་དུ་གཏན་ལ་ཕབ་པས། དེ་ལྟར་སྒྲུབ་ངག་འགོད་ཡུལ་གྱི་གཞན་རྒྱུད་ཇི་ལྟར་འཐད་ཅེས་པའི་ཀླན་ཀ་བསལ་ཏེ་སྣང་ཁམས་ཤེས་པ་ལས་རྫས་གཞན་པའི་གཟུགས་སོགས་ཀྱང་རྒོལ་བ་རང་ཉིད་ལས་རྒྱུད་གཞན་པའི་གང་ཟད་འཐད་པར་སྟོན་པའི་རྒྱུད་གཞན་སྒྲུབ་པ་ཞེས་བྱ་བ་དེའོ།།

རིགས་དབྱེ།  

བསྡུས་གྲྭ།

ཕྱྭ་པ་ཆོས་ཀྱི་སེང་གེས་གསང་ཕུའི་གདན་ས་རུ་གསུང་རབ་སྤྱིའི་དགོངས་འགྲེལ་སྡེ་བདུན་དང་བཅས་པར་སྔོནན་ན་མེད་པའི་སློབ་གཉེར་བྱེད་ས་ཞིག་བཙུགས་པ་དེའོ། །

རིགས་དབྱེ།  

ཤེས་བྱ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་ཡོད་པ་གང་ཡིན་པ་ཐམས་ཅད་བློས་རྟོགས་རྒྱུ་ཡོད་པ་ཞིག་ལ་ཟེར།

རིགས་དབྱེ།  

ཡོད་པ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་བློ་ཡང་དག་པས་དམིགས་ཡུལ་དུ་བྱས་ནས་རྟོགས་རྒྱུ་ཡོད་པ་ཞིག་ལ་ཟེར།

རིགས་དབྱེ།  

གཞི་གྲུབ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་ཚད་མ་སྟེ་ཤེས་པ་ཡང་དག་པས་རྟོགས་རྒྱུ་ཡོད་པ་ཞིག་ལ་ཟེར།

རིགས་དབྱེ།  

གཞལ་བྱ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་ཆོས་གང་ཡིན་ཡང་བློ་ཡང་དག་པས་རྟོགས་པར་བྱ་བའམ་གཞལ་བར་བྱ་བ་ཡིན་པས་དེ་ལྟར་ཟེར།

རིགས་དབྱེ།  

ཆོས།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་རང་རང་གི་སྤྱིའི་ངོ་བོ་དང་ཁྱད་པར་མི་གཏོང་བར་འཛིན་པར་བྱེད་པ་ཞིག་ལ་ཟེར།

རིགས་དབྱེ།  

དམིགས་པ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་ཆོས་གང་དང་གང་ཡིན་ཡང་དེ་དག་ལ་ལོག་རྟོག་གིས་སྒྲོ་ཇི་སྙེད་བཏགས་པ་དེ་དག་བློ་ཚད་མས་རྟག་པའི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཅིག་ལ་ཟེར།

རིགས་དབྱེ།  

ཆོས།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་རང་རང་གི་སྤྱིའི་ངོ་བོ་དང་ཁྱད་པར་མི་གཏོང་བར་འཛིན་པར་བྱེད་པ་ཞིག་ལ་ཟེར།

རིགས་དབྱེ།  

རྟག་འཛིན་སེམས།

རང་ཉིད་སྒྲ་བྱས་པ་དང་། བྱས་ན་མི་རྟག་པའི་ཁྱབ་པ་གང་རུང་ལ་མི་བསླུ་བ་ཡང་ཡིན། རང་གིས་རྒྱུ་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རིག་པ་དེ། རང་ཉིད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟགས་པར་སྒྲུབ་པའི་རྟག་འཛིན་སེམས་སོ།།

རིགས་དབྱེ།  

རྟག་པ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་སྐད་ཅིག་ལ་འགྱུར་བ་འགྲོ་བ་ཆོས་དག་མ་ཡིན་པར་ནམ་མཁའ་ལྟ་བུ་འགྱུར་མེད་རྟག་པར་གནས་པའི་ཆོས་དག་ལ་ཟེར།

རིགས་དབྱེ།  

དངོས་པོ།

ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། ཀ་བུམ་སོགས་གདུང་འདེགས་དང་ཆུ་སྐྱོར་ནུས་པ་ལྟ་བུ་རང་རང་གིས་དོན་བྱེད་ཐུབ་པ་ཞིག་ལ་ཟེར།

རིགས་དབྱེ།  

ཚད་མ་སྡེ་བདུན།

རྒྱ་གར་གྱི་ཚད་མ་རིག་པའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་ཕྱོགས་གླང་གི་ཚད་མ་ཀུན་བཏུས་ལ་འགྲེལ་བ་མཛད་པའི་ཚད་མའི་བསྟན་བཅོས་བརྒྱད་ལ་ཟེར།

རིགས་དབྱེ།  

རྐྱེན་བཞི།

སངས་རྒྱས་ཆོས་ལུགས་ཀྱི་ཚད་མ་རིག་པའི་ཐོག་བཤད་སྲོལ་ལ། རྐྱེན་ལ་ནང་གསེས་ཕྱེ་ན་བཞི་ཡོད་སྟེ། རྒྱུ་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། བདག་པོའི་རྐྱེན་བཅས་སོ། །

རིགས་དབྱེ།  

ཚད་མ།

སྤྱིར་བཏང་ལ་ཚད་མའི་དོན་ནི་སླུ་བ་མེད་པའམ་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་ཞིང་། དེ་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་བསམ་བློ་དེ་ཡང་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན། སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན།

རིགས་དབྱེ།  

ནང་གི་གཟུགས།

འཇམ་རྩུབ་སོགས་ཀྱི་ཕན་གནོད་བཏང་བས་དབང་བོ་ལ་བདེ་སྡུག་བར་མའི་ཚོར་བ་སོགས་འཕེལ་འགྲིབ་འགྲོ་རྒྱུ་ཡོད་པའི་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་སུ་གྱུར་པ་ཞིག་ལ་གོ

རིགས་དབྱེ།  

མིག་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། མིག་དབང་གི་མཚན་ཉིད།

རིགས་དབྱེ།  

རྣ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་རྣ་ཤེས་གནས་སའི་དབང་རྟེན་ནང་དུ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་གཟུགས་དྭངས་པ་དེ་ལ་ཟེར།

རིགས་དབྱེ།  

སྣ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་སྣ་ཤེས་གནས་སའི་དབང་རྟེན་སྣའི་གདོང་རྒྱུད་གཉིས་ན་ཟངས་ཁབ་གཤིབ་པ་ལྟ་བའི་གཟུགས་དྭངས་པ་དེ་ལ་ཟེར།

རིགས་དབྱེ།  

ལྕེ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་ལྕེ་ཤེས་གནས་སའི་དབང་རྟེན་གྱི་སྟེང་ཕྱོགས་ཀྱི་ནང་དུ་ཟླ་ཕྱེད་གཉིས་གཤིབ་པ་ལྟ་བུའི་གཟུགས་དྭངས་པ་དེ་ལ་ཟེར།

རིགས་དབྱེ།