ཡོངས་འཛིན་རིག་མཛོད། >རིག་གནས། >ཚད་མ་རིག་པ།

པོ་ལཱ་ཐུའུ་ཡི་གྲུབ་མཐའ།

གྲུབ་མཐའ་འདི་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིར་དར་བའི་པོ་ལཱ་ཐུའུ་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན།

རིགས་དབྱེ།  

ཀུན་གཞི་ཁོ་ན་སྨྲ་བ།

ཀུན་གཞི་ཁོ་ན་སྨྲ་བ་ནི་དེང་རབས་ནུབ་ཕྱོགས་ཀྱི་མི་ལྟེ་བར་འཛིན་པའི་ཤེར་རྟོགས་རིག་པ་གསར་འབྱེད་བྱེད་པའི་གྲུབ་མཐའ་ཞིག་ཡིན་པ་དང་། ཀུན་གཞི་ཁོ་ན་སྨྲ་བའི་མིང་གཞན་ལ་ཀུན་གཞི་རིང་ལུགས་ཀྱང་ཟེར། གཙོ་བོར་ཀུན་གཞི་ཉིད་རྗེས་དཔག་ལས་མཐོ་བར་འདོད་པ་དང་། དེ་ནི་འཇིག་རྟེན་གྱི་གཟུགས་ཉིད་དང་ཡང་ན་ངོ་བོར་འདོད་པའི་སེམས་གཙོ་སྨྲ་བ་དང་རྗེས་དཔག་མེད་པར་སྨྲ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད། སྟུན་སེ་སེ་ཁོའོ་ཐོའུ་ནས་མགོ་བརྩམས་ཏེ་ཀུན་གཞི་ཁོ་ན་སྨྲ་བ་དར་བ་དང་། དེའི་འཕྲོར་ཁང་ཐ་དང་ཧྥེ་ཆི་ཐས་དར་སྤེལ་བྱས་པ་དང་། ཞོལ་པེན་ཧོར་གྱི་དུས་སུ་འཚོ་བའི་ཀུན་གཞི་དང་། ནེ་ཁྲེའི་དབང་ཐང་གི་ཀུན་གཞི་འདོད་ཚུལ་སོགས་ནི་ཀུན་གཞི་ཁོ་ན་སྨྲ་བའི་ལྟ་བ་གཙོ་བོར་མཚོན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ནོ། །

རིགས་དབྱེ།  

ཁང་ཐའི་རིང་ལུགས་གསར་མ།

ཁང་ཐའི་རིང་ལུགས་གསར་མ་ནི་མ་རྩ་རིང་ལུགས་ཀྱི་ཤེར་རྟོགས་རིག་པའི་གྲུབ་མཐའ་རྒྱུགས་ཆེ་བ་ཞིག་ཡིན་པ་དང་། དུས་རབས་བཅུ་བདུན་པའི་དུས་མཇུག་དང་དུས་རབས་ཉི་ཤུ་བའི་དུས་མགོར་འཇར་མན་དང་ཨུ་རུ་སུར་དར་ཁྱབ་ཆེ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད།

རིགས་དབྱེ།  

གཞན་གཅེས་རིང་ལུགས།

གཞན་གཅེས་རིང་ལུགས་ནི་མི་ཆོས་རིག་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། གཞན་གཅེས་རིང་ལུགས་ཞེས་པའི་ཐ་སྙད་འདི་ནི་ཧྥ་རན་སིའི་ཁོམ་ཐས་སྲོལ་བཏོད་པ་དང་རྗེས་སུ་དབྱིན་ཇིའི་མ་རྩ་རིང་ལུགས་ཀྱི་མི་ཆོས་རིག་པ་བས་མི་ཆོས་རིག་པའི་གཞུང་ལུགས་སུ་བེད་སྤྱད་པ་རེད།

རིགས་དབྱེ།  

གཞི་གྲུབ་སྨྲ་བ།

གཞི་གྲུབ་སྨྲ་བའི་མིང་གཞན་ལ་འཚོ་གནས་སྨྲ་བ་དང་དངོས་གནས་སྨྲ་བ་སོགས་ཀྱང་ཟེར་བ་ཡིན་ཞིང་། དེང་རབས་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པའི་ཁྲོད་དུ་དར་རྒྱས་ཆེ་བའི་གྲུབ་མཐའི་རིགས་ཤིག་ཡིན།

རིགས་དབྱེ།  

གཞོན་ནུ་ཧེ་ཀེར་གྲུབ་མཐའ།

གཞོན་ནུ་ཧེ་ཀེར་གྲུབ་མཐའི་མིང་གཞན་ལ་ཧེ་ཀེར་གཡོན་ཕྱོགས་སྨྲ་བའི་གྲུབ་མཐའ་ཡང་ཟེར་ཞིང་། དེ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་བའི་ནང་དར་བའི་གཡོན་ཕྱོགས་པའི་བསམ་བློའི་ཚོགས་པ་ཞིག་སྟེ་འཇར་མན་མ་རྩ་རིང་ལུགས་ཀྱི་དྲག་བསྐྱོད་ཕྱོགས་ཁག་གི་བསམ་བློའི་འཐུས་ཚབ་ཀྱང་རེད་འདུག

རིགས་དབྱེ།  

གསར་གཏོད་འཕེལ་འགྱུར་སྨྲ་བ།

པོ་གི་སིན་གྱི་འཕེལ་འགྱུར་སྨྲ་བར་ཚེ་སྲོག་འཕེལ་འགྱུར་སྨྲ་བ་ཞེས་བོས་ན་འོས་ཤིང་། འཕེལ་འགྱུར་གྱི་སྒུལ་ཤུགས་ནི་ཚེ་སྲོག་གི་ངར་ཤུགས་ཡིན་པར་བཤད་པ་ནི་བདེན་པ་ཡིན་མོད། ཡིན་ཡང་འདི་ལྟ་བུའི་ངར་ཤུགས་ནི་རྙོག་འཛིང་ཆེ་བའི་དངོས་པོའི་ཁོར་ཡུག་ཏུ་འཕེལ་འགྱུར་བྱུང་བ་ཞིག་ཡིན།

རིགས་དབྱེ།  

གྲུབ་ཆ་སྨྲ་བ།

གྲུབ་ཆ་སྨྲ་བ་ནི་མ་ལག་སྟེ་ཁྱད་པར་དུ་སྐྱེ་དངོས་མ་ལག་གིས་རང་སྒྲིག་སྨྲ་བའི་གྲུབ་ཆ་དང་བྱེད་ནུས་དེ་ཕན་ཚུན་འགྱུར་ལྡོག་བྱུང་བའི་འབྲེལ་བའི་མ་ལག་གི་གཞུང་ལུགས་དང་། རང་བྱུང་མ་ལག་དང་མིས་བཟོས་མ་ལག་གི་དབྱེ་ཞིབ་དང་ཕྱོགས་བསྡུས། སྒྲིག་འགོད་དང་གྲུབ་ཚུལ་གཞུང་ལུགས་ཀྱི་རྨང་གཞི་ཡིན།

རིགས་དབྱེ།  

ཐེ་ཚོམ་སྨྲ་བ།

ཐེ་ཚོམ་སྨྲ་བ་ནི་ཕྱི་དོན་འཇིག་རྟེན་དང་ཕྱི་དོན་གནས་ལུགས་དོན་དམ་པར་ཡོད་མེད་དང་། ངོས་འཛིན་བྱ་ཐུབ་མིན་མཚོན་པའི་ཐེ་ཚོམ་གྱི་འདུ་ཤེས་སྤྱད་དེ་གནད་དོན་གང་ལ་ཞིབ་འཇུག་བྱེད་པའི་ཤེར་རྟོགས་རིག་པའི་བཤད་ཚུལ་ཞིག་རེད།

རིགས་དབྱེ།  

དབུ་མ་རྒྱུ་གཅིག་སྨྲ་བ།

དབུ་མ་རྒྱུ་གཅིག་སྨྲ་བས་འཇིག་རྟེན་འབྱུང་ཁུངས་ཐད་ཀྱི་སེམས་གཙོ་རིང་ལུགས་ནི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན། དབུ་མ་རྒྱུ་གཅིག་སྨྲ་བས་འཇིག་རྟེན་འབྱུང་ཁུངས་ཐད་ཀྱི་སེམས་གཙོ་རིང་ལུགས་ནི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན།

རིགས་དབྱེ།  

ཉམས་མྱོང་སྨྲ་བའི་གྲུབ་མཐའ།

ཉམས་མྱོང་ཉིད་ཕྱི་རོལ་འཇིག་རྟེན་ནས་འོང་བར་འདོད་པ་མ་ཟད་ཕྱི་རོལ་འཇིག་རྟེན་ནི་ཚོར་བ་དང་ཡང་ན་སྣང་བརྙན་གྱི་སྡོམ་ཚིག་ཏུ་འདོད་པའི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཞིག་ཡིན།

རིགས་དབྱེ།  

པོ་ལ་ཐུའི་རིང་ལུགས་གསར་མ།

པོ་ལ་ཐུའི་རིང་ལུགས་གསར་མ་གནའ་རབས་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་མཉམ་གཅིག་ཏུ་བསྡུས་ཏེ་རྟོགས་དཀའ་བ་དང་ཟབ་མོའི་གཞུང་ལུགས་སུ་བསྒྱུར་བ་ཞིག་རེད།

རིགས་དབྱེ།  

པི་དཱ་གི་ལ་སིའི་གྲུབ་མཐའ།

པི་དཱ་གི་ལ་སིའི་གྲུབ་མཐའ་ནི་གནའ་རབས་ཀེ་རེ་སིའི་པི་དཱ་གི་ལ་སིས་སྲོལ་བཏོད་པའི་གྲུབ་མཐའ་ཞིག་སྟེ་མིང་གཞན་ལ་ལྷ་ཨེ་ཊ་ལིའི་གྲུབ་མཐའ་ཡང་ཟེར་ཞིང་། དེ་ནི་རིག་རྩལ་བསྐྱར་དར་བར་དུ་མ་ཉམས་པར་ཡོང་བའི་ནུབ་ཕྱོགས་ཀྱི་གནའ་བོའི་ཤེར་རྟོགས་རིག་པའི་གྲུབ་མཐའ་གཙོ་གྲས་ཤིག་རེད།

རིགས་དབྱེ།  

བདག་གཅེས་རིང་ལུགས།

བདག་གཅེས་རིང་ལུགས་ནི་སྤྱིར་བཏང་མི་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཛིན་པའི་འཚོ་བའི་སྤྱོད་སྟངས་ཏེ་བསམ་བློའི་ལོ་རྒྱུས་ཁྲོད་དུ་མི་ཆོས་རིག་པའི་གཞུང་ལུགས་ཤིག་ལ་ཟེར་བ་དང་། མི་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཛིན་པའི་བསམ་བློའི་རིང་ལུགས་ཤིག་ཡིན།

རིགས་དབྱེ།  

མཐུན་འགྲིག་སྨྲ་བ།

མཐུན་འགྲིག་སྨྲ་བ་ནི་དྲང་བདེན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་ཚུལ་སྐོར་གྱི་གྲུབ་མཐའ་སྨྲ་བའི་འདོད་ཚུལ་ཞིག་སྟེ། བློ་རིག་གི་ཁ་གཏད་ས་ཡོད་ཚད་དང་མཐུན་འགྲིག་གི་ངོས་འཛིན་ནི་དྲང་བདེན་ཡིན་པར་སྒྲོག་པ་ཞིག་ཡིན།

རིགས་དབྱེ།  

མར་རྦར་གེ་རིང་ལུགས།

མར་རྦར་གེ་རིང་ལུགས་ནི་འཇར་མན་གྱི་ཁང་ཏི་གསར་མ་རིང་ལུགས་ཀྱི་ནང་གསེས་གྲུབ་མཐའ་ཞིག་ཡིན་ལ། རྡུལ་ཕྲན་དང་། ཤུགས་སོགས་ནི་དེའི་གོ་དོན་ལ་གཏོགས་པ་དང་ཁོ་ཚོས་ཕྱི་དོན་གྱི་རང་བཞིན་ལ་བསྙོན་འབྱིན་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཚོར་བ་སྨྲ་བ།

ཚོར་བ་སྨྲ་བའི་མིང་གཞན་ལ་ཚོར་ཤེས་རིང་ལུགས་ཀྱང་ཟེར་ཞིང་། ཕྱོགས་རེ་བའི་ལྟ་ཚུལ་གྱི་སྒོ་ནས་ཚོར་བ་ནི་ཤེས་བྱ་ཡི་འབྱུང་ཁུངས་ཉག་གཅིག་ཏུ་ངོས་འཛིན་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་སྨྲ་བ་ཞིག་ཡིན།

རིགས་དབྱེ།  

ཝེ་ན་ཁད་རད་སི་རིང་ལུགས།

ཝེ་ན་ཁད་རད་སི་རིང་ལུགས་ནི་དུས་རབས20བར་ཤན་ཤུགས་ཆེས་ཆེ་བ་དང་རྒྱུན་ཆེས་རིང་བའི་མཚན་ཉིད་རིག་པའི་གྲུབ་མཐའི་གྲས་ཤིག་ཡིན་པ་དང་། དེས་རང་བྱུང་ཚན་རིག་གིས་མཚན་ཉིད་རིག་པར་འགྲན་རྩོད་བྱེད་པ་དེ་མཚོན་གྱི་ཡོད་ཅིང་། དེའི་ཚན་རིག་རིང་ལུགས་ཁོ་ནའི་ལྟ་བ་དེ་དེང་རབས་མཚན་ཉིད་རིག་པ་ལས་ཡན་གར་གྱེས་ཐུབ་མེད་པའི་རྣམ་ཤེས་ལྟ་བུ་ཞིག་ཏུ་གྱུར་བར་བྱས་ཡོད།

རིགས་དབྱེ།  

འགྱུར་མེད་དངོས་གཙོ་རིང་ལུགས།

འགྱུར་མེད་དངོས་གཙོ་རིང་ལུགས་དེས་འཇིག་རྟེན་གྱི་དངོས་པོ་དང་འདུ་ཤེས་ནི་དངོས་པོའི་ཚུལ་སྣང་དུ་འདོད་པ་དང་། ལུགས་དེའི་ཁྱད་ཆོས་གཙོ་བོ་ནི་འགྱུར་མེད་ཀྱི་ལྟ་ཚུལ་དང་བྱ་ཐབས་སྤྱད་དེ་སྣང་ཚུལ་ཐམས་ཅད་དང་དེའི་འཕེལ་རིམ་ལ་དབྱེ་ཞིབ་དང་རྒྱས་བཤད་བྱས་ཡོད་པ་དེ་ཡིན་པ་དང་། དུས་ཚོད་དང་བར་མཚམས་ནི་དངོས་པོའི་ཕྱི་རོལ་ཏུ་གནས་པའི་རྣམ་པ་ཞིག་ཡིན་པ་དང་། ངེས་ཤེས་ནི་མེ་ལོང་ངོར་འཆར་བ་ལྟ་བུའི་འགྱུར་མེད་ཀྱི་ཚུལ་སྣང་ལ་ངོས་འཛིན་བྱེད་ཀྱི་ཡོད།

རིགས་དབྱེ།  

འཇར་མན་གྱི་གནའ་གཞུང་ཤེར་རྟོགས་རིག་པ།

འཇར་མན་གྱི་གནའ་གཞུང་ཤེར་རྟོགས་རིག་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་བའི་སྟོད་ལ་འཇར་མན་མ་རྩ་རིང་ལུགས་གསར་བརྗེར་སྟ་གོན་བྱེད་པའི་དུས་རབས་ཀྱི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་ཡིན།

རིགས་དབྱེ།  

རྒན་པ་ཧེ་ཀེར་གྲུབ་མཐའ།

རྒན་པ་ཧེ་ཀེར་གྲུབ་མཐའི་མིང་གཞན་ལ་ཧེ་ཀེར་གཡས་ཕྱོགས་སྨྲ་བའི་གྲུབ་མཐའ་ཡང་ཟེར་བ་ཡིན། ཧེ་ཀེར་སྐུ་གཤེགས་རྗེས་ཧེ་ཀེར་གྱི་གྲུབ་མཐའ་ནི་རྒན་པ་ཧེ་ཀེར་གྲུབ་མཐའ་དང་གཞོན་པའི་ཧེ་ཀེར་གྲུབ་མཐའ་སྟེ། ཕྱོགས་གཉིས་སུ་མཆེད་པ་དང་རྒན་པོ་ཧེ་ཀེར་གྲུབ་མཐའ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་བའི་ནང་དར་བའི་འཇར་མན་བཀས་བཀོད་རྒྱུད་འཛིན་པ་དང་མ་རྩ་རིང་ལུགས་བག་འཁུམ་པའི་བསམ་བློའི་འཐུས་ཚབ་རེད་འདུག

རིགས་དབྱེ།  

རྗེས་དཔག་སྨྲ་བ།

རྗེས་དཔག་སྨྲ་བའི་མིང་གཞན་ལ་རྗེས་དཔག་སྨྲ་བར་རྒོལ་བའང་ཟེར། ཤེས་རྨོངས་རིང་ལུགས་དང་གཅིག་རྒྱུད་གཅིག་གིས་འཛིན་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་ཡིན།

རིགས་དབྱེ།  

རྟོགས་བཅས་སྨྲ་བ།

རྟོགས་བཅས་སྨྲ་བ་ནི་གནའ་རབས་ཀེ་རི་སེའི་པོ་ལ་ཐུས་བཞེད་པའི་ཕྱི་དོན་སེམས་གཙོ་སྨྲ་བའི་གཞུང་ལུགས་ཤིག་དང་། དངོས་པོ་ནི་རྟོགས་བཅས་ཀྱི་གཟུགས་བརྙན་ཡིན་པར་འདོད་ཀྱི་ཡོད།

རིགས་དབྱེ།  

རྡད་ཁ་ཚི་རིང་ལུགས་པ།

དེ་ཡང་རྡད་ཁ་ཚི་ཤེར་རྟོགས་རིག་པར་ཕྱོགས་གཉིས་ཡོད་པ་སྟེ། དང་པོ་ནི་གཟུགས་འདས་རིག་པའི་ཆ་ནས་སེམས་གཙོ་རིང་ལུགས་ལ་ཕྱོགས་པ་དང་། གཉིས་པ་ནི་དངོས་གཙོ་རིང་ལུགས་ཀྱི་ལམ་དུ་ཕྱོགས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

རྡུལ་ཕྲན་ཆ་མེད་སྨྲ་བ།

རྡུལ་ཕྲན་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ལད་བུ་ནུ་ཚེའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། གཞི་གྲུབ་ཐམས་ཅད་འགྲུབ་བྱེད་ཀྱི་རྨང་གཞི་ནི་རྡུལ་ཕྲན་ཆ་མེད་ཡིན་པར་འདོད།

རིགས་དབྱེ།  

རྣམ་བདེན་སྨྲ་བ་གསར་མ།

རྣམ་བདེན་སྨྲ་བ་གསར་མ་ནི་ཁོམ་ཐ་དང་མ་ཁེ་གཉིས་ཀྱི་རྣམ་བདེན་སྨྲ་བར་བལྟས་ཏེ་དར་བ་དང་། དེའི་ཐོག་མའི་ཁྱད་ཆོས་དང་རྩ་བའི་རྣམ་པ་ནི་གཏན་ཚིགས་རྣམ་བདེན་སྨྲ་བ་ཡིན་ཞིང་། ཚན་རིག་ཉམས་མྱོང་སྨྲ་བ་དང་། བརྡ་བྱེད་ཤེར་རྟོགས་རིག་པ་སོགས་བྱེད་ཐབས་སྨྲ་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་མང་པོ་ཞིག་ཐ་སྙད་འདིའི་ནང་དུ་བསྡུས་ཡོད།

རིགས་དབྱེ།  

རྣམ་བདེན་སྨྲ་བ།

རྣམ་བདེན་སྨྲ་བའི་མིང་གཞན་ལ་རྣམ་བདེན་རིང་ལུགས་ཀྱང་ཟེར་ལ། མ་རྩ་རིང་ལུགས་ཀྱི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཞིག་ཡིན།

རིགས་དབྱེ།  

རྩོད་སྤོངས་རྣམ་བདེན་སྨྲ་བ།

རྩོད་སྤོངས་རྣམ་བདེན་སྨྲ་བ་ནི་དེང་རབས་མ་རྩ་རིང་ལུགས་ཀྱི་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་ཏེ། ལུགས་དེ་འཛིན་མཁན་དག་གི་བསམ་བློའི་ལྟ་ཚུལ་ནི་མིའི་བློ་རིག་གི་འབྱུང་གཞི་ནི་ཕྱིའི་གཟུགས་ཡིན་ཡང་ཕྱིའི་གཟུགས་ཀྱི་བདེན་གྲུབ་ནི་རྟོགས་མེད་ཡིན་པར་འདོད།

རིགས་དབྱེ།  

ལྟོས་མེད་སེམས་གཙོ་སྨྲ་བ།

ལྟོས་མེད་སེམས་གཙོ་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ཧེ་ཀེར་གྱི་ཕྱི་དོན་སེམས་གཙོ་རིང་ལུགས་ཀྱི་མིང་གཞན་ཞིག་རེད།

རིགས་དབྱེ།  

སི་ཏོ་ཁེའི་གྲུབ་མཐའ།

སི་ཏོ་ཁེའི་གྲུབ་མཐའ་ནི་ཀེ་རེ་སིའི་སྐད་སྒྲ་བསྒྱུར་ཏེ་དོན་ནི་ཚོན་རིས་བར་འཁྱམས་ཀྱི་གྲུབ་མཐའ་ཟེར་བ་ཡིན་ཞིང་། ལུགས་དེའི་འཐུས་ཚབ་ཀྱི་མི་སྣ་གཙོ་བོ་ནི་ཁེ་ལེ་ཨན་ཏེ་སེ་དང་ཁེ་རུ་སེ་ཕུ་སེ་སོགས་ཡོད་པ་ཡིན་ལ། ཁོ་ཚོའི་འདོད་ཚུལ་ནི་གདོད་མའི་དངོས་གཙོ་རིང་ལུགས་དང་ཆོས་ཅན་གཏན་ཚིགས་ཀྱི་གནད་དོན་སྐོར་ཡང་གླེང་སློང་བྱས་ཡོད་པ་ཞིག་ཡིན་ནོ། །

རིགས་དབྱེ།