ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >ཆོ་ག

ཇ་ཐབ།

ཇ་ཐབ་ནི་བག་མ་སྐྱེལ་མཁན་ལ་གཉེན་ཡའི་ཕྱོགས་ན་རང་སྡེའི་བུ་མོ་གནས་མ་དང་གཉེན་ཉེ་འབྲེལ་འདྲ་ཡོད་ན། ལམ་ཁར་ཇ་བསྐོལ་ནས་ལམ་བྲོ་འཛིན་པའི་རྣམ་པ་དེ་ལ་ཟེར་བ་ཡིན།

རིགས་དབྱེ།  

བོད་གདོད་མའི་མོ།

བོད་གདོད་མའི་མོ་ཞེས་པ་ནི་གཡུང་དྲུང་བོན་གྱི་བསྟན་པ་མ་དར་གོང་སྟེ། བོད་གདོད་མའི་ཆོས་ལུགས་དར་བའི་དུས་སྐབས་དེ་དག་དང་དེའི་ཡར་སྔོན་དུ་དམངས་ཁྲོད་དུ་དར་བའི་མོའི་རིགས་ལ་གོ་བ་ཡིན་མོད། དེ་དག་ལས་མོ་འདེབས་སྲོལ་གྱི་རྣམ་པ་མང་པོ་ཞིག་ཡུལ་དུས་ཀྱི་བསྐལ་བའི་དབང་གིས་ཁག་ཅིག་ཉམས་པ་དང་། ཁག་ཅིག་གཡུལ་དྲུང་བོན་བསྟན་དང་ནང་ཆོས་བོད་ཁམས་འདིར་དར་བར་བརྟེན་རིམ་བཞིན་གྲུབ་མཐའ་དེ་དག་གི་ཤུན་ཤུགས་འོག་རྣམ་པའམ་ཕྱག་ལེན་གཞན་ཞིག་ཏུ་གྱུར་ཡོད། ད་ལྟ་དམངས་ཁྲོད་དུ་སོག་མོ་དང་། མིག་ལྕིབས་འགུལ་བར་བརྟག་པ། རྣ་བར་ཚ་སྐྱེས་པར་བརྟག་པ། རྣ་བས་ངུ་འབོད་བྱེད་པར་བརྟག་པ། མེ་མཆེད་ལ་བརྟག་པ་སོགས་མང་དུ་ཡོད།

རིགས་དབྱེ།  

གླུད།

​གླུད་ཅེས་པའི་ཐ་སྙད་འདི་ནི་གནའ་བོའི་དུས་ནས་བཟུང་བོད་རང་སའི་ཡུལ་ནས་ཐོན་པའི་ཐ་སྙད་རྙིང་མའི་གྲས་ཤིག་ཡིན་པ་ནི་བོན་གྱི་ཆོ་གའི་དཔེ་ཆ་རྙིང་བ་དང་ཏུན་ཧོང་ཡིག་རྙིང་སོགས་ལས་འབྱུང་བས་ཤེས་ཐུབ་པ་དང་ད་ལྟའི་ཆར་དེ་ཡི་གོ་དོན་འཇོག་ཚུལ་གྱི་ཐད་ལ་བོད་རིག་པའི་ཚིག་མཛོད་སྣ་ཚོགས་ཀྱི་ལུགས་སུ་སྣང་བའི་རིགས་གཅིག་དང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་མཁས་པ་དག་གིས་དབྱེ་ཞིབ་དང་གསལ་འགྲེལ་མཛད་པ་བཅས་གཙོ་བོར་ལུགས་གཉིས་སུ་སྣང།

རིགས་དབྱེ།  

གླང་ཆེན་སྣ་བསྒྱུར།

གླང་ཆེན་སྣ་བསྒྱུར་ཞེས་པ་ནི་གཏོ་ཡི་རིགས་ཤིག་ཡིན། དེ་ལ་གཏོ་ཞེས་པ་ནི་བོན་གཞུང་ལྟར་ན་རྩྭ་དང་བག་གཟན། ཤིང་སོགས་རྒྱུ་བྱས་ཏེ་བཟོས་པའི་གླུད་དེ། ཡོན་བདག་གི་ཉེས་པ་ལེགས་པར་འཆོས་པའི་ཐབས་སུ་གཏོང་བ་རྣམས་ཀྱི་མིང་ཡིན།

རིགས་དབྱེ།  

དམག་རྩེད་གླུ་རོལ།

རེབ་གོང་གླུ་རོལ་ཞེས་པ་ནི་ཧོར་ཟླ་དྲུག་པའི་ནང་དུ་བསང་མཆོད་དང་བསྟོད་གླུ་སྣ་ཚོགས་ཀྱིས་ལྷ་ཀླུ་གཞི་བདག་དགྱེས་པར་བྱེད་པའི་ཆོ་གའི་རྣམ་པ་ཞིག་ཡིན་ལ། དེ་དང་སྦྲགས་ནས་ཡུལ་མི་རྒན་གཞོན་ཚང་མས་ཟས་གོས་གང་འཛོམ་ས་ཀྱིས་འཚོ་བའི་དགའ་སྐྱིད་ལ་རོལ་བའི་དུས་སྟོན་གལ་ཆེན་ཞིག་ཀྱང་ཡིན། གླུ་རོལ་གྱི་ཆོ་ག་དེར་ཡུལ་ཕྱོགས་སོ་སོའི་རྩེད་མོའི་རྣམ་པ་དང་ལུགས་སྲོལ་མི་འདྲ་བའི་དབང་གིས་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་སོགས་རིགས་ཆེ་བ་གསུམ་དུ་དགར་ཡོད་ལ། ལྷ་རྩེད་དང་ཀླུ་རྩེད་གཉིས་ནི་ཡུལ་འདི་ཙམ་མ་ཟད་ཞུན་ཧྭ་དང་ཁྲི་ཀའི་ཡུལ་དུ་དར་ཡོད་ནའང་། དམག་རྩེད་གླུ་རོལ་ནི་ས་དབྱིབས་རྡོ་རྗེ་འདྲ་བའི་ལུང་ཁོག་འདིར་མ་གཏོགས་ས་གཞན་གང་དུའང་མེད་པའི་ཆོ་གའི་རྩེད་རིགས་ཁྱད་པར་བ་ཞིག་ཡིན།

རིགས་དབྱེ།  

བོད་ཀྱི་རིགས་རུས་སོ་སོའི་བླ་ཟོག

བོད་ཀྱི་རུས་ཆེན་བཞི་ལས་རིགས་བཟང་ལྔ་བསལ་བ་ནས་བཟུང་རང་རང་གི་བླ་ཟོག་ཡོད་དེ། ལྡོང་གི་བླ་ཟོག་ཤ་བ། འབྲིའི་བླ་ཟོག་གཡག སྦྲའི་བླ་ཟོག་རྐྱང་། སྒའི་བླ་ཟོག་ལུག སྒོའི་བླ་ཟོག་ར་ཡིན་ལ། ཆུ་ནག༼ཁྲོ་ཆུ༽གི་སྒོའི་རིགས་རྣམས་ཀྱི་བླ་ཟོག་ར་ཡིན།

རིགས་དབྱེ།  

གནའ་བོའི་བོད་མིའི་བླ་དད།

དེ་ཡང་བོད་རང་ས་ནས་དར་བའི་བོན་གྱི་རིག་གནས་དང་རྒྱ་གར་ནས་བྱུང་བའི་ཐུབ་བསྟན་རིག་གནས་གཉིས་གཞི་གཅིག་ཏུ་འདྲེས་ནས་གྲུབ་པའི་བོད་ཀྱི་རིག་གནས་འདིའི་ཁྱབ་ཁོངས་སུ་མིའི་བླ་ནི་ཤིན་ཏུ་གལ་ཆེན་ཏུ་བརྩི་ལ། དེའི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་མི་དམན་པ་ཐོན་ཡོད་པ་མ་ཟད། ད་ལྟའི་བོད་མིའི་འཚོ་བའི་ཁྲོད་དུ་ཡང་བླ་འགུགས་དང་བླ་བསླུའི་ཆོ་ག་སྤེལ་གྱིན་ཡོད། གཞན་བོད་ཀྱི་རིག་གནས་ཀུན་གྱི་བང་མཛོད་དུ་གྲགས་པའི《གེ་སར་སྒྲུང》གི་ནང་དུ་ཡང་བླ་བྱ་དང་། བླ་རི། བླ་མཚོ་སོགས་བླ་དང་འབྲེལ་བའི་བརྡ་དང་ཐ་སྙད་གང་མང་ཞིག་ཡོད་པས་བླར་དད་ཚུལ་གྱི་གདོད་མའི་དད་པ་འདི་བསྐལ་བ་ཡ་ཐོག་ནས་བོད་ལ་དར་ཡོད་པ་གསལ་བོར་ཤེས་ཐུབ།

རིགས་དབྱེ།  

རྦད་བཤད།

སྔ་དུས་སུ་བོད་ལ་དམག་སོགས་དྲག་པོའི་གཡུལ་དུ་ཞུགས་སྐབས་བཤད་པ་བཏང་བའི་སྲོལ་མཆིས་ལ། དམག་མི་རྣམས་གཡུལ་དུ་མ་ཆས་བའི་གོང་དུ། ཡུལ་ལྷ་སོགས་རང་དང་འབྲེལ་ཡོད་ཀྱི་ལྷ་རིགས་ཐམས་ཅད་མཆོད་ཅིང་ཡུལ་མི་རྣམས་ཀྱིས་ངར་སྐད་དང་བཅས་ཏེ་བསྟོད་ཚིག་དབྱངས་སུ་གྱེར་ནས་རྦད་ཤོད་པའི་སྲོལ་ཡོད།

རིགས་དབྱེ།  

བོན་གྱི་དུར་ཆོག

བོན་གྱི་ཆོས་ལུགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཡིན་ལ། གནའ་བོའི་བོད་ཀྱི་ཕ་མེས་དང་ཡང་མེས་ཚོས་སྲོལ་གཏོད་པའི་རིག་གནས་རྙིང་ཤོས་ཤིག་ཀྱང་ཡིན། དུར་ཆོག་ནི་མི་རིགས་སུ་འདྲ་ཞིག་ཡིན་ཀྱང་འཚོ་བའི་ནང་དུ་ཁ་བྲལ་ཐབས་མེད་པའི་རིག་གནས་ཤིག་རེད། བོད་ཀྱི་དུར་ཆོག་ནི་དེང་དུས་ནང་པའི་ཆོས་ལུགས་ཀྱི་སྒོ་ནས་བྱེད་ཅིང་ཡོད་ཀྱང་། དོན་དངོས་ཆེས་གནའ་བོའི་དུས་ཀྱི་བོན་ལུགས་ཀྱི་ཆོ་གའི་ལག་ལེན་རྣམས་ནང་ཆོས་སུ་བཅོས་པའི་ཟོལ་དུ་བེད་སྤྱོད་བྱས་དང་བྱེད་བཞིན་པ་འདི་རེད།

རིགས་དབྱེ།  

ཚེ་ཐར་གཏོང་ཚུལ།

ཚེ་ཐར་གཏོང་བ་ནི་སྲོག་གཅོད་སྡིག་ལས་ལ་འཛེམ་པའི་མི་ཚོས་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྲོག་ཆགས་འབའ་འབུ་རྣམས་སྲོག་བླུ་བྱེད་པའི་བོད་ཀྱི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཡིན། བོད་ཀྱི་ཚེ་ཐར་གཏོང་བྱའི་སྒོ་ཕྱུགས་ནི་གཙོ་བོ་རྟ་ནོར་ར་ལུག་ཡིན་ལ། ཉ་རིགས་ཚེ་ཐར་གཏོང་བའི་མི་ཡང་མང་པོ་ཡོད།

རིགས་དབྱེ།  

རྡོའི་རོ་སྒམ་རིག་གནས།

1982ལོར་པེ་ཅིན་གནའ་རྫས་རྟོག་ཞིབ་མཁས་པས་བྲག་མགོ་རྫོང་མཁའ་གཉའ་ཤང་རྫིག་ར་བྱ་འཁོར་བྲག་དུང་དུ་ལོ་ངོ་ཁྲི་ལྔ་སྔོན་གྱི་གནའ་བོའི་མིའི་རིགས་ཀྱི་མགོ་རུས་རྙེད།(ད་ལྟ་རྒྱལ་ཁབ་ཀྱིས་ཉར་ཚགས་བྱས་ཡོད།) 1983ལོའི་ཟླ7པའི་ནང་། ཀྲུང་གོའི་མདོ་དབུས་མཐོ་སྒང་ཚན་རིག་ཞིབ་དཔྱད་ཚོ་ཆུང་གིས་བྲག་མགོ་རྫོང་ནང་ཁུལ་གྱི་མཁར་གཉའ་ཤང་གི་རྫིག་ར་བྱ་འཁོར་ཀྱི་བྲག་དུང་ཞིག་ཏུ་ལོ་ངོ་ཁྲི་ལྔ་སྔོན་གྱི་མིའི་རིགས་ཀྱི་མགོ་རུས་འགྱུར་རྡོ་དང་ཆ་ཚང་བའི་ཁུང་ལུང་གི་འགྱུར་རྡོ་རྙེད་བྱུང་བས། གནའ་རྫས་རྟོག་ཞིབ་ཁག་ཏུ་ཙི་ཡང་མི་དང་ཁྲོན་ནུབ་མི།བྲག་མགོ་མི་བཅས་སི་ཁྲོན་གནའ་མི་རིགས་གསུམ་དུ་རྩི་བཞིན་ཡོད།

རིགས་དབྱེ།  

གཏོར་མའི་དམ་ཚིག

འདི་ནི་ཆོ་གའི་ཕྱག་ལེན་ཁྲོད་ཀྱི་གཏོར་མའི་དམ་ཚིག་ཅེས་པ་སྟེ། སྣོད་དང་བཅུད་ཀྱི་ཆ་རྣམས་དག་གཙང་གི་སྒོ་ནས་བཤམས་དགོས་པ་དང་དམ་ཚིག་ལ་མ་ཆག་པ། ཏིང་ངེ་འཛིན་གསལ་ཞིང་མི་གཡེང་བའི་སྒོ་ནས་གཏོར་མའི་དམ་ཚིག་བསྒྲུབ་དགོས་པ་བསྟན་པ་དེའོ། །

རིགས་དབྱེ།  

གྲིབ་སེལ་གྱི་ཆོ་ག

གྲིབ་ནི་ཐོག་མར་ཡེ་དང་ངམ་འཐབ་པ་ལས་བྱུང་བའི་གནོད་བྱེད་ལྟ་བུར་གྱུར་ཞིང་། དེ་དང་འབྲེལ་བའི་རིག་གནས་སོགས་བརྗོད་ཡོད།

རིགས་དབྱེ།  

བསང་སྐར།

ཉེ་རིང་ཆགས་སྡང་སོགས་ཕྱོགས་ཞེན་གྱི་དབང་གིས་དགྲ་འདུལ་བ་དང་གཉེན་སྐྱོང་བ་ལ་སོགས་པའི་ལས་རྣམས་ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གི་ཁ་འཛིན་དང་རྒྱབ་རྟེན། དཔུང་གཉེན་དང་བསྡོངས་གྲོགས་སུ་བྱས་ནས་བསང་གཏོང་བའི་ཆོ་ག་ཞིག

རིགས་དབྱེ།  

ཤེལ་ཚིག

ཤེལ་ཚིག་བྱ་བ་འདི་ཡང་བསང་རྫས་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། གྲོ་དང་ནས་འབྲུ་བརྔོས་མའི་བསང་རྫས་འདི་ལ་ཨ་མདོའི་སྐད་དུ་ཤེར་རྩིག་ཀྱང་ཟེར་བ་ཡིན།

རིགས་དབྱེ།  

ཚེ་ཐར་གཏོང་བ།

ཚེ་ཐར་གཏོང་བ་ནི་བོད་རྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། འདི་ནི་བོད་ཁུལ་ཧྲིལ་པོ་ནས་རོལ་ཞིང་། བྱེ་བྲག་ཏུ་གཞི་ཁྱོན་ཆེས་ཆེ་ལ་རྣམ་པ་ཅུང་གཟབ་རྒྱས་ཡིན་པ་ནི་ཀན་སུའུ་ཞིང་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཡིན། ཚེ་ཐར་གཏོང་བྱ་ནི་རྟ་ནོར་ལུག་གསུམ་དང་ཉིན་དེ་ནི་དད་ལྡན་སྐྱ་སེར་ཀུན་ཟང་ཟིང་ཆེ་བའི་ཉིན་ཞིག་གོ།

རིགས་དབྱེ།  

ཕོ་ལྷའི་རྟེན་མཁར།

ཕོ་ལྷའི་རྟེན་མཁར་ཞེས་བྱ་བ་ནི་གསས་མཁར་ལ་རྟེན་མཁར་དུ་བསྒྲུབས་ཤིང་། དེར་ཕོ་ལྷའི་རྟེན་མཁར་དུ་ངོས་འཛིན་པ་ཡིན། སྐྱེ་བོ་སུ་ཞིག་གི་རང་ཉིད་ཀྱི་ཕ་མེས་རིགས་བརྒྱུད་ནས་འགོ་བའི་ཞང་ལྷ་ཡིན་ཡང་རུང་། ཡང་ན་དཔའ་བོའི་གཡུལ་འགྱེད་བྱེད་པའི་སྟག་ཤར་ལ་འགོ་བའི་དགྲ་ལྷ་ཡིན་ཡང་རུང་། དོན་དུ་དེ་དག་ནི་སྐྱེས་པ་ཕོ་ལ་འགོ་བའི་ཕོ་ལྷ་ཞེས་བྱ་བ་ཡིན་ནོ། །

རིགས་དབྱེ།  

གླུད་ཀྱི་སྒོ།

གླུད་ཀྱི་སྒོ་ཞེས་པ་གནོད་བྱེད་འདྲེ་དང་གནོད་བགེགས་གང་སུའང་རུང་བ་དེ་དག་ལ་བསྲུང་བྱའི་མིའམ་སེམས་ཅན་གང་ཡིན་པ་དེའི་ཚབ་ཀྱི་གླུད་གཟུགས་དབང་པོ་ཚང་བ་ཞིག་བཟོས་པ་དེ་བརྔན་ཆས་སྣ་ཚོགས་པས་ལེགས་པར་བརྒྱན་པ་དེ་དག་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་གྱི་ནུས་པས་ཡོངས་སུ་བསྔོས་པས་བསྲུང་བྱ་སུའང་རུང་བ་དེའི་ཚེ་སྲོག་བསླུ་ཐུབ་པའམ་དེའི་འགལ་རྐྱེན་བར་ཆད་ཐམས་ཅད་བསལ་ནུས་པའི་དོན་ཡིན།

རིགས་དབྱེ།  

ཕྱྭ་གཡང་གི་བུམ་པ།

ཕྱྭ་གཡང་གི་བུམ་པ་ཞེས་པ་འདིའི་རྟེན་རྫས་གཏེར་བུམ་བཙའ་ཚུལ་ནི། རིན་པོ་ཆེའམ་རྫའི་བུམ་པ་སྐྱོན་དང་བྲལ་བ་ཁ་དོག་དཀར་པོའམ་སེར་པོར་བསྒྱུར། བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་བྲིས་པའི་ནང་དུ་བུམ་རྫས་ཉེར་ལྔ་གཙོ་བོར་གྱུར་པའི་རིན་ཆེན་འབྲུ་སྨན་དང་ཟས་གོས་སོགས་གཡང་ཅན་གྱི་རྫས། ཅོང་ཞི། བྲག་ཞུན། རྩ་བ་ལྔ་སོགས་ཚེའི་རྫས་ཀྱིས་ཕྱུར་བར་གཏམས་པའི་དབུས་སུ། འབྱོར་ན་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་སྐུ་བྲིས་འབུར་གང་རིགས་ན་བཟའ་སེར་པོ་དང་བཅས་བརྟན་པར་བཞུགས་ཞེས་པས་གསལ།

རིགས་དབྱེ།  

ཕུག་ལྷ།

ཕུག་ལྷ་ཞེས་པ་ཟ་མ་མོའི་ཆེད་དུ་མོ་ལྷའི་རྟེན་མཁར་ཞེས་བྱ་བ་དམིགས་བསལ་ཁང་པའི་སྟེང་ངམ། རི་ཀླུང་སོགས་སུ་བཞེངས་སྲོལ་བྱུང་མི་འདུག་ནའང་དེ་ནི་ཁྱིམ་ལྷ་ཞེས་པའམ་ཕུག་ལྷ་ཞེས་བྱ་བ་ཐབ་ཚང་གི་སྦུག་ཏུ་བཞེངས་པ་དེ་དང་དོན་གཅིག་ཡིན་པར་མངོན།

རིགས་དབྱེ།  

འབྲོང་རྒྱས་ལྡེམ་པ།

འབྲོང་རྒྱས་ལྡེམ་པ་ཞེས་པ་འདི་ནི་གཡག་གམ་འབྲོང་གི་སྙིང་གཟུགས་དང་འདྲ་བའི་བཤོས་སམ་གཏོར་མ་ཞིག་ལ་ཟེར་བ་ཡིན།

རིགས་དབྱེ།  

སྲོག་གཅོད་མཆོད་འབུལ།

བོན་པོའི་སྟོན་པ་གཤེན་རབ་མི་བོ་ཆེ་མ་འཁྲུངས་གོང་། བདུད་ལ་སྐྱབས་བཅོལ་བའི་ལྡེ་བོན་དང་བཙན་ལྷ་སྐྱབས་བཅོལ་བའི་བཙན་བོན་སོགས་གྲུབ་མཐའ་མི་འདྲ་བའི་བོན་ཆོས་འགའ་ཡོད། དེ་དག་གིས་སྲོག་ཆགས་གཞན་དག་བསད་དེ་དམར་པོ་ཁྲག་གིས་མཆོད་འབུལ་བྱེད་པ་རེད། དེ་ལ་ཁྲག་མཆོད་ཀྱང་ཟེར།

རིགས་དབྱེ།  

ལོ་ཟད་དགུ་གཏོར།

ལོ་ཟད་དགུ་གཏོར་ཞེས་པའི་ལོ་ཟད་ནི་གནམ་ལོ་དེའི་ཉིན་མཐའ་མའམ་ཟད་མཐའི་ཉི་མ་ཡིན་ཞིང་། དེ་ཡང་དྲག་པོ་མངོན་སྤྱོད་ཀྱི་ལས་དག་ནི་དགུ་དང་། བཅུ་དགུ། ཉེར་དགུ་སྟེ་དགུ་གསུམ་གསོད་སྦྱོར་གྱི་ཉི་མ་ལ་བྱ་དགོས་པར་བརྟེན་དེའི་ཉིན་གཏོར་ཟོར་སོགས་རྒྱག་པ་ལ་དགུ་གཏོར་ཞེས་དམ་པའི་ཆོས་དང་། འཇིག་རྟེན་གྱི་ཐ་སྙད། རྩིས་ཀྱི་གཞུང་བཅས་ཐུན་མོང་དུ་གྲགས་པ་ཡིན་ནོ། །

རིགས་དབྱེ།  

རྐྱེན་འབུད།

​དབུས་གཙང་ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་ཚེས་ཉེར་དགུའི་ནུབ་མོར་སྤེལ་བའི་སྔར་སྲོལ་ལམ་ཆོ་ག་ཞིག་ཡིན།

རིགས་དབྱེ།  

སྒོང་རྒྱག་དུས་སྟོན།

སྒོང་རྒྱག་དུས་སྟོན་ནི་ལོ་རེ་རེའི་ལུགས་རྙིང་གི་ཟླ3པའི་ཚེས18ཉིན་ལ། སོག་པོ་ཐང་དང་སོག་པོ་ལུང་པ་སྡེ་བ་གཉིས་ཀྱིས་སྤེལ་བའི་སྒོང་རྒྱག་དུས་སྟོན་ཞེས་པའི་དུས་སྟོན་ཐུན་མོང་མ་ཡིན་པ་ཞིག་ཡིན།

རིགས་དབྱེ།  

ཡུལ་ལྷའི་རྔོན་བསངས་དངོས་གྲུབ་ཀུན་འབྱུང་བཞུགས་སོ།།

ཡུལ་ལྷའི་རྔོན་བསངས་དངོས་གྲུབ་ཀུན་འབྱུང་བཞུགས་སོ་ཞེས་བྱ་བའི་བསང་ཡིག་འདི་ནི《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(མཚོ་ཤར་གླེགས་བམ)》ལས་ཁོལ་དུ་ཕྱུང་བ་ཡིན།

རིགས་དབྱེ།  

མཚོ་སྨན་གྱི་བསང་ཡིག

མཚོ་སྨན་གྱི་བསང་ཡིག་ཞེས་བྱ་བ་འདི་ནི《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(མཚོ་ཤར་གླེགས་བམ)》ལས་ཁོལ་དུ་ཕྱུང་བ་ཡིན།

རིགས་དབྱེ།  

རི་རྩེ་ཕྱུག་མོའི་བསང་བཞུགས་སོ།

རི་རྩེ་ཕྱུག་མོའི་བསང་བཞུགས་སོ་ཞེས་བྱ་བའི་བསང་ཡིག་འདི་ནི《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(མཚོ་ཤར་གླེགས་བམ)》ལས་ཁོལ་དུ་ཕྱུང་བ་ཡིན།

རིགས་དབྱེ།  

གཞི་བདག་ཨེར་ལོ་རྒྱལ་པོའི་བསང་མཆོད་བཞུགས་སོ།།

གཞི་བདག་ཨེར་ལོ་རྒྱལ་པོའི་བསང་མཆོད་བཞུགས་སོ་ཞེས་བྱ་བའི་བསང་ཡིག་འདི་ནི《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(མཚོ་ཤར་གླེགས་བམ)》ལས་ཁོལ་དུ་ཕྱུང་བ་ཡིན།

རིགས་དབྱེ།  

ཨ་བྷེའི་བསང་བཞུགས་སོ།།

ཨ་བྷེའི་བསང་བཞུགས་སོ་ཞེས་བྱ་བའི་བསང་ཡིག་འདི་ནི《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(མཚོ་ཤར་གླེགས་བམ)》ལས་ཁོལ་དུ་ཕྱུང་བ་ཡིན།

རིགས་དབྱེ།