ཤིན་ཏོ་ཆོས་ལུགས།

ཤིན་ཏོ་ཆོས་ལུགསShintoནི་འཇར་པན་གྱི་ཏ་ཧུ་མི་རིགས་དང་ལིའུ་ཆིའུ་རིགས་ཀྱི་རང་སའི་ཆོས་ལུགས་ཤིག་ཡིན་ལ། དེར་ཏ་ཧུ་ཤིན་ཏོ་དང་ལིའུ་ཆིའུ་ཤིན་ཏོ་གཉིས་སུ་དབྱེ་ཡོད། ཤིན་ཏོ་ཆོས་ལུགས་ཀྱིས་ཐོག་མར་རང་བྱུང་ལ་དད་གུས་དང་མེས་པོར་བརྩི་བཀུར། གནམ་བསྐོས་གོང་མར་དད་གུས་སོགས་གཙོ་བོར་བྱས་ཤིང་། ལྷ་མང་དད་མོས་ཀྱི་ཁོངས་སུ་གཏོགས་པ་དང་། རང་བྱུང་ཁམས་ཀྱི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ལྷ་རུ་བརྩིས་ནས་འཇར་པན་གྱི་གནམ་བསྐོས་གོང་མའི་རང་བཞིན་ཡང་གནང་བ་རེད། ཤིན་ཏོ་ཆོས་ལུགས་ལྷ་མང་ལ་དད་པ་བྱེད་པ་སྟེ། ལྷ་ཁྲི80དང་ཁྲི800 ཡང་ན་ལྷ་ཁྲི1500བཅས་ཡོད་ཅིང་། ཁྱད་པར་དུ་ཉི་མའི་ལྷ་ལ་དད་གུས་བྱེད་ཀྱིན་ཡོད། འཇར་པན་མི་རིགས་ནི“གནམ་གྱི་རྒྱུད་པ”ཡིན་ཞིང་། གནམ་བསྐོས་གོང་མ་ནི་ལྷ་ཆེན་པོའི་གདུང་རྒྱུད་ཡིན་པ་མ་ཟད། མི་ཡུལ་གྱི་འཐུས་ཚབ་ཀྱང་ཡིན་པ་དང་། གོང་མའི་ཁྱིམ་རྒྱུད་ནི་ལྷ་རྒྱུད་ཡིན། མཆོད་འབུལ་བྱེད་སར་ལྷ་ཁང་ངམ་ལྷའི་ཕོ་བྲང་ཞེས་འབོད་པ་དང་། ལྷ་ཡི་ལས་ཀ་བྱེད་མཁན་ལ་མཆོད་དཔོན་ཟེར།

རིགས་དབྱེ།