ཡོངས་འཛིན་རིག་མཛོད། >རིག་གནས། >རིག་དངོས་རྟེན་ཤུལ། >གཞན་དག

རྒྱ་གར་གྱི་གནའ་རབས་རིག་གནས།

སའི་དབང་དུ་བྱས་ན། རྒྱ་གར་གྱི་སྐམ་ས་ཆེན་པོ་དེ་ནི་བྱང་ཕྱོགས་ཧི་མ་ལ་ཡ་དང་འདབས་འབྲེལ་ཞིང་། ཤར་ལྷོ་ནུབ་གསུམ་ནི་རྒྱ་མཚོ་ཆེན་པོར་ཕྱོགས་ནས་ཡོད། ཡུལ་དེའི་ས་ཁོངས་རྒྱ་ཆེ་ཞིང་། ནུབ་ཕྱོགས་ནི་ཆར་ཆུ་མོད་པའི་ཚ་ཁུལ་ཡིན་ལ། བྱང་ཕྱོགས་ནི་ཆུ་བོ་གངྒ་དང་རྒྱ་གར་ཆུ་བོ་གཉིས་འབབ་རྒྱུད་ཀྱི་བདེ་ཐང་རེད། རྒྱ་གར་ཡུལ་དུ་ཞིང་ལས་རིག་གནས་དར་སྔ་ཞིང་། ཡུལ་འདིར་མི་རིགས་སྣ་ཁ་མང་བ་དང་། རྒྱལ་ཕྲན་དང་མི་རིགས་ཕན་ཚུན་བར་གྱི་འགལ་རྩོད་དང་། ཆོས་ལུགས་ཀྱི་དར་རྒུད་རབས་དང་རིམ་པ་བྱུང་བས་ན། རྒྱ་གར་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་རང་གཤིས་ཏེ། བློ་ཁོག་ཆེ་ཞིང་རྒྱ་མཚོ་བཞིན་སྡུད་ཕོད་པའི་རིག་གནས་སེམས་ཁམས་དང་། ཆོས་ལུགས་རྣམ་པ་སྣ་ཚོགས་འགལ་འབྲེལ་གྱིས་གནས་པའི་རིག་གནས་སྣང་ཚུལ་གྲུབ་ཡོད།

རིགས་དབྱེ།  

ཨ་རབ་ཀྱི་རིག་གནས།

ཨ་རབ་ཕྱེད་གླིང་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཕྲན་ཕྱེད་མ་ཞིག་ཡིན་པ་དང་། ཤར་ཕྱོགས་སུ་པར་ཟིག་མཚོ་འགག་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་མཚོ་དམར་ཡོད། ནུབ་བྱང་ཕྱོགས་ནི་སེ་རི་ཡའི་བྱེ་ཐང་དང་། བྱང་ཕྱོགས་མེ་སོ་པུ་ཏ་མུ་ཡ་བདེ་ཐང་དང་འབྲེལ་ནས་ཡོད། ས་བབ་དམིགས་བསལ་པའི་དབང་གིས། གནས་དེ་ནི་ཤར་ནུབ་གཉིས་ཀྱི་ཚོང་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད། དུས་རབས་དཀྱིལ་མའི་དུས་མགོར། ཨ་རབ་མི་རིགས་དར་རྒྱས་སུ་བྱུང་སྟེ། འཛམ་གླིང་ཆོས་ལུགས་ཆེ་གསུམ་གྲས་ཀྱི་དབྱི་སི་ལན་ཆོས་ལུགས་གསར་བཏོད་གནང་བར་མ་ཟད། ཡ་གླིང་དང་ཧྥེ་གླིང་། ཡོ་རོབ་གླིང་གསུམ་གྱི་ས་ཁོངས་བརྒལ་བའི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཆགས།

རིགས་དབྱེ།  

རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི།

རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འདི་ནི་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཤར་ཕྱོགས་ཀྱི་སྤྱི་ལེ1ཙམ་གྱི་མཚམས་སུ་ཡོད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ལྷམ་པ9615ཡོད་ལ། མཚོ་འཕགས་ལ་སྨི3115ཡོད། འདི་ནི་ལོ་རྒྱུས་དང་ཤེས་རིག སྲོལ་རྒྱུན། སྤོབས་པ་དང་བྱས་རྗེས་སོགས་གཅིག་བསྡུས་ཀྱིས་གྲུབ་པའི་རྒྱལ་གཅེས་ཀྱི་བསམ་བློ་བསྐྱེད་པའི་འགྲེམས་སྟོན་ཁང་ཞིག་ཡིན།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་དང་པོ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་བྱང་ཤར་གྱི་སྤྱི་ལེ1.5ཡི་མཚམས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་དང་པོ་འདིའི་སྤྱིའི་ལས་གཞིའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ172008དང་འཛུགས་སྐྲུན་ཁོ་ནའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང600ཡས་མས་ཡོད།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་གཉིས་པ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་གཉིས་པ་འདི་ནི221བཟོ་གྲྭའི་ལས་གཞིའི་ལྟེ་བ་སྟེ་ནུབ་མཚོ་གྲོང་རྡལ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ2ཡི་མཚམས་སུ་གནས་ཡོད། བཟོ་གྲྭ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5274021དང་འཛུགས་སྐྲུན་བྱས་པའི་ལས་གཞིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ25105ཡོད།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་གསུམ་པ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་གསུམ་པ་འདི་ནི221པའི་རྟེན་གཞི་ནུབ་མཚོ་གྲོང་རྡལ་ནས་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ1.5ཡི་མཚམས་སུ་གནས་ཡོད། འདིའི་ལས་གཞིའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ886464དང་ནང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ39404ཡོད།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་བཞི་བ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་བཞི་བ་འདི་ནི་ནུབ་མཚོ་གྲོང་རྡལ་ནས་བྱང་གི་ཕྱོགས་སུ་སྤྱི་ལེ1.5མཚམས་སུ་གནས་ཡོད། བཟོ་གྲྭ་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ156479དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ22984ཡོད།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་ལྔ་བ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་ལྔ་བ་འདི་ནི་མཚོ་བྱང་ཁུལ་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ10མཚམས་སུ་གནས་ཡོད། བཟོ་གྲྭ་འདིས221གི་ལས་ཁུངས་སོ་སོར་ཆུ་མཁོ་འདོན་བྱེད་པ་ཡིན། ད་ལྟ་ནུབ་མཚོ་གྲོང་རྡལ་གྱི་བཀོལ་བཞིན་པའི་ཆུ་ཡོད་ཚད་ཡན་ལག་བཟོ་གྲྭ་ལྔ་བ་འདིའི་ཆུ་ཡིན།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་དྲུག་པ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་ལག་བཟོ་གྲྭ་དྲུག་པ་འདི་ནི་ནུབ་མཚོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ7སོང་མཚམས་སུ་ཡོད། བཟོ་གྲྭ་འདིའི་སྤྱིའི་ས་ཁྱོན་ལ་སྨི་གྲུ་བཞི་མ34000དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3270ཡོད།

རིགས་དབྱེ།  

ཡན་ལག་བཟོ་གྲྭ་བདུན་པ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པའི221གི་ཡན་བཟོ་གྲྭ་བདུན་པ་འདི་ནི་ནུབ་མཚོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ6སོང་བའི་མཚམས་སུ་ཡོད། འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ178600དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ16500ཡོད།

རིགས་དབྱེ།  

ཝོ་ལོག་བྱེ་སྒོ།

མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོའི་ཁོངས་སུ་ཡོད་པའི་ཝོ་ལོག་བྱེ་སྒོ་ནི་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ40ཡི་མཚམས་སུ་ཡོད་ལ། སའི་གོ་ལའི་འཕྲེད་ཐིག་བྱང་མ36°21′གཞུང་ཐིག་ཤར་མ 100°39′ལ་གནས་ཡོད། ལ་གནས་ཡོད།

རིགས་དབྱེ།  

འབྲུག་མོའི་ཟངས་ང་།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ20ཡི་མཚམས་ཀྱི་མདའ་བཞི་སྡེ་བའི་ནང་དུ་ཡོད་པའི་འབྲུག་མོའི་ཟངས་ང་ཡི་མཚོ་འཕགས་ལ་སྨི3600ཡོད་པ་དང་། དེའི་མིང་ཐོགས་དོན་ནི། གེ་སར་ཧོར་ཡུལ་དུ་དམག་ལ་ཆས་དུས་འབྲུག་མོས་གེ་སར་སྐྱེལ་མ་བྱས་པ་དང་། གནས་དེར་རྡོའི་ཟངས་ང་ཆེན་པོ་ཞིག་གི་ནང་དུ་ཇ་བསྐོལ་ནས་གེ་སར་ལ་དྲངས་པས་ན་འབྲུག་མོའི་ཟངས་ང་ཞེས་ཐོགས།

རིགས་དབྱེ།  

དཔལ་བཟང་ལུང་མདོའི་ཤར་གྱི་བང་སོ།

མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་བདེ་སྐྱིད་སྡེ་བའི་ལྷོ་རུ་ཡོད་པའི་དཔལ་བཟང་ལུང་མདོའི་ཤར་གྱི་བང་སོ་འདིའི་མཚོ་འཕགས་ལ་སྨི3300ཡོད། སྤྱི་ལོ1988ལོའི་ཟླ5བའི་ཚེས19ཉིན་རྫོང་རིམ་པའི་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བཞག་པ་དང་ཁྱབ་བསྒྲགས་རྡོ་རིང་བསླངས་ཡོད།

རིགས་དབྱེ།  

དཔལ་བཟང་ལུང་མདོའི་ནུབ་གྱི་བང་སོ།

མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་བདེ་སྐྱིད་སྡེ་བའི་དཔལ་བཟང་ལུང་མདོའི་ནུབ་ཀྱི་བང་སོ་འདི་ནི་ནུབ་ཕྱོགས་ཀྱི་སྒང་འབུར་ཞིག་གི་སྟེང་དུ་ཡོད་པ་དང་། མཚོ་འཕགས་ལ་སྨི3300ཡོད། ཁ་རུབ་རིག་གནས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1988ལོའི་ཟླ5པའི་ཚེས19ཉིན་རྫོང་རིམ་པའི་རིག་དངོས་སྡེ་ཁག་གི་གྲས་སུ་བདམས་པ་དང་ལྷན་ཅིག་ཁྱབ་བསྒྲགས་རྡོ་རིང་བསླངས་ཡོད།

རིགས་དབྱེ།  

དེའུ་དྲུག་བང་སོ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་དེའུ་དྲུག་སྡེ་བར་ཡོད་པའི་བང་སོ་འདི་ནི་གནའ་རྫས་རྟོག་དཔྱོད་པས་ཞིབ་འཇུག་བྱས་མཐར་ཁ་རུབ་རིག་གནས་སུ་གཏོགས་པར་ཐག་གཅོད་བྱས་ཤིང་། སྤྱི་ལོ1986ལོའི་ཟླ5པའི་ཚེས27ཉིན་ཞིང་ཆེན་རིམ་པས་སྲུང་སྐྱོབ་སྡེ་ཁག་གི་རིག་དངོས་ཡིན་པར་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

སྐད་རིགས་འཇིག་པའི་ཉེན་ཁ་ལྔ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་སྒྲིག་འོག་རྒྱལ་སྤྱིའི་སྐད་བརྡ་རིག་པའི་མཁས་དབང་དང་། སྐད་ཡིག་ཆེད་མཁས་པ་གང་མང་ལྷན་འཛོམས་ཀྱིས་སྐད་ཡིག་སྐོར་ལ་ཞིབ་འཇུག་བྱས་རྗེས་སྐད་ཡིག་འཇིག་པའི་ཉེན་ཁ་ལྔ་ངོས་འཛིན་བྱས་འདུག

རིགས་དབྱེ།  

ཞལ་ཁེབས།

ཞལ་ཁེབས་དེ་ནི་གསུང་རབ་ཀྱི་དབུ་ཤོག་ནང་མར་ཡོད་པ་ཞིག་ཡིན། ཆེས་ཐོག་མའི་ཞལ་ཁེབས་ནི་ཤོག་བུས་དོད་བྱས་པ་ཞིག་ཡིན།

རིགས་དབྱེ།  

དཔེ་རས།

དཔེ་རས་ཀྱི་བྱེད་ནུས་གཙོ་བོ་ནི་གནའ་དཔེ་དེར་རྡུལ་དྲེག་མི་ཡོང་བ་དང་ཙི་ཙི་དང་འབུའི་གནོད་པ་མི་ཡོང་བའི་ཆེད་དུ་ཡིན་ལ། བོད་ཀྱི་གསུང་རབ་ལ་གྲུབ་མཐའ་མི་འདྲ་བའི་དབང་གི་དཔེ་རས་ཡང་ཁ་དོག་མི་འདྲ་བ་བསྒྲོན་སྲོལ་ཡོད་པ་སྟེ། དགེ་ལུགས་ཡིན་ན་སེར་པོ། རྙིང་མ་ཡིན་ན་དམར་བོ། བོན་པོ་ཡིན་ན་སྔོན་པོ་སོགས་འདུག

རིགས་དབྱེ།  

དབུ་ཞབས་ལྷ་སྐུ།

དབུ་ཞབས་ལྷ་སྐུ་ནི་བོད་ཀྱི་གསུང་རབ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེ་ནི་གནའ་དཔེའི་དབུ་ཤོག་གི་སྲིབ་ངོས་དང་། ཞབས་ཤོག་གི་ཉིན་ངོའི་གཡས་གཡོན་གཉིས་སུ་གསུང་རབ་ཀྱི་གཞུང་དང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་ཀྱི་སློབ་དཔོན་གོང་མ་དག་གི་སྐུ་བརྙན་དང་གཞུང་དེ་མཛད་མཁན་གྱི་མཛད་པ་པོ། གསུང་རབ་དེ་བྲིས་དཔར་བཞེངས་སོགས་ཀྱི་བྱ་བར་དཔལ་འབྱོར་གྱི་ཐོག་ནས་ཕྱར་བ་གྲུ་འདེགས་གནང་མཁན་གྱི་སྦྱིན་པའི་བདག་པོ་དང་ནང་བསྟན་སྲུང་མ་སོགས་ཀྱི་སྐུ་བརྙན་བྲིས་བརྐོས་གནང་ཡོད་པ་དེ་ལ་དབུ་ཞབས་ཀྱི་ལྷ་སྐུ་ཞེས་བརྗོད་ཀྱི་ཡོད།

རིགས་དབྱེ།  

དབུ་ཞབས་ལྷ་སྐུའི་སྒྱུ་རྩལ།

དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་ནི་གཙོ་བོ་བོད་ཀྱི་གསུང་རབ་ཀྱི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་རི་མོའི་གྲུབ་མཐའ་གང་ཞིག་གི་གནའ་དཔེ་ཡིན་པ་བརྟག་ཐུབ་པ་ཞིག་ཡིན།

རིགས་དབྱེ།  

ཐེམ་བྱང་།

ཐེམ་བྱང་ཞེས་པ་ནི་སྤྱིར་ཡི་གེ་རང་གི་དག་ཆའི་ཐོག་ནས་འགྲེལ་ན། ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར། ཐེམ་བྱང་ཞེས་པ་དེ་ནི་དཀར་ཆག་གི་གོ་དོན་དང་གཅིག་མཚུངས་སུ་འདུག ཐེམ་བྱང་དུ་འགོད་དགོས་ན་གསུང་རབ་དེ་དག་གི་མཚན་བྱང་། གཞུང་ཚད་ཤོ་ལོ་ཀ་དང་། བམ་གྲངས་སོགས་མ་འཕྱུག་པར་བཀོད་པ་དེ་ལ་ཐེམ་བྱང་ཞེས་ཟེར།

རིགས་དབྱེ།  

འཕྲུལ།

འཕྲུལ་འདི་མཐོ་བོད་བཙན་པའི་རྒྱལ་རབས་སུ་བྱུང་བའི་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱིས་ཐད་ལ་གཞན་གྱི་དོ་ཟླ་བྲལ་བའི་ལེགས་སྐྱེས་དང་ཕན་ནུས་འདོན་ཐུབ་པའི་མི་དང་རིག་གནས་ཀྱི་གཞི་འདུས་ཆེ་བའི་བྱ་དངོས་སོགས་གང་རུང་ལ་རང་རང་གི་བབ་དང་བསྟུན་ཏེ་ཁྱད་བསྟོད་དུ་སྦྱར་བ་ཞིག་རེད་འདུག

རིགས་དབྱེ།  

སྒོར་ཐིག

སྒོར་ཐིག་དེ་ཡང་གཙོ་བོ་གསུང་རབ་ཀྱི་དཔེ་གཟུགས་གླེགས་བམ་མམ་སྣ་རིང་ཐོག་ཏུ་བྲིས་གནང་ཡོད་པ་ལས་དེ་མིན་གཞན་དཔེ་གཟུགས་ཤོག་དྲིལ་དང་ལྟེབས་མགོ་ཅན། ཕྱེ་མ་ལེབ་དཔེ་གཟུགས་ཀྱི་རྣམ་པའི་སྟེང་དུ་བྲིས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

གྲོ་ཚང་རྡོ་རྗེ་འཆང་།

མིང་རྒྱལ་རབས་སྐབས་སུ་བཞེངས་པའི་གྲོ་ཚང་རྡོ་རྗེ་འཆང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་མངའ་བའི་གྲོ་ཚང་རྫོང་ཁོངས་སུ་གནས་ཤིང་། ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་མིག་སྔའི་བར་དུ་བདག་སྐྱོང་བྱས་པ་ཅུང་ལེགས་པའི་དགོན་སྡེ་ཞིག་ཡིན།

རིགས་དབྱེ།  

དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང་།

དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང(དགེ་ལྡན་ཆོས་གླིང)ནི། སྔོན་ཆད་ལང་ཇུས་ལ་གཏོགས་པ་དང་། ད་ལྟ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད། མཚོ་འཕགས་ལ་སྨི1460ཡས་མས་དང་། རྫོང་སྲིད་གཞུང་གི་གནས་ཡུལ་རབ་རྒྱས་དགོན་བར་སྤྱི་ལེ་སོ་བརྒྱད་ཡོད། དགོན་པ་འདི་ནི་རབ་བྱུང་བཅུ་གཉིས་པའི་མེ་སྟག(སྤྱི་ལོ1646)ལོར་རྒྱལ་དབང་ལྔ་བ་ཆེན་པོའི་དངོས་སློབ་དོར་ཞིའམ་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་གྱིས་ཕྱག་འདེབས་གནང་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།

རིགས་དབྱེ།  

ཀོ་ས་ལའི་ཡུལ།

ལཾངྐའི་ཡུལ་དེ་རི་དེ་ནས་ནུབ་བྱང་མཚམས་སུ་རྒྱང་གྲགས་ཆིག་སྟོང་བརྒྱད་བརྒྱ་ཙམ་བགྲོད་པ་ན་ཀོ་ས་ལའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་དྲུག་སྟོང་ཙམ་དང་། དབུས་ཀྱི་མཁར་ཆེན་པོ་རྒྱང་གྲགས་བཞི་བཅུ་ལྷག་ཙམ་རི་བྲག་ནགས་ཚལ་མཚོ་རྫིང་སྤེལ་མར་ཡོད་པ། འབྲུ་སྣ་ཚོགས་འདེབས་པ་དང་ལྗོངས་ཆེ་ཆུང་ཕན་ཚུན་མཐོང་བ། གྲོང་ལྗོངས་ཐམས་ཅད་ལ་མི་ཁྱིམ་གྱིས་གང་བ། ཕྱི་ནང་གཉིས་ཀ་ལ་དད་མོས་མཉམ་པ། ཡོན་ཏན་དོན་དུ་གཉེར་བ། བདག་པོ་རྒྱལ་རིགས་ཡིན་པ་ལ་མཁས་པར་གྲགས་པ་བྱམས་པ་སྙིང་རྗེ་ཆེ་ཞིང་དཀོན་མཆོག་སྤྱི་བོར་བཀུར་བ། གཙུག་ལག་ཁང་བརྒྱ་ལྷག་པར་དགེ་འདུན་ཁྲིར་ཉེ་བ་ཐམས་ཅད་ཐེག་ཆེན་པ། མུ་སྟེགས་པའི་ལྷ་ཁང་བདུན་ཅུ་ལྷག་པར་ཕྱི་པ་རིགས་མི་གཅིག་པ་འདྲེས་ཏེ་གནས་སོ།།

རིགས་དབྱེ།  

གེ་སར་རྒྱལ་པོའི་བསང་ཁྲི།

དེ་ནི་མཚོ་སྔོན་མགོ་ལོག་ཁུལ་གྱི་རྟ་བོའི་ཉེ་འགྲམ་ཨ་མྱེས་རྨ་ཆེན་གངས་རིའི་ཉེ་འདབས་ཀྱི་རྟ་བོ་ཡུལ་ཚོ་དང་སྡོམ་ཤོག་ཡུལ་ཚོའི་ས་མཚམས་ན་བསང་གི་ཁ་ཟེར་བའི་ཉག་ཁ་ཞིག་ཡོད། ཉག་ཁ་དེར་རྡོ་ཕ་བོང་མང་པོ་ལས་བརྩིགས་པའི་བསང་ཁྲི་གྲུ་བཞི་མ་ཁང་མིག་གཅིག་གི་ཆེ་ཆུང་དང་མཉམ་པ་ཞིག་ཡོད་པ་དེར་ཟེར།

རིགས་དབྱེ།  

རྟེན་མཛོད་ཁང་།

རྟེན་མཛོད་ཁང་ཟེར་བ་ནི་ཕྱི་རྒྱལ་ནས་དར་བའི་རིག་དངོས་ཀྱི་རྣམ་པ་ཞིག་ཡིན་པ་དང་དེ་ཡང་ཐོག་མར་རིག་གནས་ཀྱི་དངོས་པོ་གསོག་འཇོག་བྱེད་པའི་གནས་གཞི་ཙམ་དང་། དེ་ནས་རིམ་བཞིན་ཞིབ་འཇུག་བྱེད་པའི་གནས། འགྲེམས་སྟོན་བྱེད་པའི་གནས་སོགས་ལ་ཟེར།

རིགས་དབྱེ།  

གནའ་དཔྱད་རྟོགས་ཞིབ།

སྤྱིར་གནའ་དཔྱད་རྟོགས་ཞིབ་ཟེར་བ་ནི་ལོ་ངོ་སྟོང་ཕྲག་གི་ཡུལ་དུ་དུས་དང་སྲོག་ཆགས། ལྷག་པར་དུ་སྐབས་དེའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཞིག་ཡིན།

རིགས་དབྱེ།  

རིག་དངོས་མཁོ་སྒྲུབ།

རིག་དངོས་མཁོ་སྒྲུབ་བྱེད་པ་ཟེར་བ་ནི་རྟེན་མཛོད་གང་ཞིག་གི་རང་གི་ཞིབ་འཇུག་དང་། བདག་གཉེར། འགྲེམས་སྟོན་གྱི་དགོས་པ་དམིགས་གསལ་ཅན་ལ་གཞིགས་ནས་མ་དངུལ་གྲབས་གསོག་གིས་སྤྱི་ཚོགས་ཐོག་གི་མི་སྒེར་དང་ཡང་ན་གཞན་པ་སོགས་ནས་རིན་གྱིས་ཉོས་པར་ཟེར།

རིགས་དབྱེ།