ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས། >གཞན་དག

ཧོར་ལུང་ཁོག

ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་ལྷོ་ཕྱོགས་ཀྱི་འཇོམ་ཆུའི་འབབ་རྒྱུན་དུ་གནས་ཤིང་། རྫོང་ཐོག་དང་སྤྱི་ལེ70ཡོད་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ700ལྷག་ཡོད་པ་དང་། དྲོད་འཇམ་འབྲིང་བའི་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན་པ་དང་། རང་བྱུང་རིན་ཐང་དང་རིག་གནས་རིན་ཐང་མཉམ་གནས་ཀྱི་ཡུལ་སྐོར་ས་ཁུལ་ཡིན།

རིགས་དབྱེ།  

གཟན་གྱི་མུ་ཕྲེང་།

སྐྱེ་ཚུལ་རིག་པའི་ཁྲོད་གཟན་དང་གཟན་དུ་གྱུར་བའི་འབྲེལ་བའམ་ཕན་ཚུན་འབྲེལ་བའི་རིམ་སྟར་ལ་ཟེར།

རིགས་དབྱེ།  

འོད་སྦྱོར་བྱེད་ནུས།

ལོ་ལྗང་རྒྱུ་ཡོད་པའི་སྐྱེ་དངོས་སྟེང་དུ་འོད་བརྒྱབ་ནས་སྐྱེ་དངོས་དེ་འོད་འགྱུར་འབྱུང་དང་ཐཱན་འགྱུར་འབྱུང་བྱས་ཏེ་དབྱང་གཉིས་ཐཱན་རྫས་དང་ཆུ་གཉིས་སྐྱེ་ལྡན་རྫས་སུ་གྲུབ་ནས་དབྱང་རླུང་ཕྱིར་གཏོང་བྱེད་པའི་བརྒྱུད་རིམ་དེར་ཟེར།

རིགས་དབྱེ།  

སྨར་སྲིན།

སྨར་སྲིན་ནི་ཤ་མོ་ཡིན་ཏེ། ཕྲ་ཕུང་སྙིང་པོ་རྣལ་མ་ཞིག་ཡོད་ཅིང་སྦྲུམ་ཕུང་སྐྱེད་ཐུབ་ལ་ལོ་ལྗང་རྒྱུ་མེད་པའི་བྱུང་སྔ་བའི་སྐྱེ་དངོས་ཀྱི་རིགས་ཚོགས་ཤིག་ཡིན། དེ་དག་མང་ཆེ་ཤས་ཀྱིས་སྐྱེ་མེད་དམ་སྐྱེ་བཅས་ཏན་དང་གཏེར་རྫས་ཀྱི་འབྱུང་རྒྱུ་སྣ་ཚོགས་བེད་སྤྱད་དེ་སོ་སོའི་སྤྲི་དཀར་སྦྱོར་བཟོ་བྱེད་ཀྱི་ཡོད། སྤྱིར་བཏང་མཚན་བཅས་སམ་མཚན་མེད་ཀྱི་རྒྱུད་སྤེལ་བྱེད་ཐུབ་པ་དང་། ཡལ་གར་གྱེས་པའི་སྐུད་ཕྲའི་འཚོ་བཅུད་ཕུང་པོ་ཡོད།

རིགས་དབྱེ།  

སྐྱེ་དངོས་ཁྱུ་ཚོགས།

ཡུལ་གཅིག་ཏུ་མཉམ་དུ་འཚོ་ཞིང་གནས་པའི་སྐྱེ་དངོས་ཀྱི་ཚོགས་ཀྱིས་གྲུབ་པའི་ཚོགས་སྤྱི་ལ་སྐྱེ་དངོས་ཀྱི་ཁྱུ་ཚོགས་ཞེས་ཟེར།

རིགས་དབྱེ།  

ས་བོན།

ས་བོན་ནི་ས་བོན་རྩི་ཤིང་ལ་དམིགས་བསལ་དུ་ཡོད་པའི་མཚན་མའི་དབང་པོ་ཞིག་ཡིན་པ་དང་། དེ་ནི་སྦྲུམ་རྡོག་ལ་ཟེ་ཕྱེ་འགྲམས་ནས་ཐིག་ལེ་ཞུགས་པ་བརྒྱུད་དེ་སྐྱེ་འཚར་བྱུང་བ་ཡིན་ལ། མཐུན་རྐྱེན་འཛོམས་པའི་དུས་སུ་མྱུ་གུ་འབུས་ཏེ་རྩི་ཤིང་གི་རབས་གསར་པ་སྐྱེ་ཡོང་གི་རེད།

རིགས་དབྱེ།  

ལོ་མ།

རྩི་ཤིང་གི་ལོ་མ་ནི་སྡོང་པོའི་ཚིགས་སྟེང་དུ་སྐྱེ་བ་དང་། དེ་ནི་རྩི་ཤིང་གི་འོད་སྦྱོར་བྱེད་ལས་རྩོམ་པ་དང་འཚོ་བཅུད་སྦྱོར་བཟོ་བྱེད་པའི་དབང་པོ་གལ་ཆེན་ཞིག་ཡིན། ལོ་མའི་ནང་དུ་ལོ་ལྗང་རྒྱུ་ཡོད་པ་དེས་ཉི་འོད་བསྡུ་ལེན་བྱེད་ཐུབ་པ་དང་། ཕུང་པོའི་ནང་གི་དབྱང་གཉིས་ཐཱན་འགྱུར་དང་ཆུ་ཉིད་རྩི་ཤིང་སྐྱེ་འཚར་ཡོང་རྒྱུར་དགོས་པའི་འཚོ་བཅུད་ལ་སྦྱོར་བཟོ་བྱེད་ཐུབ་པ་རེད།

རིགས་དབྱེ།  

རྩ་བ།

རྩ་བ་ནི་རྩི་ཤིང་ཉིད་དུས་ཡུན་རིང་པོར་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་ནང་དུ་སྐམ་སར་འཚོ་བའི་བབ་ལ་བསྟུན་ཆེད་རིམ་གྱིས་བྱུང་བའི་དབང་པོ་ལ་ཟེར།

རིགས་དབྱེ།  

མཚན་མ།

སྐྱེ་དངོས་མང་པོ་ཞིག་ལ་ཕོ་མོའི་དབྱེ་བ་ཡོད། ལྷག་པར་དུ་མཐོ་རིམ་སྲོག་ཆགས་རི་དྭགས་འདབ་ཆགས་སོགས་ལ་མཚོན་ན་མཚན་མའི་ཁྱད་པར་གྱིས་མི་ཚད་ལུས་བོངས་དང་ལུས་མདོག་སོགས་ཀྱི་ཐད་དུ་ཡང་ཁྱད་པར་ཆེན་པོ་ཡོད།

རིགས་དབྱེ།  

དུག་སྲིན་འགོག་སྨན།

དུག་སྲིན་འགོག་སྨན་ནི་སྨར་སྲིན་དང་ཐིག་སྐུད་སྲིན་ནམ་འབུ་ཕྲས་གཙོས་པའི་སྐྱེ་དངོས་ཕྲ་རབ་ཀྱིས་རྙིང་ཚབ་གསར་བརྗེའི་གོ་རིམ་ནང་དུ་བསྐྱེད་པའི་སྐྱེ་དངོས་གཞན་དག(གཙོ་བོ་སྐྱེ་དངོས་ཕྲ་རབ་ཡིན)ཚར་གཅོད་ཀྱི་བྱེད་ལས་ལྡན་པའི་རྫས་འགྱུར་དངོས་རྫས་ཤིག་ཡིན།

རིགས་དབྱེ།  

སིང་ཕྱེ།

སིང་ཕྱེ་ནི་རྒུན་ཧྭགས་ཀྱི་ཆ་རྡུལ་མང་པོ་དྲིལ་ནས་བྱུང་བའི་མང་ཧྭགས་ཡིན་པ་དང་། རྩི་ཤིང་གི་ཕྲ་ཕུང་ནང་གི་ནུས་ཚད་གསོག་བྱེད་ཀྱི་རྫས་ཡིན།

རིགས་དབྱེ།  

ཆང་།

ཆང་ནི་འབྲུ་རིགས་ཀྱི་རྒྱུ་ཆ་གཙོ་བོར་བྱས་ནས་བཟོས་པའི་བཏུང་བྱའི་རིགས་ཤིག་སྟེ། ཆང་གི་རྫས་འགྱུར་གྱི་གྲུབ་ཆ་ནི་ཨ་རག་ཉིང་ཁུ་ཡིན། བཟའ་བྱའི་ཆང་དཀར་གྱི་སྤྱིར་བཏང་གི་ཏུའུ་གྲངས་ནི་ཏུའུ60མན་ཡིན། ཆང་དཀར་བཙོ་འབྱེད་བྱས་པ་རྒྱུད་གཙང་འབྱིན་བྱས་པའི་ཏུའུ75ཡན་ཆད་ཀྱི་ཨ་རག་ཉིང་ཁུ་དེ་སྨན་ཆས་སུ་བཀོལ་སྤྱོད་པའི་ཨ་རག་ཉིང་ཁུ་ཡིན། དེ་ནས་མུ་མཐུད་དུ་བཙོ་འབྱེད་བྱས་ཏེ་ཏུའུ99.5ཡན་ཆད་ཀྱི་ཆང་དེ་ནི་ཆུ་འདྲེས་མེད་པའི་ཨ་རག་ཉིང་ཁུ་ཡིན། ཆང་ནི་འབྲུ་རིགས་རྒྱུ་ཆ་བྱས་པ་བརྒྱུད་སྐྱུར་བསྙལ་ནས་ཐོན་པའི་རྫས་ཡིན། རང་རྒྱལ་ནི་ཆང་བསྙལ་བ་སྔ་ཤོས་ཀྱི་རྒྱལ་ཁབ་ཡིན། ལོ་ངོ་སྟོང་ཕྲག2000གོང་རོལ་ནས་ཆང་བསྙལ་བའི་ལག་རྩལ་དེ་གསར་གཏོད་བྱས་ཡོད་པ་རེད།

རིགས་དབྱེ།  

ཤ་མོང་།

ཤ་མོང་གི་རིགས་རྣམས་སྐྱེ་ཚུལ་རྩི་ཤིང་གཞན་དང་ཅུང་མི་འདྲ་ཞིང་། མང་ཆེ་བ་ལོ་གཅིག་སྐྱེ་བ་ལས་རྒྱུན་དུ་རྩ་བ་གཏན་ཟུག་མེད། འབྲས་བུ་དང་ས་བོན་ཞེས་པ་དམིགས་གསལ་མེད། འདི་ལ་རིགས་མང་ཡང་ཐུན་མོང་གི་ཁྱད་ཆོས་ནི་རང་བཞིན་མཉེན་ལ་སྙི་བ། རྩ་བ་སའི་གཏིང་རིང་དུ་མི་ཟུག་པ། སྐྱེ་འཚར་མགྱོགས་ཤིང་རྒས་སླ་བ། དབྱིབས་གདུགས་དང་འདྲ་བ། ཡུ་བ་རེ་རེ་ལ་སྟེང་དུ་གདུགས་ལྟར་ཕུབ་པ། གདུགས་རྩིབ་སུལ་ཞིབ་ཅན་ཞིག་ཡིན་པའོ།།

རིགས་དབྱེ།  

རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ།

རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་ནི་རྩྭ་སའི་རྩྭ་ཐོན་ཚད(རྩྭ་གསོག་འཇོག་གི་ཚད་ཀྱང་འདུས)ཀྱིས་ཕྱུགས་ཟོག་འཚོ་སྐྱོང་གི་གྲངས་ཀ་རན་ཚོད་ཅིག་གཏན་འཁེལ་བྱེད་པ་ལ་ཟེར་རོ། །

རིགས་དབྱེ།  

རྩི་ཤིང་རིག་པ།

རྩི་ཤིང་རིག་པ་ནི་སྐྱེ་དངོས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་ནས་མགོ་བརྩམས་པའི་སྐྱེ་དངོས་རིག་པའི་ཡན་ལག་ལས་བྱུང་བའི་རིག་ཚན་ཞིག་ཡིན། གཙོ་བོ་རྩི་ཤིང་གི་རྣམ་པ་དང་། རིགས་དབྱེ། སྐྱེ་ཁམས། ཁྱབ་ཚུལ། སྐྱེ་རྒྱུད། འཕེལ་འགྱུར་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

རིགས་དབྱེ།  

གནའ་བོའི་སྐྱེ་དངོས་དང་ས་རིམ་རིག་པ།

ཀུའོ་པའོ་ཡན་དང་ལི་ཡུའེ་ཧྲེང་གིས་གཙོ་སྒྲིག་བྱས་པའི《གནའ་བོའི་སྐྱེ་དངོས་དང་ས་རིམ་རིག་པ》ཞེས་པ་དེ་གནའ་བོའི་སྐྱེ་དངོས་རིག་པ་དང་། ས་རིམ་རིག་པ། ལག་ལེན་སློབ་ཁྲིད་བཅས་ལེ་ཚན་གསུམ་དུ་དབྱེ་ཡོད་པ་དང་། ནང་དོན་བཀོད་སྒྲིག་ཐད་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་སློབ་སྦྱོང་དང་སྦྱོང་བརྡར་ཟུང་འབྲེལ། སྤྱོད་པ་ཟུང་འབྲེལ་བྱ་རྒྱུར་དོ་སྣང་གང་ལེགས་བྱས་ཡོད།

རིགས་དབྱེ།  

སྔོ་ཚོད་རིག་པ།

དེབ་འདི་ནི་སྤྱི་ལོ2004ལོར་ཅང་སུའུ་ཚན་རྩལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་ཝན་ཀྲི་ཡོན་ཡིན། དེབ་འདིའི་ནང་སྐྱེ་དངོས་རིག་པའི་གཞུང་ལུགས་རྨང་གཞིར་བྱས་ནས་སྔོ་ཚོད་རིག་པའི་ངོ་བོ་དང་ཞིབ་འཇུག་གི་ནང་དོན། དེ་མིན་ད་དུང་རང་རྒྱལ་གྱི་སྔོ་ཚོད་རིག་པ་དང་དེའི་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས། སྔོ་ཚོད་གྱི་སོན་གསོ། འདེབས་གསོ། ནད་འབུ་འགོག་བཅོས་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

མི་འབོར་སྐྱེ་ཁམས་རིག་པ།

མི་འབོར་སྐྱེ་ཁམས་རིག་པ་ནི་མི་འབོར་ཡོངས་དང་ཁོར་ཡུག་ཧྲིལ་བོའི་བར་ཕན་ཚུན་ནུས་པ་འདོན་པ་དང་། ཕན་ཚུན་ཚོད་འཛིན་བྱེད་པའི་ངོ་བོ་དང་ཁྱབ་ཁོངས། ཐབས་ཤེས་དང་དེའི་ཆོས་ཉིད་བཅས་ལ་ཞིབ་འཇུག་བྱེད་པ་དང་། ལྷག་པར་དུ་ཁོར་ཡུག་རིམ་འགྱུར་གྱི་བརྒྱུད་རིམ་དང་མི་འབོར་འགྱུར་ལྡོག་གི་བརྒྱུད་རིམ་བར་གྱི་འབྲེལ་བ་དང་། དེ་བཞིན་འབྲེལ་བ་དེ་རིགས་རིམ་འགྱུར་གྱི་ཆོས་ཉིད་དང་འཕེལ་རྒྱས་འགྲོ་ཕྱོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། འདིར་བཤད་པའི་མི་འབོར་ཡོངས་དང་ཁོར་ཡུག་ཧྲིལ་བོ་ཟེར་བ་ནི་མི་འབོར་དང་ཁོར་ཡུག་ཚང་མ་མ་ལག་ལྡན་པའི་སྒོ་ནས་ལྟ་བ་ལས། ཁེར་རྐྱང་གི་སྒོ་ནས་མི་ཞིག་གམ་ཚོགས་པ་ཞིག དམིགས་བསལ་གྱི་ཁོར་ཡུག་ཅིག་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པ་མིན། དེ་ནི་མི་འབོར་རིག་པ་དང་སྐྱེ་ཁམས་རིག་པ་ཟུང་འབྲེལ་དམ་ཟབ་བྱས་ཏེ་བྱུང་བའི་རིག་ཚན་ལས་བརྒལ་བའི་མཐའ་མཚམས་རང་བཞིན་ཅན་གྱི་ཚན་རིག་ཅིག་ཡིན་པ་ལས་མི་འབོར་རིག་པ་དང་སྐྱེ་ཁམས་རིག་པ་སྟབས་བདེའི་སྒོ་ནས་ཕན་ཚུན་བསྣན་པ་ཞིག་མིན།

རིགས་དབྱེ།  

ཀུའུ་ཅིང་ར་བའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཀུའུ་ཅིང་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཡུའེ་ཞི་རྫོང་གི་རི་བོ་ཏ་པིའེ་རི་བོའི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། སྲིད་འཛིན་ཁུལ་དེ་ཡུའེ་ཞི་རྫོང་གི་ཀྲུའུ་ཧྲི་གྲོང་རྡལ་དང་། ཡའོ་ཧོ་ཞང་། ཝུའེ་ལིང་ཞང་བཅས་ཀྱི་ཁོངས་སུ་གཏོགས་པ་རེད། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང7904.3ཟིན་ནས་ཁུལ་ཡོངས་སུ་ནགས་ཚལ་ཁྱབ་ཚད93.33%ཟིན་ཡོད། ས་གནས་དེ་གའི་སྲུང་སྐྱོང་གི་རིན་ཐང་ལྡན་པའི་རྩི་ཤིང་གི་གདོད་མའི་གནས་ཡུལ་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་མང་ཆེ་བ་ཚུད་ཡོད་པས་བལྟོས་བཅས་ཀྱིས་རང་ཚུགས་དང་དཔེ་མཚོན་གྱི་སྣོད་བཅུད་མ་ལག་གི་རང་བྱུང་ཕྱོགས་བསྡུས་ཕུང་པོ་ཞིག་ཆགས་ཡོད་པ་རེད། སྲུང་སྐྱོང་ཁུལ་ནི་བྱང་གི་ཚ་ཁུལ་ཕལ་བའི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་དང་ལོ་མ་ལྷུང་བའི་ལོ་མ་ཆེ་བའི་ནགས་ཚལ་ལ་སྲུང་སྐྱོང་བྱ་རྒྱུ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་ཡུལ་གཙོ་བོར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། སྤྱི་ལོ2016ལོའི་ཟླ5པའི་ཚེས2ཉིན་སྲུང་སྐྱོང་ཁུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་ཡོད།

རིགས་དབྱེ།  

ཧྲན་ཞི་ཧེ་ཁྲ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཧྲན་ཞི་ཧེ་ཁྲ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ལུའི་ལྭིང་རི་བོའི་དབུས་རྒྱུད་དུ་གནས་ཤིང་། དེ་ནི་ཅིན་ནུབ་བྱང་གི་རི་དམའ་བའི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང24415.4ཡོད། སྲུང་སྐྱོང་ཁུལ་དེས་གཙོ་བོ་དྲོད་འཇམ་ཁུལ་གྱི་ལོ་ལྟུང་ལོ་ཆེན་ནགས་ཚལ་དང་དྲོད་ཁུལ་རྩྭ་ཐང་སྣོལ་འདྲེས་ཁུལ་གྱི་སྐྱེ་ཁམས་མ་ལག་དང་། བྱ་དེ་ཁམ་ནག གླ་བ། གཟིག སྨུག་ཚེར་མེ་ཏོག་སོགས་སྣ་མའི་རིགས་ཀྱི་རྩི་ཤིང་དང་། སྦྱར་སྔོ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཆིའུ་ཧྲུའེ་གཙང་བོའི་ཆུ་མགོ་དང་ཝེ་ཧྥུན་གཙང་བོའི་ཆུ་མགོ་བཅས་སྲུང་སྐྱོང་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཧྲན་ཞི་ལིང་ཁུང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ལིང་ཁུང་རི་བོ་ནི་ཆིན་ཡོན་ནུབ་བྱང་རྒྱུད་ཀྱི་ཝུའུ་ལུང་ཁྲོན་ཞང་དུ་གནས་པ་དང་རྫོང་མཁར་དང་བར་ཐག་སྤྱི་ལེ40ཙམ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1600-1850བར་ཡིན་པ་དང་། ཆེས་མཐོ་བའི་རི་རྩེ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1953ཡོད། བྲག་རྡོའི་ས་གཤིས་ནི་ཧན་ཝུའུ་དུས་རབས་ཀྱི་རྡོ་ཐལ་བྲག་རྡོ་ཡིན་ཞིང་། གྲུབ་ཚུལ་འགུལ་སྐྱོད་དྲག་པོ་བྱས་པའི་དབང་གིས་ས་ཤུན་ལ་འགྱུར་ལྡོག་བྱུང་བ་དང་། རྒྱ་ཁྱོན་ཆེ་བའི་རྨང་གཞིའི་བྲག་རྡོ་ཕྱིར་མངོན་པ་དང་ལུང་ཤུར་ཅུང་ཟབ་པ་རེད། རིའི་དཀྱིལ་དུ་ལུང་ཤུར་གསུམ་འདྲེས་ནས་ཉེན་ཁ་ཆེ་བའི་གྲོག་རོང་ཞིག་ཆགས་ཡོད། བྲག་རྡོའི་སྟེང་དུ་དུས་རབས་བཞི་པའི་ས་སེར་རྙིང་པས་ཁེབས་ཡོད་པ་དང་། རྩི་ཤིང་སྐྱེ་འཚར་ལ་འཚམ་པ་མ་ཟད་ཆར་ཆུ་འབེལ་པོ་ཡོད་པས་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་ཞིང་། མེ་ཏོག་སྣ་བརྒྱས་རི་ཀླུང་ཁྱབ་ཡོད།

རིགས་དབྱེ།  

ཧྲན་ཞི་ཐའེ་ཁོན་གཙང་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཧྲན་ཞི་ཐའེ་ཁོན་གཙང་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཀྲུང་ཐིའོ་རི་བོའི་དབུས་ཀྱི་ནུབ་མཐའ་རུ་གནས་ཤིང་། ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཞཱ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང24276.70ཡོད་ཅིང་། ནགས་ཚལ་ཁེབས་ཚད88.7%ཟིན་ཡོད། སྲུང་སྐྱོང་ཁུལ་དུ་ནགས་ཀྱི་རིགས་སྣ་མང་བ་དང་། ནགས་ཚལ་གྱི་རྒྱ་ཁྱོན་དང་ཉར་ཚགས་གནས་ཚུལ་གཞི་རྩའི་ཆ་ནས་འཐུས་ཚང་ཡིན་པའི་བེ་ལོའི་རིགས་ཀྱི་ནགས་ཚལ་ཡོད་ལ། རང་རྒྱལ་གྱི་ཧྭ་བྱང་ས་ཁུལ་གྱི་དཔེ་མཚོན་ལྡན་པའི་དྲོད་འཇམ་ཁུལ་གྱི་ལོ་ཆེན་ནགས་ཚལ་གྱི་རྒྱུད་རྒྱུའི་ཐོན་ཁུངས་དང་གཞི་རྒྱུའི་མཛོད་གལ་ཆེན་ཞིག་ཡིན་པས། ཧྭ་བྱང་ས་ཁུལ་ཧྲིལ་བོའི་ནགས་ཚལ་གཉེར་སྐྱོང་དང་ནགས་ཚལ་བསྐྱར་སྐྲུན་ཐད་རིན་ཐང་གལ་ཆེན་ལྡན་ཡོད།

རིགས་དབྱེ།  

ནང་སོག་སའེ་ཧན་ཝུའུ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ནང་སོག་གི་སའེ་ཧན་ཝུའུ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ནང་སོག་ཁྲི་ཧྥུང་གྲོང་ཁྱེར་པཱ་ལིན་ཆི་གཡས་པའི་བྱང་རྒྱུད་དུ་གནས་ཤིང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག118°18′-118°55′དང་། བྱང་གི་འཕྲེད་ཐིག43°59′-44°27′གྱི་མཚམས་སུ་ཡོད། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི10.04ཡོད། སྲུང་སྐྱོང་ཁུལ་དེ་སྤྱི་ལོ1997ལོར་བསྐྲུན་པ་དང་སྤྱི་ལོ2000ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་རེད། ནང་སོག་སའེ་ཧན་ཝུའུ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་དེ་དག་འཚོ་གནས་བྱེད་སའི་ནགས་ཚལ་དང་། རྩྭ་ཐང་། བརླན་ས་སོགས་སྣ་མང་གི་སྐྱེ་ཁམས་མ་ལག་གཙོ་བོར་སྲུང་སྐྱོབ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།

རིགས་དབྱེ།  

ནང་སོག་ཏཱ་ལི་ནུའོ་ཨེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཏཱ་ལི་ནུའོ་ཨེར་རང་བྱུང་སྲུང་སྐྱོང་ཁུལ་ནི་ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཁུ་ཧྲི་ཁུ་ཐེང་ཆིའི་ནུབ་རྒྱུད་དུ་གནས་ཤིང་། ཁུ་ཧྲི་ཁུ་ཐེང་ཆི་མི་དམངས་སྲིད་གཞུང་གནས་ཡུལ་ཅིང་ཕིང་གྲོང་རྡལ་དང་བར་ཐག་སྤྱི་ལེ90ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང119413.55ཡོད། ཏཱ་ལི་ནུའོ་ཨེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རྩ་ཆེའི་འདབ་ཆགས་དང་དེ་དག་འཚོ་གནས་བྱེད་སའི་མཚེའུ་དང་། ཆུ་བོ། ན་འདམ་ཅན་གྱི་བརླན་ས་དང་། རྩྭ་ཐང་། ནགས་ས་དང་བྱེ་ས་སོགས་སྣ་མང་ཅན་གྱི་སྐྱེ་ཁམས་མ་ལག་དང་། མེ་རིའི་རྗེས་ཤུལ། ལོ་རྒྱུས་རིག་གནས་ཀྱི་གནའ་ཤུལ་བཅས་ལ་སྲུང་སྐྱོབ་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།

རིགས་དབྱེ།  

རི་བོ་ཏཱ་ཧེ་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

དེ་ནི་ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཨའོ་ཧན་ཆིའི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཡན་ཧྲན་རི་རྒྱུད་ནུའུ་ལུའུ་ཨེར་ཧུའུ་རི་བོའི་དབུས་ཤར་རྒྱུད་དུ་གཏོགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང57096ཡོད། སྲུང་སྐྱོང་ཁུལ་དེ་སྤྱི་ལོ2001ལོའི་ཟླ6པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་ཅིང་། རྩྭ་ཐང་དང་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་སྣ་ཚོགས་དང་དེ་བཞིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་སྡོད་ཁུལ་དང་། ཞི་ལིའོ་ཆུ་བོའི་ཆུ་མགོ་གསོ་འཁྱོངས་ཁུལ་བཅས་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་བྱེད་པའི་རི་མ་ཐང་གི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།

རིགས་དབྱེ།  

ནང་སོག་ཞིང་ཨན་ལིང་ཆེ་བའི་ཧན་མཱ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

དེ་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་ཀེན་ཧུ་གྲོང་ཁྱེར་ཅིན་ཧུ་གྲོང་རྡལ་མངའ་ཁོངས་སུ་གནས་ཤིང་། ཞིང་ཨན་ལིང་ཆེ་བའི་བྱང་རྒྱུད་ཀྱི་ནུབ་བྱང་རི་ལྡེབས་ཀྱི་གདོད་མའི་ནགས་ཚལ་གྱི་དབུས་སུ་གནས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང107348ཡོད། ཤར་དུ་ཞིན་ཨན་ལིང་ཆེ་བའི་རི་རྒྱུད་ཀྱི་ས་མཚམས་གཙོ་བོར་བྱས་ཏེ་ཧེ་ལུང་ཅང་གི་ཧུའུ་ཀྲུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་ཡོད་པ་དང་། ལྷོ་ངོས་ནང་སོག་གི་ཀན་ཧུ་ཆུ་བོའི་ནགས་ལས་ཅུའུ་དང་འབྲེལ་ཡོད་ལ། ནུབ་ངོས་དང་བྱང་ངོས་ནི་ཅིན་ཧུ་ནགས་ལས་ཅུའུ་དང་ཨ་ལུང་རི་བོའི་ནགས་ལས་ཅུའུ་དང་འབྲེལ་ཡོད།

རིགས་དབྱེ།  

ནང་སོག་ཧུང་ཧྭ་ཨེར་ཅི་ཀྲང་ཙི་ཐང་ཤིང་ནགས་ཚལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

དེ་ནི་ཞིང་ཨན་ལིང་ཆེ་བའི་ལྷོ་རྒྱུད་ཀྱི་ནུབ་ངོས་སུ་གནས་ཤིང་། ཧུའུ་ལུན་པེ་ཨེར་གྲོང་ཁྱེར་ཨུ་ཝུན་ཁུ་ཆིའི་ལྷོ་སྣེ་རུ་ཡོད་པ་དང་། ཧུང་ཧྭ་ཨེར་ཅི་ནགས་ལས་ཅུའུ་ཧུང་ཧྭ་ཨེར་ཅི་ནགས་རའི་ཁུལ་དུ་གནས་ཡོད། ནུབ་ཏུ་ཧུའུ་ལུན་པེ་ཨེར་རྩྭ་ཐང་དང་ཉེ་ཞིང་། ཤར་དུ་རི་བོ་ཞིང་ཨན་ལིང་ཆེ་བའི་ནུབ་ཀྱི་ཞི་ལུའུ་དང་ཉེ། དེའི་ས་ཁམས་ཀྱི་གནས་ཚད་ནི་ཤར་གྱི་གཞུང་ཐིག119°55′05″—120°09′25″དང་། བྱང་གི་འཕྲེད་ཐིག48°02′57″—48°14′32″ཀྱི་མཚམས་སུ་ཡོད། སྤྱི་ལོ1998ལོར་སྲུང་སྐྱོང་ཁུལ་བཙུགས་ཤིང་། སྤྱི་ལོ2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང20085ཡོད། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་བྱེ་ཐང་གི་ཀྲང་ཙི་ཐང་ཤིང་ནགས་ཚལ་སྐྱེ་ཁམས་མ་ལག་ཡིན་པ་རེད།

རིགས་དབྱེ།  

ནང་སོག་ཧུའེ་ཧུ་ཆུ་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཧུའེ་ཧུ་ཆུ་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། ཨུ་ཝུན་ཁུ་རིགས་རང་སྐྱོང་ཆིའི་སྲིད་འཛིན་ས་ཁོངས་སུ་གནས་ཡོད། སྲུང་སྐྱོང་ཁུལ་གྱི་བྱང་མཚམས་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཧའེ་ལར་ཁུལ་དང་བར་ཐག་སྤྱི་ལེ22.5ཡོད་པ་དང་། ལྷོ་རྒྱུད་ཧུང་ཧྭ་ཨེར་ཅི་ཀྲང་ཙི་ཐང་ཤིང་ནགས་ཚལ་དང་འབྲེལ་ཡོད། སྲུང་སྐྱོང་ཁུལ་དེ་སྤྱི་ལོ1997ལོའི་ཟླ12པར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3468.48ཡོད་ལ། བརླན་ས་དང་། འདབ་ཆགས་རྩ་ཆེན། རྩྭ་ཐང་བཅས་སྲུང་སྐྱོང་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།

རིགས་དབྱེ།  

ནང་སོག་ཁུ་ཨེར་ཆིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ནང་སོག་ཁུ་ཨེར་ཆིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་ཁུ་ཨེར་ཆིན་གཡས་རུའི་དཀྱིལ་ཆིའི་ཤར་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང119587ཡོད་པ་དང་། ལྷོ་བྱང་རིང་གི་ཚད་ལ་སྤྱི་ལེ46ཡོད་ལ། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ44ཙམ་ཡོད། དེ་ནི་ཁུ་ཨེར་ཆིན་རྩྭ་ཐང་དང་། སོག་པོའི་ཡོ་འབོག་ཤིང་། ཞི་པོ་ལི་ཡའི་རི་སྐྱེས་ཁམ་སྡོང་ནགས་ཚལ་གྱི་མཛེས་ལྗོངས། ཁྲུང་ཁྲུང་སོགས་འདབ་ཆགས་རིགས་འཚོ་གནས་བྱེད་སའི་ཁོར་ཡུག་བརླན་ས་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྲུང་ཁུལ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གོའི་རྒྱལ་ཁབ་རྩི་ཤིང་གླིང་ག

ཀྲུང་གོའི་རྒྱལ་ཁབ་རྩི་ཤིང་གླིང་ག་ནི། སྤྱི་ལོ2021ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཀོང་ཀྲོའུ་སོགས་རྒྱལ་ཁབ་རྩི་ཤིང་གླིང་ག་མ་ལག་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་ཡིན་པ་དངོས་སུ་ཁྱབ་བསྒྲགས་གནང་ཞིང་། སྤྱི་ལོ2022ལོར་པེ་ཅིང་དུ་དངོས་སུ་སྒོ་བྱང་འགེལ་རྒྱུ་རེད། སྤྱི་ལོ2022ལོའི་ཟླ1པོའི་ཚེས5ཉིན། ཀྲུང་གོ་སྲིད་གཞུང་དྲ་བའི་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་རྩི་ཤིང་གླིང་ག་འཛུགས་པར་མོས་མཐུན་བྱུང་བའི་མཆན་བཀོད་བཀའ་ལན་གནང་།

རིགས་དབྱེ།