ཡོངས་འཛིན་རིག་མཛོད། >སློབ་གསོ། >མཐོ་འབྲིང་སློབ་གསོ།

མཐོ་འབྲིང་།

མཐོ་རིམ་སློབ་འབྲིང་གི་བསྡུས་མིང་ཡིན་ལ། རང་རྒྱལ་གྱིས་སློབ་འབྲིང་ལ་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གཉིས་སུ་ཕྱེ་ལ། འབྲིང་རིམ་སློབ་གསོའི་ཁོངས་སུ་གཏོགས། མཐོ་འབྲིང་ནི་རང་རྒྱལ་གྱི་འོས་འགན་སློབ་གསོའི་རྗེས་ཀྱི་དེ་ལས་མཐོ་བའི་སློབ་གསོའི་སྒྲིག་གཞི་ཞིག་ཡིན་ལ། སྤྱིར་བཏང་སློབ་དུས་ལོ་གསུམ་ཡིན། རང་རྒྱལ་གྱི་མཐོ་འབྲིང་སློབ་གསོར་སྤྱིར་བཏང་མཐོ་འབྲིང་དང་ལས་རིགས་མཐོ་འབྲིང་། འབྲིང་རིམ་ཆེད་ལས་སློབ་གྲྭ། ལག་རྩལ་སློབ་གྲྭ་སོགས་ཡོད་ཚད་མཐོ་འབྲིང་སློབ་གསོའི་ཁོངས་སུ་འདུས།

རིགས་དབྱེ།  

སློབ་ཕྱིའི་བྱེད་སྒོ།

སྐད་ཡིག་གི་སློབ་ཕྱིའི་བྱེད་སྒོ་སྤེལ་རྒྱུ་དེ་ཡང་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། དེའི་ནང་སློབ་ཕྱིའི་ལྟ་ཀློག་གི་བྱེད་སྒོ་དང་། རྩོམ་འབྲིའི་བྱེད་སྒོ། ཉན་རྒྱུ་དང་ཤོད་རྒྱུའི་བྱེད་སྒོ། ལྟ་སྐོར་དང་འཚམས་འདྲིའི་བྱེད་སྒོ་བཅས་ཚུད་ཡོད།

རིགས་དབྱེ།  

རིག་སྟོབས།

རིག་སྟོབས་ནི་མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་དབྱེ་འབྱེད་དང་། བརྡར་ཤ་གཅོད་པ། འཆར་སྒོ་རིགས་འདེད་སོགས་བྱེད་པའི་ནུས་པ་ཞིག་ཡིན། དེའི་ནང་དོ་སྣང་གི་ནུས་པ་དང་བལྟ་ཞིབ་ཀྱི་ནུས་པ། དྲན་ཤེས་ཀྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ་སོགས་ཚུད་ཡོད། དེའི་སྲོག་ཤིང་ནི་མིའི་བསམ་གཞིགས་ཀྱི་ནུས་པ་དེ་ཡིན།

རིགས་དབྱེ།  

རང་སྦྱོང་ནུས་པ།

སློབ་འབྲིང་སློབ་མར་སྐད་ཡིག་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པར་མཛུབ་ཁྲིད་བྱ་རྒྱུ་ནི་དོན་དངོས་ཐོག་སློབ་མར་མིའི་རིགས་ཀྱི་ཤེས་བྱའི་བང་མཛོད་ཀྱི་ལྡེ་མིག་སྤྲད་པ་ཞིག་དང་། སློབ་འབྲིང་སློབ་མར་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་པའི་བརྒྱུད་རིམ་ནི་དོན་དངོས་ཐོག་སློབ་བུ་རང་གིས་རང་རྐྱ་འཕེར་བའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་རང་ཉིད་ཀྱི་སློབ་སྦྱོང་ནུས་པ་སྦྱོང་བའི་བརྒྱུད་རིམ་ཡིན། ལས་དོན་དེ་ཡག་པོ་ཞིག་བསྒྲུབ་དགོས་ན་སློབ་འབྲིང་སློབ་མས་ངེས་པར་དུ་སྐད་ཡིག་རང་སྦྱོང་བྱེད་པའི་གྲུབ་ཆ་གང་ཡིན་རྟོགས་དགོས།

རིགས་དབྱེ།  

ཞིབ་ཀློག་སྦྱོང་བརྡར།

ཞིབ་ཀློག་ནི་ཞིབ་ཚགས་པོའི་སྒོ་ནས་ཀློག་པ་དང་ཡང་སྐོར་བསྐྱར་སྐོར་དུ་ཀློག་དགོས་པ་ཞིག་ཡིན། ཞིབ་ཀློག་བྱེད་སྐབས་ནན་ཏན་ངང་ཡི་གེར་ཞིབ་བརྟག་ཡང་ཡང་བྱེད་པ་དང་། ཡང་དག་པའི་སྒོ་ནས་རྩོམ་གྱི་གྲུབ་ཆར་གོ་བ་བླངས་ཏེ་བརྗོད་སྙིང་བཟུང་བ་དང་། རྩོམ་འབྲིའི་དམིགས་ཡུལ་ཤེས་རྟོགས། བསམ་བློའི་བརྩེ་དུང་ལ་མྱོང་ཞིབ། རྩོམ་པ་པོའི་བསམ་བཀོད་དང་གཙོ་བོའི་མཚོན་ཐབས་ཤེས་རྟོགས་བཅས་བྱེད་དགོས།

རིགས་དབྱེ།  

རགས་ཀློག་སྦྱོང་བརྡར།

རགས་ཀློག་ནི་ཀློག་པ་པོས་རང་འདོད་ལྟར་འདེམས་གསེས་སྒོས་བལྟ་ཀློག་བྱེད་པ་ཞིག་ཡིན་ཏེ། ཧ་ཅང་མྱུར་བའི་སྒོ་ནས་བལྟས་ཏེ་རྩོམ་ཡིག་གི་ནང་དོན་སྤྱིའི་ཆ་ལ་རྒྱུས་ལོན་བྱེད་པ་ཞིག་ཡིན། སྦྱོར་བརྡར་ཐོབ་ཟིན་པའི་ཀློག་པ་པོ་ཞིག་ལ་མཚོན་ན་སྐར་མ་རེར་ཡིག་འབྲུ3000-4000ནང་ཀློག་ཐུབ།

རིགས་དབྱེ།  

མཇུག་བསྡུ་བའི་ནུས་རྩལ།

སློབ་ཐུན་གཅིག་མཇུག་སྒྲིལ་ལ་ཉེ་བའི་སྐབས་དགེ་རྒན་གྱིས་སློབ་མ་ཚང་མ་སྒྲིག་འཛུགས་བྱས་ནས་སློབ་ཐུན་འདིའི་ནང་འཆད་ཟིན་པའི་སློབ་ཚན་དེའི་སྒྲིག་གཞིའམ་གཙོ་གནད་ནང་དོན་ཁག་ལ་ཐོག་མའི་ཕྱོགས་བསྡོམས་བྱེད་པའམ། སློབ་ཚན་དེའི་སྒྲིག་གཞི་དང་། གཙོ་དོན། རྩོམ་རྩལ་གྱི་ཁྱད་ཆོས་སོགས་ལ་ཕྱོགས་བསྡོམས་རགས་པ་བྱས་ཏེ། སྦྱངས་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་དང་བེད་སྤྱོད་གཏོང་རྒྱུར་རམ་འདེགས་དང་། ནུས་པ་གསོ་སྐྱོང་བྱས་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་སེམས་ཤུགས་འདོན་སྤེལ་བྱེད་ཐུབ་པའི་ཆེད་དུ་ཡིན་པས་ན་དེ་ལྟ་བུའི་ནུས་རྩལ་ལ་མཇུག་བསྡུ་བའི་ནུས་རྩལ་ཞེས་ཟེར།

རིགས་དབྱེ།  

རིག་ཚན་ནུས་པའི་རྒྱུགས་ལེན།

རིག་ཚན་གང་གི་རྒྱུགས་ལེན་ཡིན་རུང་སོ་སོའི་ནུས་པར་རྒྱུགས་ལེན་བྱ་རྒྱུར་མཐོང་ཆེན་བྱ་དགོས། སྐད་གཞན་དང་འདྲ་བར་བོད་སྐད་ཡིག་ནི་བཀོལ་སྤྱོད་ནུས་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ་གང་ཞིག་བཀོལ་སྤྱོད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་འདི་ཡང་ལག་ལེན་ལ་བརྟེན་དགོས་པས་ལག་ལེན་གྱི་རང་བཞིན་ནི་རིག་ཚན་དེའི་ཁྱད་ཆོས་གཙོ་བོ་དེ་ཡིན།

རིགས་དབྱེ།  

ལྟ་ཀློག་ནུས་པའི་རྒྱུགས་ལེན།

ཁེར་རྐྱང་གི་རྣམ་གྲངས་ཞིག་གི་ངོས་ནས་ཁྱབ་སྤེལ་དང་ཞིབ་འཇུག་བྱེད་པ་ནི་ཉེ་བའི་ལོ་བཅུ་ལྷག་ཙམ་གྱི་གནད་དོན་ཞིག་ཡིན།

རིགས་དབྱེ།  

རྩོམ་འབྲིའི་ནུས་པའི་རྒྱུགས་ལེན།

རྩོམ་ཡིག་ནི་མིའི་ལྟ་བའི་བསམ་གཞིགས་དང་སྐད་ཆའི་རྩ་འཛུགས་བརྒྱུད་པ་ལས། ཡི་གེ་ལ་བརྟེན་ནས་གཙོ་ཚིག་ཞིབ་བརྗོད་བྱེད་པའི་ཐབས་ལ་ཟེར། དེ་ལ་སློབ་ཆུང་གི་རྩོམ་ཡིག་དང་སློབ་འབྲིང་གི་རྩོམ་ཡིག སློབ་ཆེན་གྱི་རྩོམ་ཡིག རྩོམ་ལུས་ལ་དོན་བརྗོད་ལ་རྩོམ་ཡིག གསལ་བཤད་རྩོམ་ཡིག རྒྱུན་སྤྱོད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ཡོད།

རིགས་དབྱེ།  

ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་།

ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་ནི་བཅའ་སྡོད་ལམ་ལུགས་ཀྱི་བོད་ཡིག་སློབ་འབྲིང་ཞིག་ཡིན་ལ། སློབ་གྲྭ་འདི་ནི་སྔར་གྱི་ཧུང་ཡོན་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་བྱ་བ་དེ་ཡིན་ལ། སྤྱི་ལོ1994ལོའི་ཟླ7པར་ཁུལ་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་མིང་ལ་ཧུང་ཡོན་རྫོང་བཅའ་སྡོད་ལམ་ལུགས་ཀྱི་བོད་ཡིག་དམའ་རིམ་སློབ་འབྲིང་ཟེར་ཞིང་། བསྡུས་མིང་ལ་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་ཟེར།

རིགས་དབྱེ།  

མའོ་རྫོང་སློབ་འབྲིང་།

མའོ་རྫོང་སློབ་འབྲིང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་རིམ་པའི་མཐོ་དམའ་གཉིས་ལྡན་གྱི་སློབ་འབྲིང་དང་བོ་ཡིན་ལ། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82500ཡོད། མཐོ་འབྲིང་སློབ་གསོ་དང་དམའ་འབྲིང་སློབ་གསོ་གཉིས་སུ་བགོས་ཡོད། དགེ་བཟོ་བ234དང་། སློབ་མ2900དང་། འཛིན་གྲྭ56བཅས་ཡོད་པ་དང་། དེ་ནི་ཁུལ་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་འབྲིང་སློབ་གྲྭ་ཞིག་ཡིན། སྤྱི་ལོ1941ལོར་བཙུགས་ཤིང་། སྤྱི་ལོ2005ལོའི་བར་མའོ་རྫོང་སློབ་འབྲིང་ནས་མཐོ་དམའ་འབྲིང་གི་སློབ་མ་བསྡོམས་པས་སྐབས55མཐར་ཕྱིན་སོང་བ་དང་། མཐོ་རིམ་སློབ་གྲྭ་ལ་ཚད་མཐུན་མི་སྣ8000ལྷག་སྐྱེལ་ཟིན།

རིགས་དབྱེ།  

མའོ་རྫོང་མི་རིགས་སློབ་འབྲིང་།

མའོ་རྫོང་མི་རིགས་སློབ་འབྲིང་ནི་སི་ཁྲོན་ནུབ་བྱང་མཐོ་སྒང་གི་རྨིན་ཅང་སྟོད་རྒྱུད་ཀྱི་རྔ་བ་ཁུལ་མའོ་རྫོང་དུ་གནས་ཡོད་པ་དང་། སྤྱི་ལོ1987ལོར་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་སུ་ཆའང་རིགས་འདུས་སྡོད་བྱས་ཡོད་པའི་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་ཞིག་ཡིན་པ་དང་། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ24190ཡོད།

རིགས་དབྱེ།  

ལི་ཤུའི་མཐོ་སློབ།

སློབ་གྲྭ་འདི་ནི་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་སྤྱི་ལོ2009ལོར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་དྷེ་ར་དྷུན(Dehradun)དུ་ཕྱག་བཏབ་པའི་ལི་ཤུའི་མཐོ་སློབ་ཞེས་པ་དེ་ཡིན།

རིགས་དབྱེ།  

སྦྱངས་འབྲས་ཞན་པའི་སློབ་མ་སྐྱོང་ཐབས།

ང་ཚོས་གོམས་གཤིས་སུ་སྦྱངས་འབྲས་ཞན་པའི་སློབ་མར་རྒྱུན་པར་རྗེས་ལུས་སློབ་མ་ཞེས་འབོད་ཅིང་། དུས་རྒྱུན་དུ་དགེ་རྒན་དང་སློབ་གྲོགས་ཚོས་མཐོང་ཆུང་དང་དམའ་འབེབས་བྱས་སྟབས། ཁོ་ཚོའི་རྒྱུད་ལའང་རང་ཉིད་ཉམ་ཆུང་ནུས་མེད་ཅིག་རེད་སྙམ་པའི་འདུ་ཤེས་བཟུང་ནས། གང་ཐད་ནས་ཅི་ཡང་བསྒྲུབ་མི་འདོད་པའི་རང་གཤིས་ཤིག་ཆགས་ཡོད། དགེ་རྒན་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་གྱི་སློབ་གསོའི་ཁྲོད་ནས་སྦྱངས་འབྲས་ཞན་པའི་སློབ་མའམ་རྗེས་ལུས་སློབ་མ་སྐྱེད་སྲིང་གང་ལེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

རིགས་དབྱེ།  

སློབ་གླིང་རིག་གནས།

སློབ་གླིང་རིག་གནས་ཞེས་པ་ནི་སློབ་མ་དཀྱིལ་སྙིང་དང་སློབ་གླིང་བར་སྟོང་དུ་བྱས་ནས་མི་གཤིས་གསོ་སྐྱོང་གི་ཁ་ཕྱོགས་གཅིག་ལ་འབད་པ་དང་། བསམ་པའི་རིག་གནས་དང་སྤྱོད་ལམ་རིག་གནས། ལམ་ལུགས་རིག་གནས་སོགས་ཀྱི་འཛུགས་སྐྲུན་ལྟེ་བར་འཆང་ཞིང་། སློབ་རའི་དཔལ་ཡོན་དང་སྙིང་སྟོབས་ཁྱད་ཆོས་སུ་བྱས་པའི་ཐུན་མོང་གི་རིག་གནས་སྣང་ཚུལ་ཞིག་ལ་བྱ།

རིགས་དབྱེ།  

རྩོམ་ཡིག་ཁྲིད་ཐབས།

རྩོམ་ཡིག་ནི་སློབ་ཕྲུག་གི་ཤེས་བྱའི་ཆུ་ཚད་དང་བསམ་གཞིགས་བྱེད་ནུས་ཡི་གེའི་ཐོག་ནས་མཚོན་པ་ཞིག་ཡིན། སློབ་ཆུང་དུས་རིམ་གྱི་རྩོམ་ཡིག་ནི་རང་གིས་མཐོང་བ་དང་ཐོས་པ། བསམས་པ། རང་ཉིད་ཀྱི་མྱོང་བ་འོས་འཚམ་སྐད་དང་ཡི་གེའི་ཐོག་ནས་མཚོན་པར་བྱ་རྒྱུའི་བརྩམ་བྱ་ཞིག་ཡིན།

རིགས་དབྱེ།  

སྦྱངས་འབྲས་ཞན་པའི་སློབ་མ་སྐྱོང་ཐབས།

ང་ཚོས་གོམས་གཤིས་སུ་སྦྱངས་འབྲས་ཞན་པའི་སློབ་མར་རྒྱུན་པར་རྗེས་ལུས་སློབ་མ་ཞེས་འབོད་ཅིང་། དུས་རྒྱུན་དུ་དགེ་རྒན་དང་སློབ་གྲོགས་ཚོས་མཐོང་ཆུང་དང་དམའ་འབེབས་བྱས་སྟབས། ཁོ་ཚོའི་རྒྱུད་ལའང་རང་ཉིད་ཉམ་ཆུང་ནུས་མེད་ཅིག་རེད་སྙམ་པའི་འདུ་ཤེས་བཟུང་ནས། གང་ཐད་ནས་ཅི་ཡང་བསྒྲུབ་མི་འདོད་པའི་རང་གཤིས་ཤིག་ཆགས་ཡོད། དགེ་རྒན་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་གྱི་སློབ་གསོའི་ཁྲོད་ནས་སྦྱངས་འབྲས་ཞན་པའི་སློབ་མའམ་རྗེས་ལུས་སློབ་མ་སྐྱེད་སྲིང་གང་ལེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

རིགས་དབྱེ།  

འཛིན་གྲྭའི་རིག་གནས།

འཛིན་གྲྭའི་རིག་གནས་ཞེས་པ་འཛིན་གྲྭའི་སྤྱི་ཡོངས་ཀྱི་ཡོན་ཚད་ཀྱི་བསྡུས་མིང་ཡིན་ལ། སྤྱི་ཚོགས་ཀྱི་ཚོགས་པར་གྱུར་པའི་འཛིན་གྲྭའི་ཁོངས་མི་ཡོངས་སམ་ཆ་ཤས་སུ་གྲུབ་པའི་ཐུན་མོང་གི་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ། རྣམ་འགྱུར་བཅས་ཀྱིས་གྲུབ་ཡོད།

རིགས་དབྱེ།  

ཁྲི་པུའུ་སུའུ་སློབ་འབྲིང་།

ཁྲི་པུའུ་སུའུ་སློབ་འབྲིང་ནི་མའོ་རྫོང་ཡ་ཏུའུ་ཡུལ་ཚོའི་ཁྲི་པུའུ་སུའུ་ལྟེ་གནས་གྲོང་སྡེ་རུ་གནས་ཡོད། སློབ་གྲྭའི་སློབ་བསྡུའི་ཁྱབ་ཁོངས་གཙོ་བོ་ནི་ཡ་ཏུའུ་ཡུལ་ཚོ་དང་། ཆུའུ་ཀུའུ་ཡུལ་ཚོ། ཝེ་ཁྲེང་ཡུལ་ཚོ་བཅས་ཡུལ་ཚོ་གསུམ་དང་ཝ་ཏི་ཡུལ་ཚོའི་སློབ་མ་ཁ་ཤས་བསྡུ་ལེན་བྱས་ཡོད།

རིགས་དབྱེ།  

ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ།

མི་རིགས་སློབ་འབྲིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མགྲོན་བསུ་ལམ་གྱི་སྒོ་རྟགས་ཨང9བ་རུ་ཡོད།

རིགས་དབྱེ།  

མཐོ་འབྲིང་སློབ་གསོ།  བརྡ་འགྲེལ 21 ཡོད།