ཡོངས་འཛིན་རིག་མཛོད། >སློབ་གསོ། >བྱིས་པའི་སློབ་གསོ།

བྱིས་གཉོར་ཁང་།

བྱིས་གཉོར་ཁང་ནི་སློབ་སྔོན་སློབ་གསོའི་སྡེ་ཁག་ཅིག་ཡིན་ཞིང་། བྱིས་པ་རྣམས་གཅིག་བསྡུས་ཀྱིས་གསོ་སྐྱོང་དང་སློབ་གསོ་གཏོང་བ་ཡིན་ལ། རྒྱུན་དུ་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་དག་བྱིས་གཉོར་ཁང་དུ་སྐྱེལ་བ་ཡིན། བྱིས་གཉོར་ཁང་ནི་བྱིས་པ་རྣམས་ཀྱི་དགའ་དགའ་སྐྱིད་སྐྱིད་བྱེད་སའི་གནས་ཤིག་ཡིན་ལ། དེས་བྱིས་པ་རྣམས་བདེ་ཐང་དགའ་སྤྲོའི་ངང་བྱིས་དུས་ཀྱི་འཚོ་བ་སྐྱིད་པོ་ཞིག་རོལ་བར་རོགས་བྱེད་པ་ཡིན།

རིགས་དབྱེ།  

ཁྱིམ་ཚང་སློབ་གསོ།

སྤྱིར་བཏང་དུ་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་ཕ་མའམ་རྒན་པ་དག་གིས་བུ་ཕྲུག་ཚོར་སློབ་གསོ་གཏོང་བར་ཟེར་ཞིང་། སྒྲ་ཡངས་འཇུག་གི་གོ་དོན་ནི་བྱིས་པ་བཙས་ནས་ནར་སོན་པའི་བར་དུ་མྱོང་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར་བ་དང་། སྒྲ་དོག་འཇུག་གི་གོ་དོན་ནི་སློབ་ལོ་མ་རན་པའི་བྱིས་པར་སྤེལ་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར། སྤྱིར་བཏང་དུ་ཁྱིམ་ཚང་གི་སློབ་གསོའི་གནད་འགག་ནི་བྱིས་པ་བཙས་པ་ནས་ལོ་བཅོ་ལྔ་ཙམ་གྱི་བར་གྱི་སློབ་གསོ་དེ་ཡིན་ལ། བོད་ལུགས་ཀྱིས་བུ་ཕྲུག་དགོན་པར་ཆོས་ཞུགས་མ་བྱས་གོང་ཕ་མའི་སར་ཁྱིམ་གྱི་འཚོ་བ་སྐྱེལ་དགོས་པས་དེ་སྐབས་ཕ་མའི་ཐེབས་པའི་སློབ་གསོ་ཡིན།

རིགས་དབྱེ།  

དམར་འབྱར་དུས་སྐབས།

བྱིས་པ་སྐྱེས་པ་ནས་ལོ་གཅིག་གི་སྔོན་གྱི་དུས་སྐབས་ལ་དམར་འབྱར་ཟེར་ལ། སྐྱེས་པ་ནས་འཚར་ལོངས་བྱུང་བ་ཆེས་མགྱོགས་པའི་དུས་སྐབས་ཡིན་དང་། མི་ཚེའི་སྟེང་འཚར་ལོངས་ཆེས་དར་འཕེལ་འབྱུང་བའི་དུས་རིམ་དང་ཡང་ཆེས་མཐའ་འཇུག་གི་དུས་སྐབས་ཀྱང་ཡིན།

རིགས་དབྱེ།  

གསར་སྐྱེས་བྱིས་པའི་དུས།

གསར་སྐྱེས་བྱིས་པ་ནི་མངལ་ལས་སྐྱེས་ཏེ་ལྟེ་ཐག་བཅད་པ་ནས་ཉིན་ཉེར་བརྒྱད་ཀྱི་དུས་ལ་ཟེར་བ་དང་། དུས་ཡུན་རིང་པོར་འཚར་ལོངས་དང་ནད་རིགས་ཕྱོགས་ལ་ཧ་ཅང་མངོན་གསལ་གྱི་ཁྱད་ཆོས་རང་བཞིན་ལྡན་པས། ནད་འབྱུང་ཚད་མཐོ་བ་དང་ཤི་ཚད་ཀྱང་མཐོ་བ་ཡིན། དེའི་རྐྱེན་དམར་འབྱར་དུས་ཀྱི་ཆེས་ཁྱད་པར་ཅན་གྱི་དུས་ཤིག་ཡིན། དུས་སྐབས་འདིར་བྱིས་པ་ཨ་མའི་མངལ་ལས་ཁ་བྲལ་ཏེ་ཁེར་ཚུགས་ཀྱི་འཚོ་སྡོད་རྣམ་པར་གྱུར་ལ། གནས་ཡོད་པའི་ཕྱི་ནང་གི་ཁོར་ཡུག་ལ་ཡང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མོད། འོན་ཀྱང་མཐུན་པའི་ནུས་ཤུགས་ཆ་ཚང་མིན་པར་མ་ཟད། བྱིས་པ་བཙའ་དུས་གོ་རིམ་གྱི་གནོད་པ་དང་རེད་པའི་རྣམ་པ་གནས་ཡོད་ལ། ལྷན་སྐྱེས་ཀྱི་ཡ་མ་གཟུགས་ཀྱི་རྣམ་པ་ཡང་འདིའི་སྐབས་སུ་མངོན་པ་ཡིན།

རིགས་དབྱེ།  

སློབ་ལོ་རན་པའི་བྱིས་པ།

འགན་བབས་སློབ་གསོ་ཁྱབ་བརྡལ་གྱི་སློབ་གྲྭར་ཞུགས་ཆོག་པའི་ལོ་ཚད་ལ་ཐོན་པའི་བྱིས་པར་གོ་དགོས་པ་སྟེ། ལ་ལས་ལོ6དང7ནས་ལོ11དང12བར་གྱི་སློབ་ཆུང་གི་སློབ་མའི་དུས་སྐབས་ལ་སློབ་ལོ་རན་པའི་བྱིས་པ་ཟེར།

རིགས་དབྱེ།  

བློ་འབྱེད་སློབ་གསོ།

གཞུང་ལུགས་གསར་པ་མི་ཤེས་པའི་མི་དང་ལྷག་ཏུ་བྱིས་པར། ཚན་རིག་གི་ཤེས་བྱ་ཞིབ་བཤེར་བྱེད་པའི་ནུས་པ་མེད་པའི་སྐབས་སུ། ཆེས་སྟབས་བདེའི་ངང་ནས་མཇུག་འབྲས་ཡིད་ལ་འཛིན་དུ་བཅུག་སྟེ་ཚན་རིག་ཤེས་བྱ་བཀོལ་དུ་འཇུག་པ་ལས་ར་སྤྲོད་ཀྱི་གོ་རིམ་མེད་པའི་སློབ་གསོ་བྱེད་ཐབས་ལ་བློ་འབྱེད་སློབ་གསོ་ཟེར། བློ་འབྱེད་སློབ་གསོའི་རྒྱུན་སྤྱོད་བཤད་ཐབས་ནི་བློ་འབྱེད་བྱ་ཡུལ་གྱི་ཤེས་ཟིན་པའི་རྒྱུན་ཤེས་ལ་བརྟེན་ནས་གནས་ལུགས་བཤད་པ་ལས་ཚན་རིག་གི་བདེན་སྤྲོད་བྱེད་པའི་གོ་རིམ་མིན།

རིགས་དབྱེ།  

ཁྱུང་མཆུ་གྲོང་རྡལ་གྱི་བྱིས་པ་ཁང་།

ཁྱུང་མཆུ་གྲོང་རྡལ་གྱི་བྱིས་པ་ཁང་ནི་སྔར་གྱི་ལྷ་རྒྱལ་གླིང་གི་བྱིས་པ་ཁང་ཞེས་པ་དེ་ཡིན། སྤྱི་ལོ1953ལོར་ཁུལ་སྲིད་གཞུང་དེ་ལྷ་རྒྱལ་གླིང་དུ་གནས་སྤོས་ཏེ་དེར་བྱིས་པ་ཁང་བཙུགས་པའི་འཆར་གཞི་བཀོད། སྤྱི་ལོ1954ལོར་སློབ་ཚན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས། ཁུལ་རིམ་ལས་ཁུངས་ལས་བྱེད་མི་སྣའི་བུ་ཕྲུག་གི་སློབ་ལོ་མ་ལོན་གོང་གི་གྲ་སྒྲིག་སློབ་གསོའི་འགན་ཁུར་བ་དང་། སྤྱི་ལོ1960ལོའི་ཟླ6པར་ལྷ་རྒྱལ་གླིང་ནས་ཧུང་ཡོན་རྫོང་མཁར་གྱི་ཧུ་ར་མར་གནས་སྤོས་ཏེ་མིང་ལ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་བྱིས་པ་ཁང་ཞེས་བཏགས།

རིགས་དབྱེ།  

ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ།

དེབ་འདི་ནི་ཉེ་ཆར་མཐོང་དཀོན་པའི་ཁྱིམ་ཚང་སློབ་གསོའི་ཕུལ་དུ་བྱུང་བའི་དེབ་ཅིག་དང་། མ་དཔེ་ནི་བྲིན་ཆེ་ཤོས་ཀྱི་ལག་བྲིས་ཅིག་ཀྱང་ཡིན་པ་འདི་ནི་སློབ་གསོ་ཆེད་མཁས་པ་དབྱིས་ཅན་ལིའི་བུ་སྐྱོང་ཉམས་མྱོང་གི་ཟིན་ཏིག་ཅིག་གོ།

རིགས་དབྱེ།  

སྦྲུམ་བུའི་དང་ལེན།

འདིར་སྦྲུམ་བུས་ཨ་མ་ཡི་བསམ་ཚུལ་མཐའ་དག་དང་ལེན་བྱེད་པའི་སྐོར་དང་མངལ་གནས་སློབ་གསོ་ལེགས་པར་སྐྱོང་བའི་ཐབས་ལམ་བཅས་བཤད་ཡོད།

རིགས་དབྱེ།  

མ་ཁོག་སློབ་གསོ།

མ་ཁོག་སློབ་གསོ་ཟེར་བ་ནི་ཧ་ཅང་གལ་འགངས་ཆེ་ལ། ཧ་ཅང་གཟབ་དགོས་པའི་གནད་དོན་དམ་པ་ཞིག་ཡིན། སྤྱིར་བཏང་ཁྱོ་ཤུག་གཉིས་ཀས་ཆེས་ཐོག་མའི་ཕྲུ་གུ་གསོ་འདོད་ཀྱི་སྔོན་འགྲོའི་གྲ་སྒྲིག་ལ་ཟེར་ཞིང་། བུད་མེད་གང་དེའི་མངལ་དུ་ཕྲུ་གུ་ཆགས་པའི་སྔོན་ལ། སྨན་ཁང་ཚད་ལྡན་དུ་སོང་ནས་བུད་མེད་དེའི་ལུས་པོའི་འཕྲོད་བསྟེན་ལ་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས།

རིགས་དབྱེ།  

ཁྱོ་གའི་འོས་འགན།

ཁྱོ་གའི་འོས་འགན་ཟེར་བ་ནི་སྐྱེས་པ་དེའི་ཉིན་མཚན་དུས་དྲུག་ཏུ་སེམས་ཞིབ་མོའི་སྒོ་ནས་རང་གི་ཆུང་མའི་ལུས་ཁམས་དང་སེམས་ཁམས་ལ་བསྟུན་ནས་ཁྱིམ་ལས་སོགས་གཙོར་བྱས་པའི་ཁྱིམ་ཚང་ནང་གི་བྱ་བ་ཐམས་ཅད་ཀྱི་འགན་ཡོངས་སུ་རྫོགས་པ་འཁུར་དགོས་པ་ལ་ཟེར།

རིགས་དབྱེ།  

མེང་ཐའེ་སུའོ་ལིའི་སློབ་གསོ།

མེང་ཐའེ་སུའོ་ལིའི་སློབ་གསོ་ནི་དབྱི་ཐ་ལིའི་བུད་མེད་སློབ་གསོ་མཁས་ཅན་མཱ་ལི་ཡ་མེང་ཐའེ་སུའོ་ལིའི་མིང་ཐོག་ནས་བཏགས་པའི་སློབ་གསོའི་ཐབས་ལམ་ཤིག་ཡིན་ལ 《ཕྲུ་གུའི་ཁྱིམ་དུ་སྤྱོད་པའི་ཚན་རིག་གི་སློབ་གསོའི་ཐབས་ལམ》ཞེས་པའི་དཔེ་དེབ་ལས་དྲངས་པ་ཡིན་ལ། སྤྱི་ལོ1909ལོར་མེང་ཐའེ་སུའོ་ལི་ཡིས《ཕྲུ་གུའི་ཁྱིམ་དུ་སྤྱོད་པའི་ཚན་རིག་གི་སློབ་གསོའི་ཐབས་ལམ》ཞེས་པའི་དཔེ་ཆ་ཞིག་བརྩམས་ཤིང་། སྤྱི་ལོ1912ལོར་བརྩམས་ཆོས་དེ་ཉིད་ཨ་མེ་རི་ཁར་པར་སྐྲུན་བྱས་པ་དང་། དུས་མཚུངས་སུ་མགྱོགས་མྱུར་ངང་ཡིག་རིགས20ལྷག་ཏུ་བསྒྱུར་ནས་འཛམ་གླིང་གི་ས་ཆ་སོ་སོར་དར་ཁྱབ་བྱུང་། རྒྱལ་ཁབ100ལྷག་ཙམ་གྱིས་མེང་ཐའེ་སུའོ་ལིའི་སློབ་གསོའི་ཐབས་ལམ་ནང་འདྲེན་བྱས་པ་དང་། ཡོ་རོབ་དང་ཨ་རིར་ད་དུང་མེང་ཐའེ་སུའོ་ལིའི་ལས་འགུལ་ཡང་བྱུང་ཡོད། སྤྱི་ལོ1913ལོ་ནས་སྤྱི་ལོ1915ལོའི་བར་མེང་ཐའེ་སུའོ་ལི་སློབ་གྲྭ་འཛམ་གླིང་གི་གླིང་ཆེན་ཁག་ཏུ་ཁྱབ་ཡོད་དེ། དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བར་ཨ་རི་ཁོ་ནར་སློབ་གྲྭ2000ལྷག་ཡོད་ཅིང་། མེང་ཐའེ་སའོ་ལིས་འཛམ་གླིང་གི་ཁྱབ་ཁོངས་སུ་ཕྲུ་གུའི་སློབ་གསོའི་གསར་བརྗེ་ཞིག་བསླངས།

རིགས་དབྱེ།  

སློབ་ལོ་རན་པའི་བྱིས་པ།

འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་བྱིས་པ་ཞེས་པ་ནི་ལོ6ནས15བར་གྱི་ལོ་ཆུང་བྱིས་པ་ལ་ཟེར།

རིགས་དབྱེ།  

བྱིས་པའི་བདེ་ཐང་སློབ་གསོ།

བྱིས་པའི་བདེ་ཐང་ནི་བྱིས་པའི་མི་ཚེ་བརྒྱུད་རིམ་ནང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། ང་ཚོས་བྱིས་པ་རྣམས་ཀྱི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་། དུས་རྒྱུན་དུ་བྱིས་པའི་བདེ་ཐང་ལ་དོ་ཁུར་བྱས་ཏེ་བྱིས་པར་གནོན་ཤུགས་མི་སྤྲོད་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་འཚར་ལོངས་འབྱུང་དུ་འཇུག་དགོས།

རིགས་དབྱེ།  

བྱིས་པའི་རང་གཤིས་ཀྱི་ཁྱད་ཆོས་བཅུ་གཅིག

བྱིས་པར་ལྷན་སྐྱེས་ཉིད་ནས་རང་གཤིས་ཀྱི་ཁྱད་ཆོས་ལྡན་པ་དང་། རང་ཅག་མི་རྒན་དག་ལ་རྒྱུན་ལྡན་དུ་སྣང་བ་དེ་ཁོ་ཚོས་མཚར་མཚར་དུ་འཛིན་པ་མང་། བྱ་དངོས་གང་ལའང་ཐོག་མར་ལྟ་འདོད་པ། ཉན་འདོད་པ། རེག་འདོད་པ་དེ་འདྲ་རེད། རང་ཅག་གིས་རྒྱུ་མཚན་མེད་པར་བཙན་གྱིས་བྱིས་པའི་རང་གཤིས་ཀྱི་ཁྱད་ཆོས་དག་ལས་བྱུང་བའི་བྱ་བྱེད་དེ་དག་བཀག་འགོག་བྱ་མི་རིགས་སོ། །

རིགས་དབྱེ།  

བྱིས་པའི་སྐད་བརྡའི་སློབ་གསོ།

བྱིས་པའི་གམ་དུ་མི་གཞན་ལ་ཁ་བརྡ་བྱེད་དུས་ཀྱང་སྐད་ཆ་དག་མོར་བཤད་རྒྱུ་སོགས་ཧ་ཅང་གལ་ཆེ་ལ། ཕ་མས་ནམ་རྒྱུན་བྱིས་པའི་སྐད་ཆའི་སློབ་གསོ་གཙོར་བཟུང་སྟེ། བྱིས་པ་ལ་སྐད་ཆ་མང་པོ་བསླབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད།

རིགས་དབྱེ།  

བྱིས་པའི་བདེ་ཐང་སློབ་གསོ།

བྱིས་པའི་བདེ་ཐང་ནི་བྱིས་པའི་མི་ཚེ་བརྒྱུད་རིམ་ནང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། ང་ཚོས་བྱིས་པ་རྣམས་ཀྱི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་། དུས་རྒྱུན་དུ་བྱིས་པའི་བདེ་ཐང་ལ་དོ་ཁུར་བྱས་ཏེ་བྱིས་པར་གནོན་ཤུགས་མི་སྤྲོད་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་འཚར་ལོངས་འབྱུང་དུ་འཇུག་དགོས།

རིགས་དབྱེ།  

བྱིས་པའི་ཀུན་སྤྱོད་སློབ་གསོ།

དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་གང་དང་གང་ཡིན་རུང་བྱིས་པ་རྣམས་ཀྱི་ཀུན་སྤྱོད་སློབ་གསོའི་ཐད་ཧ་ཅང་གཙིགས་ཆེན་བྱེད་བཞིན་པ་དང་། སྤྱི་ཚོགས་ཧྲིལ་པོའི་ཀུན་སྤྱོད་སྤུས་ཚད་ཀྱི་རེ་བ་ཡང་རིམ་གྱིས་ཇེ་མཐོར་སོང་ཡོད་པས་བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་དུ་ཀུན་སྤྱོད་འཛུགས་སྐྲུན་ཐད་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་རེད། སེམས་ཁམས་རིག་པའི་ཆེད་མཁས་པ་ཚོས་ནར་སོན་པའི་གོ་རིམ་ནི་མི་ལ་ཀུན་སྤྱོད་དང་མི་གཤིས་ཆགས་པའི་གོ་རིམ་ཞིག་རེད་ཅེས་པ་འདིས་གཙོ་བོ་མིའི་ཀུན་སྤྱོད་ནི་བྱིས་པའི་དུས་ནས་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་ཀྱི་བསམ་བློའི་རྨང་ལེགས་པོ་ཞིག་འདིང་རྒྱུ་དང་། རང་གཤིས་ངན་ལང་དུ་མི་གཏོང་བའི་ཕྱོགས་ལ་ཁག་ཐེག་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་སློབ་གསོའི་ཐབས་ལམ་ཞིག་བསྟན་ཡོད།

རིགས་དབྱེ།  

བྱིས་པ།

བྱིས་པ་ཞེས་པ་སྤྱི་ལོ1991ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས23པའི་ཐོག་ཀྲུང་གོའི《བྱིས་པའི་ཁེ་དབང་སྤྱི་ཆིངས》ནང་ཞུགས་རྒྱུའི་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་དང་། སྤྱི་ཆིངས་ནང་བྱིས་པ་ཞེས་པ་ནི་ལོ18མན་ཡིན་དགོས་པར་གཏན་འཁེལ་བྱས་ཡོད།

རིགས་དབྱེ།  

བྱིས་སྐྱོང་ཁང་གི་སློབ་གསོ།

བྱིས་པའི་མ་འོངས་པའི་མདུན་ལམ་ཅི་འདྲ་ཞིག་ཡོང་བར་བྱིས་སྐྱོང་ཁང་གི་སློབ་གསོ་ལ་འབྲེལ་བ་ཤིན་ཏུ་ཆེ་ཞིང་། ཁྱད་པར་བྱིས་སྐྱོང་ཁང་གི་ཁོར་ཡུག་དང་། བསླབ་གཞི། དགེ་རྒན་རྣམས་ཀྱི་ལུས་ངག་གི་སྤྱོད་ལམ་སོགས་ལ་ཐད་ཀར་འབྲེལ་བ་ཡོད་པས། བྱིས་སྐྱོང་ཁང་གི་སློབ་གསོ་ནི་ཆེས་རྨང་གཞིར་གྱུར་པའི་གལ་ཆེ་བའི་སློབ་གསོ་ཞིག་ཡིན་ནོ། །

རིགས་དབྱེ།  

བློ་འབྱེད་གཏམ་རྒྱུད་ཁག་གཉིས།

བློ་འབྱེད་གཏམ་རྒྱུད་འདི་གཉིས་ཀྱི་ཁྱད་ཆོས་གཙོ་བོ་ནི་མཚོན་བྱེད་ཀྱི་དཔེ་གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པར་བརྟེན་ཏེ། མཚོན་བྱ་མིའི་རྒྱུད་ན་གཉུག་མར་གནས་པའི་དགེ་སྡིག་གི་བསམ་བློ་དང་འཇིག་རྟེན་གྱི་ཆོས་ཉིད་རེ་གོ་བདེ་ཞིང་ཁ་གསལ་བའི་སྒོ་ནས་ངོ་སྤྲོད་གནང་བཞིན་ཡོད་པར་མ་ཟད། དེ་དག་གིས་ཀློག་པ་པོར་གྱུར་པའི་བྱིས་པ་གཙོ་བྱས་པ་དག་ལ་འདང་རྒྱག་ཏུ་འཇུག་ཅིང་། ངོ་མཚར་བའི་གཏམ་རྒྱུད་ཀྱི་གསེབ་ནས་རང་གི་སེམས་གཏིང་དུ་འཛུལ་ངེས་པའི་གནས་ལུགས་སམ་ཆོས་ཉིད་དག་ངང་ངམ་ཤུགས་ཀྱིས་བརྡོལ་བཞིན་ཡོད་པས་བློ་འབྱེད་ཀྱི་སློབ་གསོའི་རང་བཞིན་ཤིན་ཏུ་གསལ་ལོ། །

རིགས་དབྱེ།  

བྱིས་པའི་སློབ་གསོ།  བརྡ་འགྲེལ 21 ཡོད།