ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >IT

སྦྲེལ་རེས་དྲ་རྒྱ།

སྦྲེལ་རེས་དྲ་རྒྱ་ཡང་ན་རྒྱལ་སྤྱིའི་དྲ་རྒྱ་ཟེར་ཞིང་། སྒྲ་སྒྱུར་ལ་དབྱིན་ཐེ་དྲ་ཟེར། དེ་ནི་དྲ་རྒྱ་དང་དྲ་རྒྱ་བར་ཕྲེང་སྦྲེལ་བྱས་ནས་གྲུབ་པའི་གཏོས་ཆེ་བའི་དྲ་རྒྱ་ཞིག་ཡིན་ལ། དྲ་རྒྱ་འདི་དག་སྤྱི་སྤྱོད་ཡིན་པའི་གྲོས་མཐུན་ཚོ་གཅིག་གིས་སྦྲེལ་ཡོད་པ་དང་། གཏན་ཚིགས་སྟེང་ཁེར་རྐྱང་ཡིན་པའི་རྒྱལ་སྤྱིའི་དྲ་རྒྱ་ཆེན་པོ་ཞིག་ཏུ་ཆགས་འདུག

རིགས་དབྱེ།  

དྲ་རྒྱ་ཚོད་ལེན།

དྲ་རྒྱ་ཚོད་ལེན་གྱི་ཁ་ཕྱོགས་ས་གཙོ་བོ་ནི་རྗེ་འཁོར་དང་ལམ་འཚོལ་ཆས། མེ་འགོག་གྱང་སོགས་དྲ་རྒྱའི་སྒྲིག་ཆས་དང་། ལག་འགུལ་ཚོད་ལེན་དང་ཡང་ན་རང་འགུལ་ཅན་གྱི་ཚོད་ལེན་ལ་བརྟེན་ནས་སྒྲིག་ཆས་དེ་གཏན་འཁེལ་བྱས་པའི་བྱེད་ནུས་ལ་ཐོན་ཐུབ་མིན་ར་སྤྲོད་བྱེད་ཆོག

རིགས་དབྱེ།  

རྗེ་འཁོར།

རྗེ་འཁོར་ནི་དོན་ལ“གློག་སྒོ”སྟེ། གློག(འོད)བརྡ་རྟགས་བརྒྱུད་འགྲེམས་བྱེད་པར་སྤྱོད་པའི་དྲ་རྒྱའི་སྒྲིག་ཆས་ཞིག་ཡིན་པ་དང་། དེ་ནི་རྗེ་འཁོར་གྱི་དྲ་རྒྱ་ཚིགས་ཚེག་གང་རུང་གཉིས་སུ་སྦྲེལ་ཞིང་། སྒེར་སྤྱོད་བྱེད་པའི་གློག་གི་བརྡ་རྟགས་རྒྱུ་ལམ་ཞིག་འདོན་སྤྲོད་བྱེད་ཆོག རྒྱུན་མཐོང་གི་རྗེ་འཁོར་ནི་ཨེ་ཐེར་དྲ་རྒྱའི་རྗེ་འཁོར་ཡིན་ལ། གཞན་ད་དུང་ཁ་པར་སྐད་གདངས་རྗེ་འཁོར་དང་འོད་སྐུད་རྗེ་འཁོར་སོགས་ཡོད།

རིགས་དབྱེ།  

རིམ་བརྒལ་ཡིག་དེབ།

རིམ་བརྒལ་ཡིག་དེབ་ནི་རིམ་བརྒལ་སྦྲེལ་མཐུད་ཀྱི་བྱེད་ཐབས་སྤྱད་ནས། བར་སྟོང་མི་མཐུན་པའི་ཡི་གེའི་ཆ་འཕྲིན་རྩ་འཛུགས་སྣ་ཚོགས་མཉམ་དུ་ཡོད་པའི་དྲ་རྒྱའི་རྣམ་པའི་ཡིག་དེབ་ཞིག་ཡིན་ལ། དེ་ལས་ཀྱང་སྤྱོད་མཁན་མཚམས་ངོས་སྤྱི་འགྲོས་དང་ཡིག་དེབ་དང་ཡིག་དེབ་བར་གྱི་འབྲེལ་ཡོད་ནང་དོན་མངོན་བྱེད་ཅིག་ཡིན། དེང་སྐབས་རིམ་བརྒལ་ཡིག་དེབ་ནི་སྤྱི་ཁྱབ་དུ་གློག་རྡུལ་ཡིག་ཚགས་རྣམ་པར་གནས་པ་དང་། དེའི་ནང་གི་ཡི་གེ་ནི་གནས་ཡུལ་གཞན་པ་འམ་ཡིག་ཚགས་འབྲེལ་མཐུད་ལ་ཐག་མདུད་བྱེད་ཅིང་། མིག་སྔའི་ཀློག་འདོན་གྱི་གནས་ཡུལ་ཐད་ཀར་རིམ་བརྒལ་ཡིག་དེབ་འབྲེལ་མཐུད་ཀྱིས་སྟོན་པའི་གནས་ཡུལ་ལ་བརྗེ་རུང་། རིམ་བརྒལ་ཡིག་དེབ་ལ་རྣམ་གཞག་ཤིན་ཏུ་མང་ཞིང་། མིག་སྔར་རྒྱུན་སྤྱོད་བྱེད་པ་ནི་རིམ་བརྒལ་ཡིག་དེབ་ཀྱི་བཀོད་རྟགས་སྐད་བརྡ་དང་འབྱོར་ལྡན་ཡིག་དེབ་རྣམ་གཞག་ཡིན།

རིགས་དབྱེ།  

རིམ་བརྒལ་སྦྲེལ་མཐུད།

རིམ་བརྒལ་སྦྲེལ་མཐུད་ནི་ངོ་བོའི་སྟེང་དྲ་ངོས་ཤིག་གི་ཆ་ཤས་ཡིན་ལ། དྲ་ངོས་སོ་སོ་མཉམ་གཅིག་ཏུ་སྦྲེལ་རྗེས་ད་གཟོད་དངོས་གནས་དྲ་ཚུགས་ཤིག་གྲུབ་པ་ཡིན།

རིགས་དབྱེ།  

ཞབས་ཞུ་ཆས།

ཞབས་ཞུ་ཆས་ནི་རྩིས་རྒྱག་ཞབས་ཞུའི་སྒྲིག་ཆས་ཡིན། ཞབས་ཞུ་ཆས་ཡིས་ཞབས་ཞུའི་རེ་འདུན་དང་ལེན་བྱེད་དགོས་པ་མ་ཟད་ཐག་གཅོད་ཀྱང་བྱེད་དགོས། དེ་བས་སྤྱི་བཏང་དུ་ཞབས་ཞུ་ཆས་ལ་ཞབས་ཞུའི་འགན་ཁུར་ཡོད་དགོས་པ་དང་ཞབས་ཞུ་འགན་ལེན་གྱི་ནུས་པ་འང་འཛོམས་དགོས།

རིགས་དབྱེ།  

རིམ་བརྒལ་ཡིག་དེབ་གྲོས་མཐུན།

རིམ་བརྒལ་ཡིག་དེབ་གྲོས་མཐུན་ནི་རིམ་བརྒལ་སྦྲེལ་ཚུལ་གྱི་བྱེད་ཐབས་སྤྱད་ནས། བར་སྟོང་མི་མཚུངས་པའི་ཡི་གེའི་ཆ་འཕྲིན་སྣ་ཚོགས་མཉམ་གཅིག་ཏུ་རྩ་འཛུགས་བྱས་པའི་དྲ་དབྱིབས་རྣམ་པའི་ཡིག་དེབ་ཡིན་ལ། རིམ་བརྒལ་ཡིག་དེབ་ནི་དེ་བས་ཀྱང་སྤྱོད་མཁན་སྦྱོར་ངོས་ཀྱི་སྤྱི་འགྲོས་ཞིག་ཡིན་པ་དང་། ཡིག་དེབ་དང་ཡིག་དེབ་བར་གྱི་འབྲེལ་ཡོད་ནང་དོན་མངོན་པར་བྱེད་པ་ཡིན།

རིགས་དབྱེ།  

ཆ་འཕྲིན་སྤྱི་ཚོགས།

“ཆ་འཕྲིན་ཅན”ཞེས་པའི་མཚན་ཉིད་ནི་དུས་རབས་སྔོན་མའི་ལོ་རབས60པར་ཐོག་མར་བཏོན་པ་དང་། སྤྱིར་བཏང་དུ། ཆ་འཕྲིན་ཅན་ཞེས་པ་ནི་ཆ་འཕྲིན་ལག་རྩལ་དང་ཆ་འཕྲིན་ཐོན་ལས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་ཉིན་བཞིན་འཕེལ་རྒྱས་འགྲོ་བ་དང་། དེ་མ་ཟད། གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་འགུལ་རྣམ་འཕེལ་རྒྱས་བརྒྱུད་རིམ་ཞིག་ཡིན།

རིགས་དབྱེ།  

ཆ་འཕྲིན་མྱུར་བགྲོད་གཞུང་ལམ།

ཆ་འཕྲིན་མྱུར་བགྲོད་གཞུང་ལམ་ནི་ཆ་འཕྲིན་གྱི་མགྱོགས་མྱུར་བརྒྱུད་གཏོང་བྱས་པ་དེ“མྱུར་བགྲོད་གཞུང་ལམ”ལྟ་བུ་ཞིག་ལ་དཔེ་བླངས་པ་དང་། མྱུར་ཚད་ནི་མིག་སྔའི་དྲ་རྒྱའི་བརྒྱུད་གཏོང་མྱུར་ཚད་ལས་ལྡབ་ཁྲི་གཅིག་གིས་མཐོ་ཞིང་། ཤོང་ཚད་ནི་འཕྲིན་ལམ་ཞིག་གིས་བརྒྱུད་གཏོང་ཚད་དེ་ཕལ་ཆེར་བརྙན་འཕྲིན་འཕྲིན་ལམ500འམ་ཡང་ན་ཁ་པར་ཁྲི50ལྷག་ཡིན། དེ་ལས་གཞན། ཆ་འཕྲིན་འབྱུང་ཁུངས་དང་ནང་དོན། རྣམ་པ་ཡང་འདྲ་མིན་སྣ་ཚོགས་ཡོད། དྲ་རྒྱ་སྤྱོད་མཁན་གྱིས་དུས་ཚོད་གང་རུང་ཞིག་གམ་ཡུལ་གང་རུང་ཞིག་ནས་སྒྲ་དང་གཞི་གྲངས། པར་རིས་སམ་ཡང་ན་གཟུགས་བརྙན་སོགས་སྨྱན་མང་གཟུགས་ཀྱི་བྱེད་ཐབས་ཀྱིས་ཆ་འཕྲིན་ཕན་ཚུན་བརྒྱུད་སྤྲོད་བྱེད་ཆོག

རིགས་དབྱེ།  

གླིང་སྐོར་དྲ་བ།

གླིང་སྐོར་དྲ་བ་(环球网)ནི་མི་དམངས་ཉིན་རེའི་ཚགས་པར་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་ཆོག་མཆན་ཐོབ་པ་དང་། མི་དམངས་དྲ་བ་དང་གླིང་སྐོར་སྐབས་དོན་ཚགས་པར་གྱི་མཉམ་དུ་མ་དངུལ་བཏང་ནས་བཙུགས་པ་དང་། 2007ལོའི་ཟླ11པར་དངོས་སུ་ཤར་གཏོང་བྱས་ལ། གསར་འགྱུར་རྩོམ་སྒྲིག་དབང་ཆ་ཡོད་པའི་དབྱིན་རྒྱ་སྐད་གཉིས་ཀྱི་གསར་འགྱུར་དྲ་ཚིགས་ཆེ་གྲས་ཤིག་ཡིན། ཀྲུང་དབྱང་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་དྲ་རྒྱའི་གསར་འགྱུར་སྨྱན་གཟུགས་ཡིན། གླིང་སྐོར་དྲ་བས་ཁྱབ་ཁོངས་ཡོངས་དང་ཕྱོགས་ཡོངས་ཀྱི་སྐབས་འཕྲལ་ཀྱི་ཐོག་མ་ཉིད་ཀྱི་རྒྱལ་སྤྱིའི་གསར་འགྱུར་འདོན་སྤྲོད་བྱེད་པ་དང་། ཆེད་ལས་ཀྱི་རྒྱལ་སྤྱིའི་དཔྱད་ཡིག་ཆ་འཕྲིན་ཞབས་ཞུ་ཡིན། གསར་འགྱུར་དཔྱད་ཡིག་ཆ་འཕྲིན་དང་སྡེ་ཁུལ་མཉམ་འགུལ། སྤོ་འགུ་གནས་ཐང་འཕར་བའི་ཞབས་ཞུ་གཞི་གཅིག་ཏུ་བྱས་པའི་འཛམ་གླིང་གི་འཚོ་བར་སྒོ་མོ་གསར་བ་གཏོད་ཡོད།

རིགས་དབྱེ།  

བརྙན་ཟློས།

བརྙན་ཟློས(Video)སྤྱི་ཁྱབ་ཏུ་བཤད་ན། རབ་དང་རིམ་པ་ལྡན་པའི་འཇགས་རྣམ་གྲིབ་བརྙན་གློག་རྡུལ་བརྡ་རྟགས་ཀྱི་རྣམ་པས་འཛིན་པ་དང་ཟིན་ཐོ། ཐག་གཅོད། ཉར་ཚགས། བརྒྱུད་སྐྱེལ་དང་བསྐྱར་དུ་མངོན་པའི་ལག་རྩལ་སྣ་ཚོགས་སྟེ། རྒྱུན་མཐུད་བྱེད་པའི་པར་རིས་འགྱུར་ལྡོག་ནི་སྐར་ཆ་གཅིག་ལ་ལྷེབ་མ (frame )24ཡི་སྣང་བརྙན་པར་ངོས་ཡན་ཟིན་སྐབས། མཐོང་ཚོར་རྩ་བའི་རིགས་པར་གཞིགས་ན། མི་ཡིས་མིག་གིས་གཡོ་ཚད་རྐྱང་མའི་འཇགས་རྣམ་གྱི་སྣང་བརྙན་པར་ངོས་འདི་ལ་དབྱེ་འབྱེད་བྱེད་ཐབས་མེད། བལྟས་པ་ཙམ་གྱིས་འཇམ་སྙོམས་རྒྱུན་མཐུད་ཀྱི་མིག་ཚོར་གྲུབ་འབྲས་ཞིག་ཐོན་ཞིང་། འདི་འདྲའི་རྒྱུན་མཐུད་ཡིན་པའི་སྣང་བརྙན་པར་ངོས་ལ་བརྙན་ཟློས་ཟེར།

རིགས་དབྱེ།  

དྲ་སྐུད།

ཁོངས་ཆུང་དྲ་རྒྱར་འབྲེལ་མཐུད་བྱེད་ཚེ། དྲ་སྐུད་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། ཁོངས་ཆུང་དྲ་རྒྱའི་ཁྲོད་དུ་རྒྱུན་མཐོང་གི་དྲ་སྐུད་གཙོ་བོ་ནི། གཅུས་སྐུད་ཟུང་མ་དང་མདའ་གཅིག་གློག་ཐག འོད་སྐུད་གསུམ་ཡིན་པ་དང་། གཅུས་སྐུད་ཟུང་མ་ནི་ཟུང་སྐུད་མང་པོའི་གྲུབ་པའི་གཞི་གྲངས་བརྒྱུད་གཏོང་སྐུད་པ་ཡིན། དེའི་ཁྱད་ཆོས་ནི་རིན་གོང་དམའ་བ་དང་། དེ་བས་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད་ལ། དཔེར་ན་ང་ཚོས་རྒྱུན་དུ་མཐོང་བའི་ཁ་པར་སྐུད་པ་སོགས་ལྟ་བུ། དེ་ནིRJ45ཤེལ་མགོ་དང་འབྲེལ་ཡོད་པ་དང་། དེར་ཡངSTPཡངUTPརིགས་གཉིས་ཡོད་ལ། ང་ཚོས་རྒྱུན་དུ་སྤྱོད་པ་ནིUTPཡིན།

རིགས་དབྱེ།  

དྲ་རྒྱའི་རོལ་དབྱངས།

དྲ་རྒྱའི་རོལ་དབྱངས་ནི་རོལ་དབྱངས་བརྩམས་ཆོས་སྦྲེལ་རེས་དྲ་རྒྱ་དང་སྤོ་སྒུལ་འཕྲིན་གཏོང་སོགས་ལ་བརྟེན་ནས་སྐུད་ལྡན་དང་སྐུད་མེད་རིགས་སྣ་ཚོགས་ཀྱི་བྱེད་སྟངས་ཀྱིས་ཁྱབ་སྤེལ་བྱས་པ་ལ་ཟེར། དེའི་ཁྱད་ཆོས་གཙོ་བོ་ནི་གྲངས་འཛིན་ཅན་གྱི་རོལ་དབྱངས་བརྩམས་ཆོས་བཟོ་སྐྲུན་དང་ཁྱབ་སྤེལ། འཛད་སྤྱོད་བྱེད་སྟངས་ཤིག་ཆགས་པ་དེ་རེད། གློག་འཕྲིན་སྦྲེལ་རེས་དྲ་རྒྱར་བརྟེན་ནས་འདོན་སྤྲོད་བྱས་པའི་གློག་ཀླད་མཐའ་སྣེ་ནས་ཕབ་ལེན་དང་ཡང་ན་གཏོང་པའི་སྦྲེལ་རེས་དྲ་རྒྱའི་སྐུད་ཐོག་རོལ་དབྱངས་ནི། སྐུད་མེད་དྲ་རྒྱ་སྐྱེལ་གཉེར་ཚོང་པས་སྐུད་མེད་གནས་ཐང་འཕར་བའི་ཞབས་ཞུ་ལ་བརྟེན་ནས་འདོན་སྤྲོད་བྱས་ཏེ་ལག་འཁྱེར་མཐའ་སྣེ་ཡིས་གཏོང་བའི་སྐུད་མེད་རོལ་དབྱངས་ཡིན་ལ། དེ་ལ་སྤོ་སྒུལ་རོལ་དབྱངས་ཡང་ཟེར།

རིགས་དབྱེ།  

དྲ་རྒྱའི་བརྙན་ཟློས།

དྲ་རྒྱའི་བརྙན་ཟློས་ཞེས་པ་ནི། དྲ་རྒྱའི་བརྙན་ཟློས་ཞབས་ཞུ་མཁོ་འདོན་གྱིས་མཁོ་སྤྲོད་བྱས་ཤིང་། རྒྱུན་སྨྱན་གཟུགས་གཏོང་བྱེད་ཀྱི་རྣམ་གཞག་བྱས་ཏེ། སྐུད་ཐོག་ཐད་གཏོང་བྱས་ཆོག་པ་དང་ཡང་ན་ལེ་ཚན་དམིགས་འཛུགས་ཀྱི་སྒྲ་བརྙན་གྱི་ཡིག་ཆ། དྲ་རྒྱའི་བརྙན་ཟློས་ལ་སྤྱིར་བཏང་དུ་རང་ཚུགས་ཀྱི་གཏོང་ཆས་དགོས་པ་རེད། ཡིག་ཆའི་རྣམ་གཞག་གཙོ་བོ་ནིP2Pལག་རྩལ་གྱིས་མཁོ་མཁན་སྣེ་བཟུང་བ་ཡོད་པ་དང་། ཐོན་ཁུངས་ཅུང་ཆུང་བརFLVརྒྱུན་སྨྱན་གཟུགས་རྣམ་གཞག་སྤྱོད་པ་རེད། དྲ་རྒྱའི་བརྙན་ཟློས་ནི་གློག་ཀླད་དང་ཡང་ན། སྤོ་སྒུལ་སྒྲིག་ཆས་དེ་མཐའ་སྣེ་བྱས་ཏེ། QQ MSNསོགསIMཡོ་བྱད་སྤྱད་དེ། མཐོང་རུང་ཅན་གྱི་གླེང་མོལ་གྱི་ལག་རྩལ་དང་ཉེར་སྤྱོད་ཅིག་ཡིན།

རིགས་དབྱེ།  

ཡ་ཧུའུ་ཡིག་སྒམ།

ཡ་ཧུའུ་ཡིག་སྒམ་ནི་ཡ་ཧུའུ་ཀུང་སིས་བཏོན་པའི་གློག་རྡུལ་ཡིག་ཟམ་ཞབས་ཞུ་ཡོ་བྱ་ཅིག་ཡིན་པ་དང་། ཡ་ཧུའུ་ནི་འཛམ་གླིང་སྟེང་གི་ཆེས་ཐོག་མར་གློག་རྡུལ་ཡིག་ཟམ་ཞབས་ཞུ་བྱས་པའི་སྦྲེལ་རེས་དྲ་རྒྱའི་ཁེ་ལས་གྲས་ཀྱི་གཅིག་ཡིན། ཡ་ཧུའུ་ཡིག་སྒམ་ནི1996ལོར་འགོ་བརྩམས་ནས། འཛམ་གླིང་ཁྱབ་ཁོངས་སུ་སྤྱོད་མཁན་ལ་གློག་རྡུལ་ཡིག་སྒམ་ཞབས་ཞུ་འདོན་སྤྲོད་བྱས་པ་རེད། 2012ལོའི་ཟླ12པར། ཡ་ཧུའུCEOམཱ་ལི་ཧྲ•མེ་ཡེ་ཨེར(Marissa Mayer)གྱིས་ཟླ12པའི་ཚེས11ཉིན་པོད་ཁུག་ཁྲོད་དུ་པར་གཞི་བཟོ་བཅོས་གསར་རྐྱང་བྱས་པའི་ཡ་ཧུའུ་ཡིག་ཟམ་ཞབས་ཞུ་ཁྱབ་བསྒྲགས་བྱས་པ་དང་། ཡ་ཧུའུ་ཡིག་ཟམ་ཞབས་ཞུའི་བསྒྱུར་བཀོད་བྱེད་ས་གཙོ་བོ་ཆེས་མྱུར་བའི་སྒོ་ནས་ཡིག་ཟམ་ལ་ལྟ་སྤྱོད་དང་། གནོད་པ་ཆུང་བར་གཏོང་བ། ཆེས་སྟབས་བདེའི་སྒོ་ནས་མཚམས་ངོས་བེད་སྤྱོད་བྱེད་པ་དེ་རེད། ཡ་ཧུའུWindows 8、iOSདངAndroidབཀོལ་སྤྱོད་རྒྱུད་ཁོངས་ལ་སྤྱོད་པའི་ཡིག་ཟམ་ཉེར་སྤྱོད་སྤྱོད་མཁན་ལ་འདོན་སྤྲོད་བྱས་ཟིན་པ་དང་། དྲ་ཚིགས་པར་གཞི་མ་འོངས་པའི་ཉིན་འགའི་ནང་འདོན་རྒྱུ་རེད། 2013ལོའི་ཟླ4པའི་ཚེས18ཉིན། ཀྲུང་གོའི་ཡ་ཧུའུ་ཡིག་སྒམ་གྱི་སྤྱོད་མཁན་ལ་གཞུང་ཕྱོགས་ཡིག་ཟམ་འབྱོར་ཏེ། ཡ་ཧུའུ་ཡིག་སྒམ་གྱི་ཞབས་ཞུ་ཟླ8པའི་ཚེས19ཉིན་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས་ཤིང་། ཡ་ཧུའུ་སྣེ་སྟོན་གནང་རྒྱུར། བཀོལ་སྤྱོད་ཡོད་ཚད་ཟླ8པའི་ཚེས9ཡི་སྔོན་ལ་ལེགས་འགྲུབ་བྱེད་དགོས་ལ། གལ་ཏེ་ཡིག་ཟམ་ནང་དོན་བརྒྱུད་གསོག་བཀོལ་སྤྱོད་བྱེད་མི་ཐུབ་ཚེ། དེ་སྔའི་ཀྲུང་གོའི་ཡ་ཧུའུ་ཡིག་སྒམ་ནང་གི་ཡིག་ཟམ་དང་དེ་བཞིན་འབྲེལ་གཏུག་མི་སོགས་ཚང་མ་བསུབ་ཏེ་སླར་གསོ་བྱེད་ཐབས་མེད། 2013ལོའི་ཟླ8པའི་ཚེས9ཉིན། ཨ་ལི་པ་པའི་ཁོངས་གཏོགས་ཀྱི་ཀྲུང་གོའི་ཡ་ཧུའུ་ཡིག་སྒམ་ལས་སྒོ་དངོས་སུ་སྒོ་བརྒྱབ་པ་རེད།

རིགས་དབྱེ།  

གཞི་གྲངས་མཛོད་ཀྱི་ཞབས་ཞུ་ཆས།

ཁོངས་ཆུང་དྲ་རྒྱའི་ཁྲོད་དུ་འཁོར་སྐྱོད་བྱེད་པའི་རྩིས་འཁོར་གཅིག་གམ་ཡང་ན་རྩིས་འཁོར་མང་པོ་དང་། གཞི་གྲངས་མཛོད་ཀྱི་དོ་དམ་རྒྱུད་ཁོངས་མཉེན་ཆས་ཀྱིས་མཉམ་དུ་གཞི་གྲངས་མཛོད་ཀྱི་ཞབས་ཞུ་ཆོས་གྲུབ་པ་རེད། གཞི་གྲངས་མཛོད་ཀྱི་ཞབས་ཞུ་ཆས་ཀྱིས་མཁོ་མཁན་ལ་ཉེར་སྤྱོད་ཞབས་ཞུ་འདོན་སྤྲོད་བྱེད་ཅིང་། ཞབས་ཞུ་དེ་དག་ནི་འདྲི་རྩད། གསར་བརྗེ། ལས་དོན་དོ་དམ། གསལ་བྱང་། མགྱོགས་མྱུར་ལྷོད་གསོག འདྲི་རྩད་ལེགས་སུ་གཏོང་བ་དང་། བདེ་འཇགས་དང་དེ་བཞིན་སྤྱོད་མཁན་མང་བའི་གསོག་ལེན་ཚོད་འཛིན་སོགས་ཡིན།

རིགས་དབྱེ།  

དྲ་རྒྱའི་ལག་རྩལ།

ཆ་འཕྲིན་ལག་རྩལ་ནི་ལོ་རབས་དགུ་བཅུའི་དཀྱིལ་དུ་འཕེལ་རྒྱས་སོང་བའི་ལག་རྩལ་གསར་བ་ཞིག་ཡིན། དེས་སྦྲེལ་རེས་དྲ་རྒྱའི་སྟེང་ཁ་ཐོར་དུ་སོང་བའི་ཐོན་ཁུངས་རྡོག་པོ་གཅིག་ཏུ་མཉམ་འདྲེས་བྱས་ཤིང་། ཐོན་ཁུངས་ཀྱི་ཁྱོན་ཡོངས་ནས་མཉམ་སྤྱོད་དང་ཕན་ཚུན་མཐུན་སྦྱོར་མངོན་འགྱུར་བྱས་ཏེ། མི་རྣམས་ཀྱིས་མངོན་གསལ་གྱི་སྒོ་ནས་ཐོན་ཁུངས་བེད་སྤྱོད་བྱེད་པའི་སྤྱི་ཡོངས་ཀྱི་ནུས་པ་དང་། དགོས་མཁོ་ལྟར་ཆ་འཕྲིན་ཐོབ་ཐབས་བྱེད་པ། ཐོན་ཁུངས་ལ་ནུས་ཆེའི་རྩིས་འཁོར། གསོག་འཇོག་ཐོན་ཁུངས། གཞི་གྲངས་ཐོན་ཁུངས། ཆ་འཕྲིན་ཐོན་ཁུངས། ཤེས་བྱའི་ཐོན་ཁུངས། ཆེད་མཁས་པའི་ཐོན་ཁུངས། གཞི་གྲངས་མཛོད་ཆེ་གྲས། དྲ་རྒྱ། ཚོར་འདྲེན་ཆས་སོགས་ཡོད།

རིགས་དབྱེ།  

ཕབ་ལེན་མཉེན་ཆས།

ཕབ་ལེན་མཉེན་ཆས་བྱ་རིམ་གྱིས་ཕབ་ལེན་བྱས་ཟིན་པའི་ཡིག་ཆར་རིམ་སྒྲིག་དང་རིགས་དབྱེ་སོགས་ཀྱི་བཀོལ་སྤྱོད་བྱེད་ཆོག དེ་ལས་གཞན། མཉེན་ཆས་འདིའི་རིགས་ཀྱིས་དུས་རྒྱུན་ད་དུང་སྤྱོད་མཁན་ལ་རོགས་རམ་བྱས་ཏེ་ཕབ་ལེན་གྱི་མྱུར་ཚད་མགྱོགས་པོར་བཟོ་བ་མ་ཟད། ཕབ་ལེན་ལ་བར་ཆད་བྱུང་ཚེ་བར་ཆད་བྱུང་བའི་གནས་ལས་ཕབ་ལེན་སླར་གསོ་བྱེད་པ་ཡིན། ཕབ་ལེན་དོ་དམ་བྱ་རིམ་མང་ཆེ་ཤོས་ནི་རིན་མེད་མཉེན་ཆས་སུ་གཏོགས་ལ། ཐ་ན་ཁུངས་ཀྱི་ཚབ་ཨང་ཡོངས་བསྒྲགས་བྱས་པའི་མཉེན་ཆས་ཀྱང་ཡོད། འོན་ཀྱང་གཞན་ཞིག་ཡོད་པ་དེ་ནི་རིན་བསྡུ་མཉེན་ཆས་རེད། དྲ་རྒྱ་བེད་སྤྱད་ནས། HTTP、FTP、 ed2k、.torrentསོགས་བརྒྱུད་པའི་གྲོས་མཐུན་དང་། ང་ཚོས་གློག་ཀླད་སྟེང་གི་མཉེན་ཆས་ལ་གཞི་གྲངས(གློག་བརྙན། མཉེན་ཆས། པར་རིས་སོགས)ཕབ་ལེན་བྱེད་པ་ཡིན།

རིགས་དབྱེ།  

གློག་རྡུལ་ཐམ་འགོད།

གློག་རྡུལ་ཐམ་འགོད་ནི་གློག་རྡུལ་མིང་རྟགས་ཀྱི་མཚོན་སྟངས་ཤིག་ཡིན། བརྙན་རིས་སྒྲིག་གཅོད་ལག་རྩལ་བེད་སྤྱད་ནས་གློག་རྡུལ་མིང་རྟགས་བཀོལ་སྤྱོད་དེ་འགྱུར་ནས་ཤོག་བུའི་ཡིག་ཆར་ཐེལ་ཙེ་རྒྱག་པའི་བཀོལ་སྤྱོད་དང་འདྲ་བའི་མཐོང་རུང་ཕན་འབྲས་ལྡན་ཞིང་། དུས་མཚུངས་སུ་གློག་རྡུལ་མིང་རྟགས་ལག་རྩལ་བེད་སྤྱོད་བྱས་ཚེ་གློག་རྡུལ་ཆ་འཕྲིན་གྱི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་འགན་སྲུང་བྱེད་པ་དང་། དེ་བཞིན། མིང་རྟགས་འགོད་མཁན་གྱིས་ཁས་མི་ལེན་ཀ་མེད་ཀྱི་རང་བཞིན་ལྡན་པ་རེད།

རིགས་དབྱེ།  

སྦྲེལ་རེས་དྲ་རྒྱའི་དངུལ་རྩ།

སྦྲེལ་རེས་དྲ་རྒྱའི་དངུལ་རྩའི(ITFIN)ནི་སྲོལ་རྒྱུན་གྱི་དངུལ་རྩའི་ལས་ཁུངས་དང་སྦྲེལ་རེས་དྲ་རྒྱའི་ཁེ་ལས་ཀྱིས་སྦྲེལ་རེས་དྲ་རྒྱའི་ལག་རྩལ་དང་ཆ་འཕྲིན་འཕྲིན་གཏོང་གི་ལག་རྩལ་ལ་བརྟེན་ནས། མ་དངུལ་རྒྱུན་འཁོར་དང་། གཏོང་བ་དང་མ་དངུལ་འཇོག་པ་མངོན་འགྱུར་དང་ཆ་འཕྲིན་མཚམས་སྦྱོར་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་ལས་སྒོ་སྤེལ་སྟངས་གསར་པ་ཞིག་རེད། སྦྲེལ་རེས་དྲ་རྒྱའི་དངུལ་རྩ་ནི་སྦྲེལ་རེས་དྲ་རྒྱ་དང་དངུལ་རྩའི་ལས་རིགས་ཀྱི་སྟབས་བདེའི་ཟུང་འབྲེལ་བྱས་པ་ཙམ་མ་ཡིན་པར། བདེ་འཇགས་མངོན་འགྱུར་དང་སྤོ་སྒུལ་སོགས་ཀྱི་དྲ་རྒྱའི་ལག་རྩལ་གྱི་ཆུ་ཚད་སྟེང་སྤྱོད་མཁན་གྱིས་དང་ལེན་བྱས་རྗེས(ལྷག་པར་དུ་གློག་རྡུལ་ཚོང་དོན་གྱི་དང་ལེན)རང་ཤུགས་སུ་དགོས་མཁོ་གསར་བར་འཚམ་ཞིང་དེ་ལས་བྱུང་བའི་མ་དཔེ་གསར་བ་དང་ལས་སྒོ་གསར་བ་ཞིག་ཡིན། སྲོལ་རྒྱུན་དངུལ་རྩའི་ལས་རིགས་དང་སྦྲེལ་དྲ་རྒྱའི་སྙིང་དོན་ཟུང་འབྲེལ་བྱས་པའི་གསར་དར་གྱི་མངའ་ཁོངས་ཤིག་ཡིན།

རིགས་དབྱེ།  

བཟོ་ལས་སྦྲེལ་རེས་དྲ་རྒྱ།

བཟོ་ལས་སྦྲེལ་རེས་དྲ་རྒྱ་ནི་འཛམ་གླིང་བཟོ་ལས་རྒྱུད་ཁོངས་དང་མཐོ་རིམ་རྩིས་རྒྱག་དང་དབྱེ་ཞིབ། ལྟོས་འབྱུང་ལག་རྩལ་དང་དེ་བཞིན་སྦྲེལ་རེས་དྲ་རྒྱ་འབྲེལ་མཐུད་མཉམ་འདྲེས་ཀྱི་འབྲས་བུ་རེད། དེ་རིག་ལྡན་འཕྲུལ་ཆས་བར་གྱི་འབྲེལ་མཐུད་བརྒྱུད་དེ། མཐར་མི་དང་འཕྲུལ་ཆས་འབྲེལ་མཐུད་དང་། མཉེན་ཆས་དང་གཞི་གྲངས་ཆེན་མོ་དབྱེ་ཞིབ་ཟུང་འབྲེལ་བྱས་ཏེ། འཛམ་གླིང་བཟོ་ལས་བསྐྱར་སྒྲིག་དང་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་སྤེལ་གཏོང་བ། འཛམ་གླིང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་དང་། སྔར་ལས་མགྱོགས་ཤིང་བདེ་འཇགས་ལྡན་པ་དང་། སྔར་ལ་གཙང་ཞིང་དཔལ་འབྱོར་ལྡན་པ་ཞིག་ཡོང་བར་བྱེད་པ་ཡིན།

རིགས་དབྱེ།  

དྲ་ཀློག

དྲ་ཀློག་ནི་དྲ་རྒྱའི་རྣམ་པ་བརྒྱུད་ཅིང་། དྲ་རྒྱར་བརྟེན་ནས་ཀློག་དེབ་དང་རྒྱུ་ཆ་རིགས་སྣ་ཚོགས་ཡར་སྤྲོད་བྱེད་པ་ཡིན་ལ། དྲ་ཀློག་གིས་ཀློག་འདོན་མཁན་གྱི་དུས་ཚོད་གྲོན་ཆུང་བྱེད་ཐུབ།

རིགས་དབྱེ།  

IEEE 802.11

IEEE 802.11ཡིས་སྤྱིར་བཏང་དུ802.11མཚོན་པ་དང། IEEE 802.11གྲོས་མཐུན་ཚོ་ནི་རྒྱལ་སྤྱིའི་གློག་ལས་གློག་རྡུལ་བཟོ་སྐྲུན་སློབ་ཚོགས(IEEE)ཀྱིས་སྐུད་མེད་ཁོངས་ཆུང་དྲ་རྒྱའི་ཚད་གཞིར་གཏན་འབེབས་བྱས་པ་རེད། WI-FIཡིས802.11གི་སྨྱན་གཟུགས་ལྟ་སྤྱོད་ཚོད་འཛིན་བང་རིམ་དང་དངོས་ལུགས་བང་རིམ་བེད་སྤྱོད་བྱས་ནའང་། འོན་ཀྱང་དེ་གཉིས་ཡོངས་སུ་མཚུངས་པ་ཞིག་མིན། གཤམ་གྱི་ཚད་གཞིའི་ཁྲོད་དུ་སྤྱོད་པ་མང་ཆེ་ཤོས་ནི802.11nཚད་གཞི་ཡིན་དགོས་པ་དང་། ལས་ཀ2.4GHzཟློས་དུམ་ནས600Mbps (རིགས་པའི་གཞུང་ལུགས་ཀྱི་ཐང)ལ་སླེབས་ཐུབ།

རིགས་དབྱེ།  

ཚགས་ཡིག

ཚགས་ཡིག་ནི་དྲ་རྒྱའི་ཁྲོད་དུ་བརྗེ་རེས་དང་བརྒྱུད་གཏོང་གི་གཞི་གྲངས་སྡེ་ཚན་ཞིག་ཡིན། དེ་ནི་ས་ཚིགས་ཀྱིས་ཐེངས་གཅིག་རང་བཞིན་གྱིས་སྐྱེལ་གཏོང་བྱེད་པའི་གཞི་གྲངས་དུམ་བུ་ཡིན། ཚགས་ཡིག་ནང་དུ་སྐྱེལ་གཏོང་བྱེད་དགོས་པའི་ཆ་ཚང་བའི་གཞི་གྲངས་ཆ་འཕྲིན་འདུ་བ་དང་། དེའི་རིང་ཐུང་གཅིག་གྱུར་མིན་ལ། རིང་ཚད་ལ་ཚད་བཀག་མེད་ཀྱང་འགྱུར་རུང་བ་ཞིག་ཡིན།

རིགས་དབྱེ།  

སློབ་སྦྱོང་ཐོན་ཁུངས།

ཆེད་དམིགས་ཀྱིས་ཇུས་འགོད་བྱས་པའི་སློབ་སྦྱོང་སྒྲིག་ཆས་ཐོན་ཁུངས་ཏེ། དཔེར་ན། ཟློས་གར། དངོས་མང་བཤམས་སྟོན་ཁང་དང་སྐད་བརྡ་དངོས་བཤེར་ཁང་སོགས་དང་། མཉེན་ཆས་ཐོན་ཁུངས་ནི་གཙོ་བོ་རིགས་སྣ་ཚོགས་ཀྱི་ཆེད་དམིགས་ཀྱིས་ཇུས་འགོད་བྱས་པའི་སྨྱན་མང་གཟུགས་སློབ་སྦྱོང་ཐོན་ཁུངས་དང་། ཡང་ན། སྤྱོད་རུང་གི་སློབ་སྦྱོང་ཐོན་ཁུངས་ཏེ། དཔེར་ན། སློབ་དེབ། སྒྲ་ཟློས་དང་བརྙན་ཟློས་ཡི་སློབ་དེབ་སོགས་ཡིན།

རིགས་དབྱེ།  

དྲ་གསུམ།

དྲ་གསུམ་གྱི་མིང་ཆ་ཚང་ལ་སུའུ་ཀྲོའུ་སན་ཞིན་ཝང་ཅི(苏州三信网际)སློབ་གསོའི་བློ་འདྲི་ཚད་ཡོད་ཀུང་སི་སྟེ། དེ་ནི་དྲ་གསུམITགསོ་སྦྱོང་ལྟེ་གནས་དང་དྲ་གསུམ་དྲ་རྒྱའི་ཚོད་ལྟ་ཁང་ཡིན་ལ། 2006ལོར་བཙུགས་པ་དང་། དབང་གྲགས་ལྡན་ཞིང་དང་ཆེད་ལས་ཀྱིITལས་རིགས་སློབ་གསོའི་ཀུང་སི་ཞིག་ཡིན། སློབ་ཁྲིད་གཟབ་ནན་ཡིན་ལ། འཕེལ་རྒྱས་བྱུང་ནས་ད་ལྟར་སུའུ་ཀྲོའུ་དང་དེ་བཞིན་ཧཱ་ཏུང་ས་ཁུལ་དུ་གྲངས་ཉུང་ཆེད་ལས་དང་དབང་གྲགས་ཅན་གྱིITགསོ་སྦྱོང་ལྟེ་གནས་ཀྱི་གྲས་ཤིག་ཡིན། དྲ་གསུམ་གྱི་འཆད་ཁྲིད་དགེ་རྒན་ལ་འཁྲིད་བྱའི་ལས་གཞིའི་མཐོ་རིམ་ར་སྤྲོད་ཀྱི་ཐོབ་ཐང་འཛོམས་ཡོད།

རིགས་དབྱེ།  

མི་ཐབས་རིག་ནུས།

དབྱིན་ཡིག་གིArtificial Intelligenceཡི་ཐོག་མའི་གསལ་བྱེད་ཡི་གེAIཡིས་མཚོན་ལ། དེ་ནི་གཙོ་བོ་ལད་ཟློས་གསར་སྤེལ་དང་། ཆེས་ཆེར་བསྐྱེད་པ། ནར་འགྱངས་བྱེད་པ་སོགས་མིའི་རིག་ནུས་ཀྱི་གཞུང་ལུགས་དང་། ཐབས་ལམ། ལག་རྩལ་བཅས་ཞིབ་འཇུག་དང་བེད་སྤྱོད་བྱེད་པར་བཀོལ་བ་མ་ཟད། བཀོལ་སྤྱོད་མ་ལག་གི་རིག་ཚན་སྡེ་ཁག་གསར་པ་ཞིག་ཡིན།

རིགས་དབྱེ།