ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས། >མ་ལག་འཕེལ་རིམ།

མ་ལག་འཕེལ་རིམ།

འཕེལ་རིམ་ནི་རྒྱུད་ཁོངས་ཁྲོད་དུ་ལག་བསྟར་བྱེད་བཞིན་པའི་ཉེར་སྤྱོད་བྱ་རིམ་ཞིག་ཡིན། ཐིག་རིམ་ནི་རྒྱུད་ཁོངས་བགོ་བཤའ་ཡི་སྒྲིག་གཅོད་ཆས་ཀྱི་དུས་ཚོད་ཐོན་ཁུངས་ཀྱི་གཞི་རྩའི་སྡེ་ཚན་ཡིན་པའམ། ཡང་ན། འཕེལ་རིམ་ནང་ཁུལ་གྱི་སྒེར་ཚུགས་ལག་བསྟར་བྱེད་པའི་སྡེ་ཚན་ཞིག་ཡིན། བཀོལ་སྤྱོད་རྒྱུད་ཁོངས་ལ་མཚོན་ན། དེའི་སྡེ་ཚན་བཀོད་གཏོང་ནི་ཐིག་རིམ་ཡིན། འཕེལ་རིམ་གཅིག་གི་ནང་དུ་ཉུང་མཐར་ཡང་ཐིག་རིམ་གཅིག་ཚུད་ཡོད་པ་ཡིན། རྒྱུན་དུ་ཐིག་རིམ་དེ་ལ་ཐིག་རིམ་གཙོ་བོ་ཟེར། འཕེལ་རིམ་ཞིག་ཐིག་རིམ་གཙོ་བོའི་ལག་བསྟར་ནས་འགོ་བརྩམས་ཏེ་ཟུར་སྣོན་ཐིག་རིམ་གཅིག་གམ་མང་པོ་འཛུགས་སྐྲུན་བྱེད་པ་ཡིན་ལ། འདི་ནི་ཐིག་རིམ་མང་པོར་གཞིགས་པའི་ལས་འགན་མང་པོ་ཞེས་པ་དེ་ཡིན།

རིགས་དབྱེ།  

མཉེན་ཆས་གསར་སྤེལ་གྱི་བརྒྱུད་རིམ།

མཉེན་ཆས་གསར་སྤེལ་གྱི་བརྒྱུད་རིམ་ནི་མཉེན་ཆས་ཇུས་འགོད་བྱེད་པའི་སྤྱིར་བཏང་གི་བརྒྱུད་རིམ་ཞིག་ཡིན་ཞིང་། དེའི་ནང་མཉེན་ཆས་གྱི་དགོས་མཁོ་དབྱེ་ཞིབ་དང་། ཇུས་འགོད་བྱེད་པའི་མཉེན་ཆས་ཀྱི་ནུས་པ། མངོན་འགྱུར་བྱེད་པའི་རྩི་ཐབས་དང་བྱེད་ཐབས། མཉེན་ཆས་སྤྱིའི་གྲུབ་ཆ་ཇུས་འགོད་དང་དཔེ་དུམ་ཇུས་འགོད། ཨང་སྒྲིག་དང་ཨང་སྒྲིག་གོ་རིམ་མཉམ་སྒྲིག དེ་བཞིན་རྩོམ་སྒྲིག་དང་གོ་རིམ་འབུལ་བ་སོགས་ཀྱི་བཀོལ་སྤྱོད་རབ་དང་རིམ་པ་བྱས་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་བ་དང་འབྲེལ་འཛད་སྤྱོད་པའི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད། གལ་ཏེ་དགོས་མཁོ་དེ་བས་ཆེ་བ་ཡོད་ཚེ་མཉེན་ཆས་ལ་སྲུང་སྐྱོང་དང་རིམ་སྤོར་ཐག་གཅོད་བྱེད་དགོས།

རིགས་དབྱེ།