ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས། >བཀོལ་སྤྱོད་མ་ལག

ཡིག་ཆ་དོ་དམ།

དེང་རབས་རྩིས་འཁོར་རྒྱུད་ཁོངས་སུ། བྱ་རིམ་དང་གཞི་གྲངས་འབོར་ཆེན་སྤྱོད་དགོས་ལ། ནང་གསོག་ཤོང་ཚད་ཚད་ཡོད་ཡིན་པ་དང་། དུས་ཡུན་རིང་པོར་གསོག་འཇོག་བྱ་མི་ཐུབ་པས་རྣམ་ཀུན་དེ་དག་ཡིག་ཆའི་རྣམ་པས་ཕྱི་གསོག་ཏུ་གསོག་འཇོག་བྱས་ཡོད་ཅིང་། མཁོ་བའི་དུས་སུ་དེ་དག་ག་དུས་ཡིན་ཡང་ནང་གསོག་ཏུ་འདྲེན་ཆོག གལ་ཏེ་སྤྱོད་མཁན་གྱིས་ཐད་ཀར་ཕྱི་གསོག་གི་ཡིག་ཆར་དོ་དམ་བྱེད་ན། སྤྱོད་མཁན་གྱིས་ཕྱི་གསོག་གི་ཁྱད་གཤིས་གསལ་པོར་ཤེས་དགོས་པ་དང་། ཡིག་ཆ་རིགས་མི་འདྲ་བའི་གཤིས་གཏོགས་དང་། དེ་དག་གི་ཕྱི་གསོག་སྟེང་གི་གནས་ཡུལ་བཅས་ལ་རྒྱུས་ལོན་བྱེད་དགོས་པ་མ་ཟད། སྤྱོད་མཁན་མང་བའི་ཁོར་ཡུག་ཏུ། ད་དུང་ངེས་པར་དུ་གཞི་གྲངས་ཀྱི་བདེ་འཇགས་རང་བཞིན་དང་གཅིག་མཐུན་གྱི་རང་བཞིན་ལ་ཁག་ཐེག་བྱ་ཐུབ་དགོས། འདི་ནི་སྤྱོད་མཁན་གྱིས་འགན་འཁུར་མི་ཐུབ་ལ་འཁུར་ཡང་མི་འདོད་པའི་ལས་ཀ་ཞིག་ཡོད་པ་མངོན་གསལ་རེད། དེ་བས་དེའི་ཚབ་ཏུ་བཀོལ་སྤྱོད་རྒྱུད་ཁོངས་སུ་ཡིག་ཆ་དོ་དམ་བྱེད་ནུས་ཀྱང་གསར་སྣོན་བྱས་ཏེ། ཡིག་ཆའི་རྒྱུད་ཁོངས་ཤིག་ཏུ་གྲུབ་ནས་ཕྱི་གསོག་གི་ཡིག་ཆ་དོ་དམ་གྱི་འགན་འཁུར་བ་ནས། ཡིག་ཆ་གསོག་པ་དང་། མཉམ་སྤྱོད། སྲུང་སྐྱོབ་སོགས་ཀྱི་ཐབས་ཤེས་སྤྱོད་མཁན་ལ་མཁོ་འདོན་བྱས་ཡོད། འདིས་སྤྱོད་མཁན་ལ་སྟབས་བདེ་དང་། ཡིག་ཆའི་བདེ་འཇགས་རང་བཞིན་ལ་ཁག་ཐེག ད་དུང་རྒྱུད་ཁོངས་ཐོན་ཁུངས་ཀྱི་སྤྱོད་ཕྱོད་ཆེ་ཆེར་མཐོར་འདེགས་བྱས་ཡོད།

རིགས་དབྱེ།  

གསོག་ཆས་དོ་དམ།

གསོག་ཆས་ནི་རྩིས་འཁོར་རྒྱུད་ཁོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་རིང་གསོག་ཆས་ཀྱི་ཤོང་ཚད་མུ་མཐུད་དུ་རྒྱ་སྐྱེད་ཀྱི་ཡོད་ཀྱང་། དེས་སྔར་བཞིན་དེང་རབས་མཉེན་ཆས་འཕེལ་རྒྱས་ཀྱི་དགོས་མཁོ་ཇི་བཞིན་སྐོང་ཐུབ་ཀྱི་མེད། དེ་བས་གསོག་ཆས་ནི་དཀོན་ཞིང་བྲིན་ཆེ་བའི་ཐོན་ཁུངས་ཤིག་རེད། དེ་ལ་ཕན་ཕྱོད་ལྡན་པའི་དོ་དམ་ཞིག་ཅི་ལྟར་བྱ་ཚུལ་གྱིས་གསོག་ཆས་ཀྱི་སྤྱོད་ཕྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། རྒྱུད་ཁོངས་ཀྱི་གཤིས་ནུས་ལ་ཡང་ཤུགས་རྐྱེན་ཐེབས་པ་ཡིན། གསོག་ཆས་ཀྱི་དོ་དམ་བྱ་ཡུལ་གཙོ་བོ་ནི་ནང་གསོགཡིན། ཕྱི་གསོག་གི་དོ་དམ་དང་ནང་གསོག་གི་དོ་དམ་བྱེད་སྟངས་ནི་འདྲ་མཚུངས་ཡིན་ཡང་། དེ་གཉིས་ཀྱི་སྤྱོད་སྒོ་ནི་འདྲ་བ་མ་ཡིན་སྟེ། ཕྱི་གསོག་ནི་གཙོ་བོ་ཡིག་ཆ་གསོག་འཇོག་བྱེད་པར་སྤྱོད་པ་ཡིན།

རིགས་དབྱེ།  

unix

unixབཀོལ་སྤྱོད་རྒྱུད་ཁོངས་ནི་སྤྱོད་མཁན་དང་ལས་འགན་མང་བོ་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་སྟོབས་ལྡན་ཞིག་ཡིན་པ་དང་། སྒྲིག་གཅོད་ཆས་ཀྱིས་སྒྲོམ་གཞི་སྣ་ཚོགས་ལ་རམ་འདེགས་ཐུབ་པ་ཡིན། བཀོལ་སྤྱོད་རྒྱུད་ཁོངས་ལྟར་དབྱེ་ན། དུས་བགོས་བཀོལ་སྤྱོད་རྒྱུད་ཁོངས་སུ་གཏོགས་པ་དང་། སྔ་ཤོས་ནིKenThompson、Dennis Ritchieདང Douglas McIlroyབཅས་ཀྱིས1969ལོརAT&Tཡི་པེ་ཨེར་ཚོད་ལྟ་ཁང་གིས་གསར་སྤེལ་བྱས་ཤིང་། མིག་སྔར་དེ་ནི་ཚོང་རྟགས་བདག་དབང་ནི་རྒྱལ་སྤྱིའི་སྒོ་འབྱེད་ཚད་གཞི་རྩ་འཛུགས་ལ་དབང་བ་དང་། སྣ་གཅིག་ཡིན་པའིunixཚད་ལྡན་གྱིunixརྒྱུད་ཁོངས་ཡིན་ཚེ་ད་གཟོདunixམི་འདི་བེད་སྤྱོད་བྱེད་ཆོག་ལ། དེ་མིན་ཚེUNIX(UNIX-like)ཡི་རིགས་སུ་འབོད།

རིགས་དབྱེ།  

རྒྱུད་ཁོངས་ཀྱི་མཚན་ཉིད།

རྒྱུད་ཁོངས་ཀྱི་མཚན་ཉིད་དུས་རིམ་གྱི་སྤྱིའི་ལས་འགན་ནི་སྤྱོད་མཁན་གྱི་བྱེ་བྲག་གི་བླང་བྱར་གཞིགས་ནས་རྒྱུད་ཁོངས་ཀྱིས“ཅི་ཞིག་བསྒྲུབ་དགོས་པ”ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། ལས་འགན་བྱེ་བྲག་ཏུ་ཁག་གསུམ་དུ་དབྱེ་ཆོག་སྟེ། གནད་དོན་མཚན་ཉིད། ལག་བསྟར་རང་བཞིན་གྱི་ཞིབ་འཇུག་དང་དགོས་མཁོའི་དབྱེ་ཞིབ།

རིགས་དབྱེ།  

རྒྱུད་ཁོངས་ཀྱི་གནས86དང64ཡི་ཁྱད་པར(Windows7)

སྤྱིར་བཏངwindowsརྒྱུད་ཁོངས་ཡོད་ཚད་ལ་ཐུན་མོང་གི་གནས(x86)ཅན་དང་(x64)ཅན་ཞེས་རིགས་མི་འདྲ་བའི་པར་གཞི་གཉིས་ཡོད་དེ། དེ་ཡང་གྲོགས་པོ་ཚོས་རྒྱུད་ཁོངས་དེ་དག་ཕབ་ལེན་བྱེད་སྐབས་དོན་དངོས་རང་ཉིད་ལ་མཁོ་བའི་པར་གཞི་དེ་གང་ཞིག་ཡིན་པ་རྟོགས་ཀྱིན་མེད་ལ། ཁྱད་པར་དུ་པར་གཞི་དེ་གཉིས་ལས་གང་ཞིག་ཡག་ཤོས་ཡིན་པ་དེ་བས་ཀྱང་རྟོགས་ཀྱིན་མེད། དེས་ན་གཤམ་དུ་པར་གཞི་དེ་གཉིས་ཀྱི་སོ་སོའི་ཁྱད་ཆོས་དང་བྱེད་ནུས་མདོར་བསྡུས་ཤིག་བཤད་པར་བྱའོ།།

རིགས་དབྱེ།  

བཀོལ་སྤྱོད་རྒྱུད་ཁོངས(Windows7)

Windows7བཀོལ་སྤྱོད་རྒྱུད་ཁོངས་ནི་ཝའེ་རོན་ཀུང་སིས་བཏོན་པའི་སྒེའུ་ཁུང་བཀོལ་སྤྱོད་རྒྱུད་ཁོངས་གསར་ཤོས་དེ་ཡིན། དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་དང་ཚོད་ལྟ་གང་མང་བྱས་མཐར། སྤྱི་ལོ2009ལོའི་ཟླ10ཚེས23ཉིན་ཀྲུང་གོའི་ཚོང་རར་དངོས་སུ་འགྲེམ་སྤེལ་བྱས། དེ་ནི་ཝའེ་རོན་གྱིས་གསར་སྤེལ་བྱས་པའི་གསར་བརྗེ་རང་བཞིན་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་ཤིག་ཡིན་ལ། ཝའེ་རོན་གྱིས་བཤད་པ་ལྟར་ན། Windows7ནི་སྐར་ཁུང་བཀོལ་སྤྱོད་མ་ལག་ཁྲོད་ཆེས་ཕུལ་དུ་བྱུང་བ་དེ་ཡིན་ནོ།།

རིགས་དབྱེ།  

མཉེན་ཆས་པར་གཞི།

མཉེན་ཆས་པར་གཞི། ནང་དོན་མི་འདྲ་བ་གཉིས་ཚུད་ཡོད།(1)སྤྱོད་མཁན་མི་འདྲ་བའི་བེད་སྤྱོད་ཀྱི་བླང་བྱ་མི་འདྲ་བ་སྐོང་ཆེད་དཔེར་ན། འཁོར་སྐྱོད་ཁོར་ཡུག་མི་འདྲ་བའམ་ལས་སྟེགས་མི་འདྲ་བར་འཚམ་པའི་རིགས་ཀྱི་ཐོན་རྫས་ཡིན། (2)མཉེན་ཆས་ཐོན་རྫས་བཀོལ་སྤྱོད་བྱེད་འགོ་བརྩམས་རྗེས། དུས་ཡུན་ངེས་ཅན་ཞིག་ལ་འཁོར་སྐྱོད་བྱས་པ་བརྒྱུད་བསྒྱུར་བཅོས་ཀྱི་རེ་བ་བཏོན་ཡོད་པས། ཅུང་ཆེ་བའི་བཟོ་བཅོས་སམ་ནོར་བཅོས་བྱས་ཏེ། བྱེད་ནུས་ཇེ་དྲག་དང་ནུས་པ་ཇེ་མཐོར་གཏོང་དགོས། Alphaཔར་གཞི་སྤྱིར་བཏང་དུ་མཉེན་ཆས་གསར་སྤེལ་ཀུང་སིའི་ནང་ཁུལ་དུ་འཁོར་སྐྱོད་བྱེད་པ་ལས་ཕྱི་ཕྱོགས་སུ་ཡོངས་བསྒྲགས་མི་བྱེད། གཙོ་བོ་ནི་གསར་སྤེལ་མཁན་རང་ཉིད་ཀྱིས་ཐོན་རྫས་ལ་ཚོད་ལྟ་བྱས་ནས་ཐོན་རྫས་ལ་སྐྱོན་ཆ་དང་ནོར་འཁྲུལ་ཡོད་མེད་དང་། ཐོན་རྫས་ཀྱི་ནུས་པ་དང་གསལ་བཤད་ཡི་གེ སྤྱོད་མཁན་གྱི་ལག་དེབ་གཅིག་མཐུན་ཡིན་མིན་ཞིབ་བཤེར་བྱ་དགོས། Alphaཔར་གཞིའི་ཐོན་རྫས་ལ་སྔར་བཞིན་ཆ་ཚང་བའི་ནུས་པའི་ཚད་ལེན་ཚོད་ལྟ་བྱེད་དགོས་པ་དང་། དེའི་ནུས་པ་འཐུས་ཚང་མེད་ཀྱང་སྤྱིར་བཏང་གི་དགོས་མཁོ་སྐོང་ཐུབ། དེ་ནི་མཉེན་ཆས་འགྲེལ་བཤད་བྱེད་པའི་དུས་འཁོར་ཧྲིལ་པོའི་ནང་གི་དུས་རིམ་གཙོ་བོ་དང་པོ་ཡིན་པས། དེའི་མིང་ནིAlphaཡིན་པ་དང་། ཞི་ལའི་ཡི་གེའི་ནང་གི་ཡི་གེ་དང་པོ་ཡིན།

རིགས་དབྱེ།  

མཉེན་ཆས་རྩོམ་གྱི་བདག་དབང་མཁན།

​མཉེན་ཆས་རྩོམ་གྱི་བདག་དབང་མཁན་ཞེས་པ་ནི་ཁྲིམས་ལྟར་མཉེན་ཆས་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ལ་ཟེར། མཉེན་ཆས་རྩོམ་གྱི་བདག་དབང་ནི་མཉེན་ཆས་གསར་སྤེལ་ལེགས་འགྲུབ་བྱུང་བའི་ཉིན་ནས་བཟུང་ཐོན་པ་ཡིན། ཁྲིམས་ལུགས་ཀྱིས་གཏན་འབེབས་གཞན་བྱས་ཡོད་པ་ཕུད། མཉེན་ཆས་རྩོམ་གྱི་བདག་དབང་དེ་མཉེན་ཆས་གསར་སྤེལ་བྱེད་མཁན་ལ་གཏོགས་པ་སྟེ། དོན་དངོས་ཀྱི་རྩ་འཛུགས་ཀྱིས་གསར་སྤེལ་དང་ཐད་ཀར་གསར་སྤེལ་བྱེད་པ་མ་ཟད། གསར་སྤེལ་བྱས་ཟིན་པའི་མཉེན་ཆས་ལ་འགན་འཁུར་མཁན་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་དང་། ཡང་ན་རང་ཉིད་ལ་ཡོད་པའི་ཆ་རྐྱེན་ལ་བརྟེན་ནས་རང་ཚུགས་ཀྱིས་མཉེན་ཆས་གསར་སྤེལ་ལེགས་འགྲུབ་བྱེད་པ་མ་ཟད། མཉེན་ཆས་ལ་འགན་འཁུར་མཁན་གྱི་སྤྱི་དམངས་ཡིན། གལ་ཏེ་ལྡོག་ཕྱོགས་ཀྱི་བདེན་དཔང་མེད་ན། མཉེན་ཆས་སྟེང་མིང་བཀོད་པའི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གསར་འབྱེད་མཁན་ཡིན།

རིགས་དབྱེ།  

མཉེན་ཆས་བཟོ་སྐྲུན།

མཉེན་ཆས་བཟོ་སྐྲུན་ནི་བཟོ་སྐྲུན་ཅན་གྱི་ཐབས་ཤེས་ལ་བརྟེན་ནས་ནུས་ལྡན་དང་བེད་སྤྱོད། སྤུས་ཚད་མཐོ་བ་བཅས་ཀྱི་མཉེན་ཆས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། དེ་ནི་གོ་རིམ་ཇུས་འགོད་སྐད་བརྡ་དང་གཞི་གྲངས་མཛོད། མཉེན་ཆས་གསར་སྤེལ་ལག་ཆ། མ་ལག་སྟེགས་བུ། ཚད་གཞི། ཇུས་འགོད་རྣམ་པ་སོགས་དང་འབྲེལ་བ་ཡོད།

རིགས་དབྱེ།