ཡོངས་འཛིན་རིག་མཛོད། >ལག་རྩལ། >འཕྲིན་གཏོང་།

གཞི་གྲངས་འཕྲིན་གཏོང།

གཞི་གྲངས་འཕྲིན་གཏོང་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་མཉམ་འབྲེལ་གྱིས་ཐོན་པའི་འཕྲིན་གཏོང་གི་བྱེད་ཐབས་རིགས་ཤིག་ཡིན་ལ། དེ་ནི་གནས་གཉིས་ཀྱི་བར་དུ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པར་ངེས་པར་དུ་བརྒྱུད་སྤྲོད་འཕྲིན་ལམ་ཡོད་དགོས་པ་ཞིག་ཡིན། བརྒྱུད་སྤྲོད་སྨྱན་གཟུགས་མི་འདྲ་བར་གཞིགས་ནས། སྐུད་ལྡན་གཞི་གྲངས་ཀྱི་འཕྲིན་གཏོང་དང་སྐུད་མེད་གཞི་གྲངས་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད། ཡིན་ན་ཡང་། དེ་གཉིས་གང་ཡིན་ཡང་བརྒྱུད་སྤྲོད་འཕྲིན་ལམ་དེ་གཞི་གྲངས་མཐའ་སྣེ་དང་རྩིས་འཁོར་གཉིས་མཉམ་དུ་སྦྲེལ་ནས་བྱུང་བ་ཞིག་ཡིན་ལ། གནས་མི་འདྲ་བའི་གཞི་གྲངས་ཀྱི་མཐའ་སྣེ་རུ་མཉེན་ཆས་དང་སྲ་ཆས། བརྡ་འཕྲིན་ཡོང་ཁུངས་བཅས་ཀྱིས་མཉམ་དུ་སྤྱོད་པ་ཞིག་ཡིན།

རིགས་དབྱེ།  

འཁོར་སྐར་འཕྲིན་གཏོང་།

འཁོར་སྐར་འཕྲིན་གཏོང་དེ་གོ་བདེར་འགྲེལ་ན། དེ་ནི་སའི་གོ་ལའི་སྟེང(ས་ངོས་དང་དམའ་རིམ་རླུང་ཁམས་ཆེན་མོ་ཡང་འདུ)གི་སྐུད་མེད་གློག་གི་འཕྲིན་གཏོང་ས་ཚིགས་བར་དུ་འཁོར་སྐར་དེ་བར་སྦྲེལ་དུ་བཀོལ་ནས་འཕྲིན་གཏོང་བྱེད་པ་ཞིག་ཡིན། འཁོར་སྐར་འཕྲིན་གཏོང་མ་ལག་དེ་འཁོར་སྐར་དང་སའི་གོ་ལའི་ཚིགས་མལ་གྱིས་གྲུབ་པ་དང་། འཁོར་སྐར་འཕྲིན་གཏོང་གི་ཁྱད་ཆོས་ནི། འཕྲིན་གཏོང་ཁྱབ་ཁོངས་རྒྱ་ཆེ་ལ། འཁོར་སྐར་གྱིས་འགྱེད་གཏོང་བྱས་པའི་གློག་རླབས་མངའ་བའི་ཁྱབ་ཁོངས་ཤིག་ཡིན་ན། ཚིགས་མལ་དེ་གཉིས་གང་དུ་ཡང་འཕྲིན་གཏོང་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པས། སྐམ་སའི་གནོད་སྐྱོན་ཐེབས་དཀའ་བ་ཞིག་ཡིན། སའི་གོ་ལའི་ཚིགས་མལ་གློག་ལམ་གྱི་སྒྲིག་འགོད་དུས་ལྟར་ཤར་གཏོང་བྱེད་ཐུབ་པ་ཡིན་ན། དུས་མཉམ་དུ་ཕྱོགས་མང་པོའི་བརྡ་འཕྲིན་བསྡུ་ལེན་བྱས་ཏེ། དཔལ་འབྱོར་ས་ཁུལ་དུ་ཁྱབ་སྒྲོག་དང་། ཁུལ་མང་འཕྲིན་གཏོང་མངོན་འགྱུར་བྱ་ཐུབ་པ་དང་། གློག་ལམ་སྒྲིག་ཆས་ནི་དུས་བསྟུན་སྐབས་ཁེལ་ཞིག་ཡིན་པས། དུས་ལྟར་གཅིག་བསྡུས་ཁུལ་དུ་སྐད་ཆའི་ཞབས་ཞུ་ཁྱབ་ཐུབ་ཅིང་། གཅིག་མཚུངས་འཕྲིན་ལམ་དེ་ཁ་ཕྱོགས་མི་འདྲ་བ་དང་ཡང་ན་བར་ཁོངས་མི་གཅིག་པར་བཀོལ་སྤྱོད་བྱས་ཆོག་པ་ཡིན།

རིགས་དབྱེ།  

འཕྲིན་གཏོང་དྲ་རྒྱ།

མིའི་རིགས་ཀྱི་བརྡ་འཕྲིན་དེ་སྐད་ཆ་དང་ཡི་གེ པར་འདེབས། གློག་འཕྲིན། ཁ་པར་སོགས་ཀྱི་བགྲོད་ལམ་རིམ་པར་བརྒྱུད་མཐར་དེང་དུས་ཀྱི་རྣམ་སྣ་ཚོགས་ཀྱི་འཕྲིན་གཏོང་བྱ་ཐབས་སུ་སླེབས་པ་ཡིན་ལ། མིག་སྔའི་དེང་རབས་འཕྲིན་གཏོང་དྲ་རྒྱ་དེ་ཨང་རྩིས་ཅན་དང་། ཤེས་ནུས་ཅན། སྣ་འཛོམས་ཅན། ཐགས་ཡངས་ཅན། མི་སྒེར་བ་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད།

རིགས་དབྱེ།  

འོད་འགྱེད་འཕྲིན་གཏོང་།

འོད་འགྱེད་འཕྲིན་གཏོང་ནི་འོད་ལ་བརྟེན་ནས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་འཕྲིན་གཏོང་གི་བྱེད་ཐབས་ཤིག་ཡིན། འོད་འགྱེད་ནི་རྣམ་པ་གསར་བའི་འོད་ཁུངས་ཤིག་ཡིན་ཞིང་། དེ་ལ་གསལ་ཚད་མཐོ་བ་དང་། ཁ་ཕྱོགས་རང་བཞིན་གྱི་ཤུགས་ཆེ་བ། ཚོན་རྐྱང་རང་བཞིན་བཟང་བ། རྐྱེན་ལྡན་གྱི་རང་བཞིན་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བརྒྱུད་སྤྲོད་ཀྱི་སྨྱན་རྫས་མི་འདྲ་བར་གཞིགས་ནས། དེ་ནི་རླུང་ཁམས་ཆེན་མོའི་འོད་འགྱེད་འཕྲིན་གཏོང་དང་འོད་ཚིན་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད་ལ། རླུང་ཁམས་ཆེན་མོའི་འོད་འགྱེད་འཕྲིན་གཏོང་གིས་རླུང་ཁམས་ཆེན་མོ་བརྒྱུད་སྤྲོད་སྨྱན་རྫས་ཀྱི་འོད་འགྱེད་འཕྲིན་གཏོང་དུ་བེད་སྤྱོད་བྱེད་པ་ཞིག་ཡིན། འོད་ཚིན་འཕྲིན་གཏོང་གིས་འོད་ཚིན་བརྒྱུད་སྤྲོད་འོད་ཀྱི་བརྡ་རྟགས་སྤྱོད་པའི་འཕྲིན་གཏོང་གི་བྱེད་ཐབས་ཤིག་ཡིན།

རིགས་དབྱེ།  

རླབས་ཕྲན་འཕྲིན་གཏོང་།

རླབས་ཕྲན་འཕྲིན་གཏོང(Microwave Communication)ནི། རླབས་ཐག་ཧོའོ་སྨི1 ནས་སྨི1 བར་གྱི་གློག་ཁབ་ལེན་རླབས་རྒྱུན་སྤྱད་དེ་རླབས་ཕྲན་བརྒྱུད་ནས་འཕྲིན་གཏོང་བྱས་པའི་རིགས་ལ་ཟེར། རླབས་དུམ་རིང་བའི་གློག་ཁབ་ལེན་གྱི་རླབས་རྒྱུན་ལྟོས་ཟླར་གྱུར་བ་དག་གི་ཟློས་ཕྱོད་ཁྱབ་ཁོངས་ནི། 300 MHz(0.3 GHz)~300 GHz ཡིན་འོས། སྐུད་བཀྲིས་གློག་མདའི་འཕྲིན་གཏོང་དང་འོད་ཐག་འཕྲིན་གཏོང་། འཁོར་སྐར་འཕྲིན་གཏོང་སོགས་དེང་རབས་འཕྲིན་གཏོང་དྲ་རྒྱའི་བརྒྱུད་སྐུར་བྱ་ཐབས་དང་མི་འདྲ་ས་ནི། རླབས་ཕྲན་འཕྲིན་གཏོང་ནི་ཐད་ཀར་རླབས་ཕྲན་སྨྱན་རྫས་བྱས་ཏེ་འཕྲིན་གཏོང་བྱེད་པའི་རིགས་ཡིན་ལ། དེར་སྲ་གཟུགས་ཀྱི་སྨྱན་རྫས་བཀོལ་དགོས་མེད། སྣེ་གཉིས་བར་གྱི་དྲང་ཐིག་གི་རིང་ཚད་དུ་འགལ་རྐྱེན་མེད་དུས་རླབས་ཕྲན་སྤྱད་ནས་བརྒྱུད་བསྐུར་བྱས་ཆོག རླབས་ཕྲན་འཕྲིན་གཏོང་གི་ཤོང་ཚད་ཆེ་བ་དང་། རྒྱུ་སྤུས་བཟང་བ་མ་ཟད་རྒྱང་རིང་གི་གནས་སུ་བརྒྱུད་བསྐུར་བྱ་ཐུབ་པ་ཡིན། དེ་བས་དེ་ནི་རྒྱལ་ཁབ་འཕྲིན་གཏོང་གི་འཕྲིན་གཏོང་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། འཕྲིན་གཏོང་དྲ་རྒྱ་སྣ་ཚོགས་སུ་ཡོངས་ཁྱབ་དུ་སྤྱོད་པར་འཚམ་པ་ཡིན།

རིགས་དབྱེ།  

སྐུད་མེད་འཕྲིན་གཏོང་།

སྐུད་མེད་འཕྲིན་གཏོང་ནི་གཙོ་བོ་རླབས་ཕྲན་འཕྲིན་གཏོང་དང་འཁོར་སྐར་འཕྲིན་གཏོང་གཉིས་སུ་འདུ་བ་ཡིན། རླབས་ཕྲན་ནི་སྐུད་མེད་གློག་རླབས་རིགས་ཤིག་ཡིན་པ་དང་། དེས་བརྒྱུད་བསྐུར་བྱེད་པའི་བར་ཐག་ནི་སྤྱིར་བཏང་དུ་སྟོང་སྨི་བཅུ་ཕྲག་ལས་མེད། འོན་ཀྱང་རླབས་ཕྲན་གྱི་ཟློས་ཐག་ནི་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་ལ། འཕྲིན་གཏོང་གི་ཤོངས་ཚད་ཀྱང་ཧ་ཅང་ཆེ་བ་ཞིག་ཡིན། རླབས་ཕྲན་འཕྲིན་གཏོང་གི་སྨི་བཅུ་ཕྲག་རེའི་བར་མཚམས་སུ་རླབས་ཕྲན་བར་སྦྲེལ་ཚིགས་མལ་གཟུགས་དགོས། འཁོར་སྐར་འཕྲིན་གཏོང་ནི་འཕྲིན་གཏོང་འཁོར་སྐར་བེད་སྤྱོད་བྱས་ཏེ་བར་སྦྲེལ་ཚིགས་མལ་དེ་ས་ངོས་ཀྱི་སའི་གོ་ལའི་ཚིགས་མལ་གཉིས་སམ་ཡང་ན་དེ་ལས་མང་པའི་སའི་གོ་ལའི་ས་ཚིགས་དང་། ཡང་ན་སྤོ་སྒུལ་གཟུགས་ཀྱི་བར་དུ་རླབས་ཕྲན་འཕྲིན་གཏོང་འབྲེལ་གཏུག་འཛུགས་སྐྲུན་བྱེད་པ་ཞིག་ཡིན།

རིགས་དབྱེ།  

སྐུད་མེད་གློག

སྐུད་མེད་གློག་ནི་རང་དབང་བར་སྟོང(དེའི་ནང་དུ་མཁའ་དབུགས་དང་མཁའ་དབུགས་མེད་པ)ཡོད་ཚད་ཀྱིས་ཁྱབ་སྤེལ་བྱས་པའི་གློག་སྡུད་རླབས་ཡིན་ལ། དེའི་ཁྲོད་དུ་ཚད་ཡོད་ཟློས་ཐགས་ཞིག་གི་སྟེང་གི་ཟློས་ཕྱོད་ནི300GHzཡིན་པ་དང་། འོག་གི་ཟློས་ཕྱོད་ནི་ཅུང་གཅིག་གྱུར་མིན། འཕྲོ་ཟློས་ཚད་ལྡན་ཡི་གེ་སྣ་ཚོགས་ལས་རྒྱུན་དུ་མཐོང་བ་ནི། 3KHz~300GHz(ITU-རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་གཏན་འབེབས་བྱས་པ།)9KHz~300GHz,10KHz~300GHz

རིགས་དབྱེ།  

བརྒྱུད་གཏོང་བར་རྫས།

བརྒྱུད་གཏོང་བར་རྫས་ནི་ཆ་འཕྲིན་བརྒྱུད་གཏོང་བརྒྱུད་པའི་བར་སྟོང་དང་དངོས་གཟུགས་ཏེ། གལ་ཏེ་འཕྲིན་གཏོང་གི་སྣེ་གཅིག་ནི་ས་ངོས་སུ་ཡོད་པ་དང་། གཞན་ཞིག་ནི་ཕྱི་རིམ་བར་སྟོང་དུ་ཡོད་པ་ཡིན་ན། གནམ་སའི་བར་གྱི་འཕྲིན་གཏོང་གྲུབ་པ་དང་། དེའི་རྐྱེན་གྱིས་ངེས་པར་དུ་གློག་གྱེས་རིམ་པའི་ལྡོག་འཕྲོ་བྱེད་མི་ཐུབ་པར་མ་ཟད། ཆར་བ་དང་སྨུག་པ་སོགས་བསྡུ་ལེན་དེ་འདྲ་ཚབས་ཆེན་མ་ཡིན་པའི་ཟློས་ཕྱོད་ཁྱབ་ཁོངས་བདམས་གསེས་བྱ་དགོས། དེ་ནི་གནམ་སའི་བར་གྱི་འཕྲིན་གཏོང་གི་སྐར་ཁུང་ཞེས་པ་དེ་རེད།

རིགས་དབྱེ།  

འཕྲོ་ཟློས་ལག་རྩལ།

འཕྲོ་ཟློས་ལག་རྩལ(RF)ནི(Radio Frequency)བསྡུས་འབྲི་ཡིན་ལ། རྒྱུན་མཐོང་གི་ཉེར་སྤྱོད་ནི་སྐུད་མེད་འཕྲོ་ཟློས་ངོས་འཛིན(Radio Frequency Identification,RFID)རྒྱུན་དུ་འབོད་པའི་ལྟོས་འབྱུང་ཚུལ་གྱི་གློག་རྡུལ་བདར་ལྷེབ་དང་། ཡང་ན་ཉེ་མཐུད་བྱང་བུ། ཚོར་སྐྱེད་བྱང་བུ། འཕྲད་མིན་བྱང་བུ། གློག་རྡུལ་གདོང་འཛར། གློག་རྡུལ་ཤར་ཨང་སོགས་ཡོད། དེའི་རྩ་བའི་རིགས་པ་ནི་བཤར་འབེབ་ཆས་ཀྱིས་དམིགས་གསལ་གྱི་ཟློས་ཕྱོད་འཕྲོ་གཏོང་བྱས་ཏེ། སྐུད་མེད་གློག་རླབས་ནུས་ཚད་སྡུད་ཆས་ལ་བསྐྱལ་པ་དང་། སྐུལ་ཆས་སྡུད་ཆས་ཡི་གློག་ལམ་གྱི་ནང་ཁུལ་གྱི་ཚབ་ཨང་ཕྱིར་སྐྱེལ་བྱེད་པས། སྐབས་འདིར་བཤར་འབེབས་ཆས་ཡིས་སྟབས་བདེ་ངང་ཚབ་ཨང་འདི་སྡུད་ལེན་ཐུབ་པ་ཡིན།

རིགས་དབྱེ།  

གློག་རྡུལ་ཡིག་ཟམ།

གློག་རྡུལ་ཡིག་ཟམ་ནི་གློག་རྡུལ་ཐབས་སྤྱད་ནས་ཆ་འཕྲིན་སྤེལ་རེས་ཀྱི་འཕྲིན་གཏོང་བྱེད་སྟངས་འདོན་སྤྲོད་བྱས་པར་ཟེར་བ་དང་། དེ་ནི་སྦྲེལ་རེས་དྲ་རྒྱའི་ཉེར་སྤྱོད་ཆེས་རྒྱ་ཆེ་བའི་ཞབས་ཞུ་ཞིག་ཡིན། དྲ་རྒྱའི་གློག་རྡུལ་ཡིག་ཟམ་རྒྱུད་ཁོངས་བརྒྱུད་ནས། སྤྱོད་མཁན་གྱིས་ཆེས་དམའ་བའི་རིན་གོང་དང་ཆེས་མྱུར་བའི་བྱེད་སྟངས་ཀྱིས་འཛམ་གླིང་སྟེང་གི་གནས་གང་རུང་གི་དྲ་རྒྱ་སྤྱོད་མཁན་ལ་འབྲེལ་གཏུག་བྱ་ཆོག

རིགས་དབྱེ།  

སྤོ་སྒུལ་འཕྲིན་གཏོང་།

སྤོ་སྒུལ་འཕྲིན་གཏོང་ནི་སྤོ་སྒུལ་སྤྱོད་མཁན་དང་གཏན་འཇགས་གནས་ཀྱི་སྤྱོད་མཁན་བར་གྱི་འབྲེལ་འདྲིས་དང་ཡང་ན། སྤོ་སྒུལ་སྤྱོད་མཁན་བར་གྱི་འཕྲིན་གཏོང་བྱེད་ཐབས་ལ་ཟེར། འཕྲིན་གཏོང་ཕྱོགས་གཉིས་དེ་ཕྱོགས་གཅིག་དང་ཡང་ན་ཕྱོགས་གཉིས་འགུལ་སྐྱོད་ཁྲོད་ཀྱི་འཕྲིན་གཏོང་གི་རྣམ་པར་གནས་ཡོད། དེའི་ནང་དུ་སྐམ་ས་དང་རྒྱ་མཚོ། ནམ་མཁའ་དང་ཡང་ན་སྟོང་བའི་འཕྲིན་གཏོང་ཡོད་པ་དང་། ཟློས་དུམ་བཀོད་པ་དང་དེ་བཞིན་དམའ་ཟློས་དང་འབྲིང་ཟློས། མཐོ་ཟློས། ཆེས་མཐོའི་ཟློས་སོགས་བེད་སྤྱོད་བྱེད་ཀྱི་ཡོད། སྤོ་སྒུལ་འཕྲིན་གཏོང་རྒྱུད་ཁོངས་ནི་སྤོ་སྒུལ་ལས་སྟེགས་དང་གཞི་སྟེགས། སྤོ་སྒུལ་བརྗེ་རེས་ཅུའུ་ཡིས་གྲུབ་པ་རེད། གལ་ཏེ་སྤོ་སྒུལ་ལས་སྟེགས་ག་གེ་མོར་འཕྲིན་གཏོང་བྱེད་དགོས་ཚེ། སྤོ་སྒུལ་བརྗེ་རེས་ཅུའུ་ཡིས་གཞི་སྟེགས་སོ་སོར་བརྒྱུད་དེ་དྲ་རྒྱ་ཧྲིལ་པོར་འབོད་བརྡ་གཏོང་བ་དང་། འབོད་ཡུལ་གྱི་ལས་སྟེགས་ཀྱིས་བསྡུ་ལེན་བྱས་རྗེས་བརྡ་ལན་བརྡ་རྟགས་ཤིག་ཕྱིར་གཏོང་དགོས་པ་དང་། སྤོ་སྒུལ་བརྗེ་རེས་ཅུའུ་ལ་བརྡ་ལན་འབྱོར་རྗེས། ལས་སྟེགས་དེ་ལ་འཕྲིན་ལམ་ཞིག་བགོ་བཤའ་བྱེད་པ་མ་ཟད། དེ་ནས་ཁ་པར་སྐུད་ལམ་འཕྲིན་ལམ་འདིའི་ནང་དུ་བཀའ་བརྡ་ཞིག་བསྐུར་ཏེ་ཅོང་བརྡ་གཏོང་བར་བྱེད་པ་ཡིན།

རིགས་དབྱེ།  

ཅོང་སྒྲ།

ཅོང་སྒྲ་ནི་དོན་དངོས་སུ་ལག་ཁྱེར་ཁ་པར་གྱི་འབོད་བརྡ་ཡིན། མི་གཞན་གྱིས་ཁྱོད་ལ་ཁ་པར་བཏང་ཡོང་ཚེ། ཁྱོད་ཀྱི་ཁ་པར་གྱི་འབོད་བརྡ་གྲགས་ཡོང་ངེས་ཡིན་ལ། ད་ལྟ་མང་ཆེ་ཤོས་ཀྱི་ཅོང་བརྡ་ནིmp3རྣམ་པ་ཅན་ཡིན། མདོར་ན། མི་གཞན་གྱིས་ཁྱོད་ལ་ཁ་པར་བཏང་ཡོང་ཚེ། ཁྱོད་ཀྱི་ཐོས་ཡོང་བ་ནི་རང་ཉིད་ཀྱི་ལག་ཁྱེར་ཁ་པར་གྱི་དྲིལ་བརྡ་སྟེ། ཅོང་བརྡ་ཡིན་ལ། ཕ་རོལ་པོའི་ཐོས་ཡོང་བའི་སྒྲ་ནི་དྲིལ་དབྱངས་ཡིན་པ་རེད།

རིགས་དབྱེ།  

ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར་ཐོན་རིམ་དང་པོ་ནི2012ལོའི་ཟླ9པའི་ཚེས20ཉིན་འགོ་བརྩམས་ནས་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་ཚོང་རར་བཀྲམས་པ་དང་ཀུང་སིའི་མི་སྣ་ཡོངས་ཀྱི་བརྩོན་པ་ལྷུར་ལེན་དང་བཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར་ཐོན་རིམ་གཉིས་པ་དང་ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་ཁྱེར་ཁ་པར་བཅས་ཟླ12པའི་ཚེས12ཉིན་འགོ་བརྩམས་ནས་བོད་ཡུལ་ཡོངས་སུ་རིམ་བཞིན་ཚོང་རར་བཀྲམས་པ་རེད།

རིགས་དབྱེ།  

MSNགླེང་མོལ་མཉེན་ཆས(Himalaya)

ཨ་རིའི་ཝའེ་རོན་ཀུང་སིས་བཟོས་པའིMSNནི་ཧི་མ་ལ་ཡའི་བོད་ཡིག་གིས་གླེང་མོལ་གནང་ས་ཡག་ཤོས་ཤིག་རེད། བེད་སྤྱོད་གཏོང་བའི་ནུས་པ་ལེགས་ཤིང་ཡིག་རིགས་གཞན་དག་དང་མཉམ་དུ་བསྲེས་ནས་གླེང་མོལ་ཡག་པོ་གནང་ཐུབ།

རིགས་དབྱེ།  

Skype

ད་ལྟའི་ཆར་བོད་ཡིག་ནི་སྒེའུ་ཁུངWindowsདང་ཀུ་ཤུMac)དེ་བཞིནLiunxསོགས་རྩིས་འཁོར་གྱི་རྒྱུད་ཁོངས་སོ་སོ་དངiPhoneདང་iPadསོགས་ལག་འཁྱེར་ཁ་པར་དང་ལག་འཛིན་གློག་ཀླད་ནང་དུ་ཚུད་ཡོད་ཅིང་། སྒེའུ་ཁུང་རྒྱུད་ཁོངས་ནང་དུ་ཝའེ་རོན་ཧི་མ་ལ་ཡ(Microsoft Himalaya)ཡིག་གཟུགས་དང་། ཀུ་ཤུའི་ནང་དུ་ཀེ་ལ་ཤ(Kailasa)ཡིག་གཟུགས། དེ་བཞིནLiunxནང་དུ་བོད་ཡིག་རྩིས་འཕྲུལ་གཟུགས(Tibetan Machine) ཡིག་གཟུགས་སོགས་མིང་འདོགས་དང་ཆེ་ཆུང་མ་འདྲ་པ་ཙམ་མ་གཏོགས་ཚང་མས་གཅིག་གྱུར་ཨང་སྒྲིག་གི་ཚད་གཞི་སྤྱད་ཡོད་པས་བོད་ཡིག་འདི་ལོ་རྒྱུས་སྟེང་གི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་རེད། དེ་ནི་ཤིན་ཏུ་དགའ་འོས་པའི་དོན་ཞིག་ཡིན་ལ། དེ་ཅི་ལྟར་བཀོལ་སྤྱོད་བྱེད་མིན་ནི་ང་ཚོ་རང་ཉིད་ལ་རག་ལས་པ་ཡིན། བརྡ་འཕྲིན་ཅན་གྱི་དུས་རབས་འདིར་མི་ཚང་མས་དྲ་རྒྱར་འབྲེལ་འདྲིས་བྱེད་དགོས་ཤིང་དྲ་རྒྱའི་བཀོལ་སྤྱོད་ཁྲོད་དུ་ཕན་ཚུན་དབར་གླེང་མོལ་བརྒྱུད་ནས་འབྲེལ་འདྲིས་བྱེད་པ་ནི་ཆེས་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྲུབ་ཡོད། བོད་ནང་དུ་མཚོན་ན་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཏེ་ཀུན་ལ་ཆ་རྒྱུས་ཡོད་ཅིང་སྤྱོད་བཞིན་པ་ནིQQཅེས་པའི་གླེང་མོལ་མཉེན་ཆས་དེ་ཡིན་ལ། ཕྱིར་སྡོད་བོད་མི་ཚོའི་ཁྲོད་དུ་ཅུང་དར་ཁྱབ་ཆེ་བ་ནི་སུ་ཀེ་ཕུ(Skype)དང་ཡཱ་ཧུའུ(Yahoo! Messenger)དང་། སྒེའུ་ཁུང(Windows Live)སོགས་གླེང་མོལ་མཉེན་ཆས་ལ་རིགས་མང་པོ་ཡོད། མཉེན་ཆས་རེ་འགའ་ལས། གཞན་གླེང་མོལ་མཉེན་ཆས་སོ་སོའི་ནང་དུ་བོད་ཡིག་སྤྱོད་ཆོག་གི་ཡོད། འདིར་སུ་ཀེ་ཕུ(Skype)གླེང་མོལ་མཉེན་ཆས་ནང་དུ་བོད་ཡིག་ཅི་ལྟར་སྤྱོད་ཚུལ་དཔེ་རིས་དང་སྦྲགས་ནས་ངོ་སྤྲོད་བྱ།

རིགས་དབྱེ།  

འཕྲིན་གཏོང་མཉེན་ཆས(Line)

Lineནི་ཁོ་རེ་ཡ་ལྷོ་མ་ནས་བཟོས་པའི་ཕན་ཚུན་འཕྲིན་པ་གཏོང་བྱེད་ཀྱི་མཉེན་ཆས་ཤིག་སྟེ། ཡི་གེ་དང་པར་རིས་བསྐུར་ཆོག་པར་མ་ཟད། ད་དུང་ཁ་པར་ཡང་གཏོང་ཆོག

རིགས་དབྱེ།  

ཇེ་མེལ(Gmail)

དེང་གི་དུས་སུ། Googleནི་འཛམ་གླིང་ཁྱོན་ན་བརྡ་འཕྲིན་དྲ་བའི་ཞབས་ཞུ་མ་ལག་རྒྱ་ཆེ་ཞིང་བརྡ་འཕྲིན་མ་ལག་གི་གསང་རྒྱ་དམ་པ་ཞིག་ཡིན། ཚོགས་པ་འདིས་གསར་དུ་བཏོད་པའི་བརྡ་འཕྲིན་ཡོ་བྱད་ལ། ཆ་འཕྲིན་འཚོལ་ཞིབ་དྲ་བwww.google.comདང་། དྲ་འཕྲིནemailགཏོང་ལེན་གྱི་ཞབས་ཞུའི་ཡོ་བྱདGmailདང། སྒྲ་གཟུགས་ཡིག་གསུམ་གྱི་དྲ་ཐོག་གླེང་མོལ་མཉེན་ཆསGoogle Talkདང་། ས་ཁྲའི་ཡོད་བྱདGoogle Earthལ་སོགས་ཡོད། དགའ་འོས་པ་ཞིག་ལ། Googleབརྡ་འཕྲིན་མ་ལག་ཏུ་ཧི་གཟུགས་བོད་ཡིག་བཀོལ་ཆོག འཛམ་གླིང་གི་མི་ཕལ་མོ་ཆེས་ལག་ལེན་ཁྲོད་ནས་བརྡ་འཕྲིན་ཡོ་བྱད་འདི་དག་ནི་བཀོལ་བདེ་ལ་གསང་རྒྱ་དམ་པོ་ཡིན་པར་བློ་འཁེལ་ཡོད། འདིར་སྐབས་སུ་བབ་པའི་ཇེ་མེལ་གྱི་ངོ་སྤྲོད་རག་ཙམ་བྱའོ།།

རིགས་དབྱེ།  

བརྙན་འཕྲིན་བེད་སྤྱོད་དང་བདག་སྐྱོང་།

བརྙན་འཕྲིན་ལེ་ཚན་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ལ། དེར་ཡུན་རིང་ལོངས་སྤྱོད་པར་འདོད་ན། བརྙན་འཕྲིན་ལ་བདག་སྐྱོང་ཡག་པོ་བྱ་བར་གལ་ཤིན་ཏུ་ཆེ་བས། འདིར་བེད་སྤྱོད་དང་བདག་སྐྱོང་ཇི་ལྟར་བྱེད་དགོས་པའི་སྐོར་ཅུང་ཙམ་བརྗོད་པར་བྱ།

རིགས་དབྱེ།  

ཁཱ་ཁའོ་མཉེན་ཆས་བེད་སྤྱོད་བྱེད་སྟངས།

གལ་སྲིད་ཁྱོད་ཀྱིས་ལག་ཁྱེར་ཁ་པར(Android) ནང་ཁཱ་ཁའོ་ཟེར་བའི་མཉེན་ཆས་དེ་ཕབ་ལེན་བྱས་ནས་བེད་སྤྱོད་གཏོང་འདོད་ཡོད་ཚེ། ཐོག་མར་ཁྱོད་ལ་དགོས་པའི་ཆ་རྐྱེན་གཅིག་ནི་ཇེ་མེལ(gmail)གྱི་གློག་འཕྲིན་ཁ་བྱང་ཞིག་བཟོ་དགོས་རྒྱུ་དེ་རེད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་དབྱིན་སྐད་དུApple storeཞེས་པའི་མཉེན་ཆས་ཕབ་ལེན་བྱེད་དགོས། འདིར་དེའི་སྐོར་གྱི་ཤེས་བྱ་ཕྲན་ཙམ་ངོ་སྤྲོད་བྱ།

རིགས་དབྱེ།  

ཨའོ་ཏཱ་ཧྥེང་།

སྤྱི་ལོ1992ལོར། འཛམ་གླིང་ཐོག་གི་འཕྲིན་ཐུང་ཐོག་མ་དེ་དབྱིན་ཇིའི་ཨའོ་ཏཱ་ཧྥེང་དྲ་བའི་ཐོག་ཏུ་གློག་ཀླད་བརྒྱུད་ནས་ལག་ཁྱེར་ཁ་པར་ཐོག་བདེ་བླག་ངང་སྐུར་ཐུབ་པ་བྱུང་བ་རེད། དེ་ནས་བཟུང་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ཞེས་པ་དེ་མངོན་འགྱུར་བྱུང་།

རིགས་དབྱེ།  

བཅར་འདྲིའི་གོ་རིམ།

རྒྱུན་དུ་བཀོལ་སྤྱོད་ཆེ་བའི་བཅར་འདྲི་བྱ་བའི་གོ་རིམ་ལ་ཟེར།

རིགས་དབྱེ།  

བཅར་འདྲིའི་ཁྱད་ཆོས།

གསར་འགོད་པས་བཅར་འདྲི་ཞུ་ཡུལ་འདྲ་མིན་སྣ་ཚོགས་ལ་དུས་ཚོད་ཐུང་ཐུང་ནང་བཀའ་འདྲི་ཞུས་ཏེ་གསར་འགྱུར་ལ་མཁོ་བའི་ཆ་འཕྲིན་གང་མང་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད། གསར་འགོད་པས་བཅར་འདྲི་ཞུ་ཡུལ་དང་བཅར་འདྲི་བྱེད་པའི་ཆ་དེ་ནི་སྤྱི་ཚོགས་ཐོག་གི་མི་དང་མིའི་བར་འབྲེལ་བ་བྱེད་པའི་རྣམ་པའི་ཁྱད་ཆོས་ཤིག་མངོན་གྱིན་ཡོད།

རིགས་དབྱེ།  

འཕྲིན་སྐྱེལ་དམག

འཕྲིན་སྐྱེལ་དམག་ནི་དམག་དཔུང་ནང་དམག་དོན་འཕྲིན་སྐྱེལ་གྱི་ལས་འགན་འཁུར་བའི་ཆེད་ལས་དམག་རིགས་ཤིག་ཡིན། སྤྱིར་བཏང་དུ་འཕྲིན་གཏོང་དང་། འཕྲིན་གཏོང་ལས་གཞི། འཕྲིན་གཏོང་ལག་རྩལ་འགན་སྲུང་། བཀོད་འདོམས་རང་འགུལ་ཅན། སྐུད་མེད་གློག་འཕྲིན་འགྲན་རྒོལ། མཁའ་འགྲུལ་དམག་གི་ཕྱོགས་སྟོན། དམག་དཔུང་སྦྲག་སྲིད་སོགས་ཆེད་ལས་དམག་དཔུང་དང་ཡན་ལག་རུ་ཁག་ལས་གྲུབ་པ་ཡིན། ལས་འགན་གཙོ་བོ་ནི་འཕྲིན་གཏོང་བྱ་ཐབས་སྣ་ཚོགས་སྤྱད་དེ་དམག་དཔུང་ཤར་གཏོང་ཐུབ་པའི་འཕྲིན་གཏོང་འབྲེལ་གཏུག་འགན་ལེན་བྱ་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱིས་འགལ་རྐྱེན་བཟོ་བ་དང་འགལ་རྐྱེན་བཟོ་བར་ངོ་རྒོལ་བྱ་རྒྱུ། མཚོ་ཁུལ་ལྟ་རྟོག་དང་། མཁའ་འགྲུལ་དམག་གི་ཕྱོགས་སྟོན་ལས་དོན། བྱེས་འཐབ་དམག་གི་སྦྲག་ལས་བཅས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། འཕྲིན་སྐྱེལ་དམག་གིས་དམག་དཔུང་གི་བཀོད་འདོམས་ལ་འགན་སྲུང་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ནུས་པ་གལ་ཆེན་ལྡན།

རིགས་དབྱེ།  

འཕྲིན་གཏོང་རྨང་གཞིའི་ཤེས་བྱ།

《འཕྲིན་གཏོང་རྨང་གཞིའི་ཤེས་བྱ》ནི་སྤྱི་ལོ2004ལོའི་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། རྩོམ་པ་པོ་ཀྲང་ཝུན་ཏུང་ཡིན། དཔེ་དེབ་འདིར་ལེའུ8ཡོད་པ་དང་། དྲ་རྒྱའི་ཟློས་ཕྱོད་ཁྱད་ཆོས། བརྒྱུད་སྐྱེལ་ཁྱད་གཤིས་བཅས་ཀྱི་ཐད་ནས་བཤད་ན། དེས་འཕྲིན་ལམ་གྱིས་བརྒྱུད་གཏོང་བརྡ་རྟགས་ལ་ཐེབས་པའི་ཤུགས་རྐྱེན་དང་། ལད་ཟློས་སྙོམ་སྒྲིག་བྱེད་ཐབས། གྲངས་ཀ་སྙོམ་སྒྲིག་བྱེད་ཐབས། བརྗེ་རེས་བྱེད་པའི་གོ་དོན། བརྗེ་རེས་ལག་རྩལ་དང་ཨང་ཀིའི་བརྒྱུད་གཏོང་ལག་རྩལ་བཅས་འགྲེལ་བཤད་བྱས་ཏེ། མཇུག་མཐར་ནོར་འཛོལ་ཚོད་འཛིན་གྱི་གཞི་རྩའི་རྩ་བའི་རིགས་པ་སྟབས་བདེའི་ངང་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

སྐད་འཕྲིན།

སྐད་འཕྲིན(WeChat)ནི་ཐེང་ཞུན་ཀུང་སིས་སྤྱི་ལོ2011ལོའི་ཟླ1པོའི་ཚེས21ཉིན་བཏོན་པའི་རིག་ནུས་མཐའ་སྣེ་ལ་དུས་ཐོག་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་བྱེད་པའི་རིན་མེད་ཉེར་སྤྱོད་ཀྱི་གོ་རིམ་ཞིག་རེད། ཀྲང་ཞའོ་ལུང་གིས་སྣེ་ཁྲིད་བྱས་པའི་ཀོང་ཀྲོའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཐོན་རྫས་ཚོགས་པས་བཟོས་པ་ཡིན། སྐད་འཕྲིན་ གྱིས་འཕྲིན་གཏོང་གཉེར་སྐྱོང་ཚོང་པ་དང་བཀོལ་སྤྱོད་མ་ལག་ལས་བརྒལ་བའི་ལས་སྟེགས་ཀྱིས་དྲ་རྒྱ་བརྒྱུད་དེ་རིན་མི་དགོས་པར(དྲ་རྒྱའི་རྒྱུག་ཚད་ཉུང་ཙམ་གྱི་ཟད་གྲོན་གཏོང་དགོས་པ)སྐད་སྒྲའི་འཕྲིན་ཐུང་དང་། བརྙན་འཕྲིན། པར་རིས། ཡི་གེ་བཅས་མགྱོགས་མྱུར་བསྐུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་རྒྱུན་ལྡན་སྨྱན་སྦྱོར་གྱི་ནང་དོན་མཉམ་སྤྱོད་དང་གནས་ཡུལ་ལ་གཞིགས་པའི་སྤྱི་ཚོགས་དང་འབྲེལ་བའི་མ་ལག“གཡོ་སྐྱོམ”དང་། “ཆུར་གཡེང་བུམ་པ”“གྲོགས་ཚོམས” “ སྤྱི་དམངས་ཀྱི་ལས་སྟེགས”“སྐད་སྒྲའི་ཟིན་བྲིས་དེབ”སོགས་ཞབས་ཞུའི་བསྒར་ལྷུ་བཀོལ་སྤྱོད་བྱེད་ཆོག་པ་རེད། སྤྱི་ལོ2016ལོའི་དུས་ཚིགས་གཉིས་པའི་བར་སྐབས་སུ་སྐད་འཕྲིན་ནི་ཀྲུང་གོའི94%ཡན་གྱི་རིག་ནུས་ལག་ཁྱེར་ཁ་པར་ལ་ཁྱབ་ནས་ཟླ་རེར་སྤྱོད་མཁན་དུང་ཕྱུར8.06ཟིན་པ་དང་རྒྱལ་ཁབ200ལྷག་ཙམ་ལ་ཁྱབ་ནས་སྐད་རིགས20ལྷག་ཙམ་ལ་ཁྱབ་ཡོད་པ་རེད། གཞན་ཡང་སྤུས་རྟགས་ཁག་གི་སྐད་འཕྲིན་སྤྱི་དམངས་ཀྱི་ཨང་རྟགས་བསྡོམས་འབོར་ཁྲི800ལས་བརྒལ་བ་དང་སྒུལ་བདེའི་ཉེར་སྤྱོད་སྦྲེལ་མཐུད་གྲངས་འབོར85000ལས་བརྒལ་བ། བརྡ་ཁྱབ་ཡོང་འབབ་དམངས་སྒོར་དུང་ཕྱུར6.79ཟིན་པ། སྐད་འཕྲིན་གཏོང་སྤྲོད་སྤྱོད་མཁན་དུང་ཕྱུར4ཙམ་ཟིན་ཡོད།

རིགས་དབྱེ།  

USB

USBནི་དབྱིན་ཡིག་གིUniversalSerialBus(སྤྱི་སྤྱོད་ཕྲེང་བགྲོད་མ་སྐུད)ཡི་བསྡུས་འབྲི་ཞིག་ཡིན་པ་དང་། དེ་ནི་ཕྱིའི་མ་སྐུད་ཀྱི་ཚད་གཞི་ཞིག་ཡིན་ལ་གློག་ཀླད་དང་ཕྱིའི་སྒྲིག་ཆས་ཀྱི་སྦྲེལ་མཐུད་ལ་གོ།Uསྡེར་དང་། གློག་གསོག་ནོར་བུ། USB གློག་མཁོ་འདོན་བྱེད་པའི་གློག་ཆས་ཆུང་གྲས། རིགས་མང་བའིUSBསྒྲིག་ཆས་སོགས་ཀྱིས་ང་ཚོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་མོད། ཡིན་ཡངUSBསྒྲིག་ཆས་ལ་ཉེན་ཁ་ཤིན་ཏུ་ཆེ། HIDགྲོས་མཐུན་ནི་ཅི་ཞིག་ཡིན་ཞེ་ན། རྩིས་འཁོར་གྲོས་མཐུན་ནི་རྩིས་འཁོར་གྱིས་འཕྲིན་གཏོང་གོ་རིམ་ཡོངས་འགྲུབ་བྱེད་སྐབས་བརྩི་སྲུང་བྱེད་དགོས་པའི་ཁ་ཆད་ཅིག་ཡིན། HIDགྲོས་མཐུན་ནི་མི་འཕྲུལ་བརྗེ་རེས་སྒྲིག་ཆས་ཚད་ལྡན་དུ་གཏོང་བའི་འཕྲིན་གཏོང་གྲོས་མཐུན་ཞིག་ཡིན་ལ། དེས་སྒྲིག་ཆས་བར་སྐུལ་ཆས་སྒྲིག་སྦྱོར་བྱེད་མི་དགོས་པར་ཕན་ཚུན་བརྗེ་རེས་བྱེད་ཐུབ་པ་དང་། HIDགྲོས་མཐུན་ལ་བརྟེན་པའིUSBསྒྲིག་ཆས་ལUSBམཐེབ་གཞོང་དང་ཙིག་རྟགས་སོགས་ཡོད།

རིགས་དབྱེ།  

སྐད་སྒྲའི་ལག་རོགས།

སྐད་སྒྲའི་ལག་རོགས་ནི་རིག་ནུས་རྣམ་པའི་ལག་ཁྱེར་ཁ་པར་གྱི་བྱེད་ནུས་ཤིག་ཡིན་ཞིང་། རིག་ནུས་གླེང་མོལ་དང་དུས་ཐོག་ཏུ་ལན་རྒྱག་པའི་རིག་ནུས་སྤེལ་རེས་བརྒྱུད་དེ་སྤྱོད་མཁན་ལ་རོགས་རམ་བྱས་ནས་གནད་དོན་ཐག་གཅོད་བྱེད་པ་དང་། གཙོ་བོ་སྤྱོད་མཁན་ལ་འཚོ་བའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་རེད། ཀུ་ཤུའི་ལག་ཁྱེར་ཁ་པར་གྱིsiriཡི་རིག་ནུས་སྐད་སྒྲའི་ལག་རོགས་ནི་སྐད་སྒྲའི་ལག་རོགས་ཐོག་མ་ཡིན་ལ། རྒྱ་སྐད་ཀྱི་སྐད་སྒྲའི་ལག་རོགས་ཀྱང་ཆར་རྗེས་ཀྱི་མྱུ་གུ་བཞིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱ་ཡིག་ཐད་ཀྱི་རིག་ནུས་འཚོལ་ཚད་སྔར་བཞིནsiriལས་བརྒལ་ཡོད་པ་རེད།

རིགས་དབྱེ།  

ཁ་པར་འཕྲིན་གཏོང་།

གློག་འཕྲིན་དྲ་བ་བཀོལ་ནས་ཕྱོགས་གཉིས་ཀྱི་སྐད་གདངས་བརྒྱུད་སྤྲོད་བྱས་ཏེ་ཁ་བརྡ་བྱེད་པའི་རྣམ་པ་ཞིག་ཡིན་ལ། འཛམ་གླིང་གི་ཁྱབ་ཁོངས་སུ་གློག་འཕྲིན་ལས་སྒོའི་ཚད་ཆེས་ཆེ་བའི་འཕྲིན་གཏོང་ཞིག་ཀྱང་ཡིན།

རིགས་དབྱེ།  

བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག

བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག(བསྡུས་མིང་ལ་བྱང་སྐར་ཨང་གསུམ་པའི་མ་ལག) ནི་སའི་གོ་ལའི་སྒོར་དབྱིབས་འབྲིང་བའིའཁོར་ལམ་འཁོར་སྐར24དང་། སའི་གོ་ལའི་འགུལ་མེད་འཁོར་ལམ་འཁོར་སྐར3 གསེག་གཞོལ་སའི་གོ་ལའི་འགྲོས་མཉམ་འཁོར་ལམ་འཁོར་སྐར3བཅས་ཁྱོན་བསྡོམས་འཁོར་སྐར30ལས་གྲུབ། བྱང་སྐར་ཨང་གསུམ་པའི་འཁོར་སྐར་ཕྱོགས་སྟོན་མ་ལག་གིས་ཞབས་ཞུ་རིགས་གཉིས་མཁོ་འདོན་བྱེད་པ་སྟེ། སྒོ་དབྱེའི་ཞབས་ཞུ་དང་དབང་ཆ་སྤྲོད་པའི་ཞབས་ཞུ་ཡིན། སྒོ་དབྱེའི་ཞབས་ཞུ་ནི་ཞབས་ཞུའི་ཁུལ་དུ་རིན་མི་དགོས་པར་གནས་ཡུལ་གཏན་ཁེལ་དང་མྱུར་ཚད་འཇལ་བ། དུས་བརྡ་གཏོང་བ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཅིང་། གནས་ཡུལ་གཏན་འཁེལ་གྱི་ཞིབ་ཚད་སྨི10ཡིན་ལ་དུས་བརྡ་གཏོང་བའི་ཞིབ་ཚད་ནཱ་སྐར་ཆ50ཡིན་པ་དང་། འགྲོས་ཚད་ཀྱི་ཞིབ་ཚད་ནི་སྐར་ཆ་རེར་སྨི0.2ཡིན། དབང་སྤྲོད་ཞབས་ཞུ་ནི་དབང་བཅོལ་མཁན་ལ་དེ་བས་བདེ་འཇགས་ཀྱི་གཏན་ཁེལ་གནས་ཡུལ་དང་མྱུར་ཚད་འཇལ་བ། དུས་བརྡ་གཏོང་བ། འཕྲིན་གཏོང་ཞབས་ཞུ་བཅས་དང་དེ་བཞིན་མ་ལག་གི་འཐུས་ཚང་རང་བཞིན་གྱི་ཆ་འཕྲིན་མཁོ་འདོན་བྱ་རྒྱུ་དེ་རེད།

རིགས་དབྱེ།  

སྲུང་སྐར་ལག་ལེན་ཨང་ཉེར་གཅིག་པ།

པེ་ཅིང་དུས་ཚོད་སྤྱི་ལོ2021ལོའི་ཟླ10བའི་ཚེས24ཉིན་གྱི་ཆུ་ཚོད9དང་སྐར་མ27སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། སྲུང་སྐར་ལག་ལེན་ཨང་ཉེར་གཅིག་པ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་སླེབས་པ་དང་འཕེན་གཏོང་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

རིགས་དབྱེ།