རྩིས་འཁོར་གྱི་བདེ་འཇགས།

རྩིས་འཁོར་གྱི་ནད་དུག་ཁྱབ་སྤེལ་ཆེར་ཕྱིན་པས་གོ་ལ་ཧྲིལ་བོར་གོད་ཆག་ཚབས་ཆེན་བཟོས་ཡོད། ཕལ་ཆེར་རྩིས་འཁོར་ཞིག་ཡིན་པ་ཐམས་ཅད་ནད་དུག་མ་ཕོག་པ་གང་ཡང་མེད་ཅེས་བཤད་མི་ཆོག་པ་མེད། དེ་བས་ཀློག་ཀླད་དུ་ནད་དུག་འགོག་གསོད་ཐུབ་པའི་མཉེན་ཆས་པར་ཡང་དག་ཅིག་ནང་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ།།

རིགས་དབྱེ།  

དྲ་རྒྱའི་བསླུ་བྲིད།

དྲ་རྒྱའི་བསླུ་བྲིད་ནི་རྒྱུན་དུ་དམིགས་ཡུལ་ཞིག་འགྲུབ་ཆེད་དྲ་རྒྱའི་ཐོག་ཐབས་སྣ་ཚོགས་ལ་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའི་བསླུ་བྲིད་གཏོང་པའི་ཐབས་ལ་ཟེར། ཉེས་གསོག་གི་བྱ་སྤྱོད་དང་ལྷུ་ཚིགས་གཙོ་བོ་མཉམ་སྦྲེལ་དྲ་བ་བརྒྱུད་དེ་ཐོན་པ་ཡིན་ལ། དོན་དངོས་རྫུན་བཟོའམ་གནས་ཚུལ་ངོ་མ་སྦས་གསང་བྱ་ཐབས་ལ་བརྟེན་ནས་གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེ་ཙམ་ཁ་བསླུས་བརྒྱབ་པའི་བྱ་སྤྱོད་ལ་ཟེར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེ་ཙམ་བསླུ་བྲིད་གཏོང་པའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། གྲངས་འབོར་ལྷག་པར་ཆེ་བའམ་ཡང་ན་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་ཡིན།

རིགས་དབྱེ།  

དྲ་རྒྱའི་བདེ་འཇགས་བཟོ་བཀོད་པ།

དྲ་རྒྱའི་བདེ་འཇགས་བཟོ་བཀོད་པ་ནི་དྲ་རྒྱའི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ལས་རིགས་ཤིག་ཡིན།

རིགས་དབྱེ།  

དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱེད་ཐབས།

《དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱེད་ཐབས》ནི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་འགན་ལེན་དང་། དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས་འགན་ལེན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་གྲངས་བདེ་འཇགས་བཅའ་ཁྲིམས》བཅས་གཞིར་བཟུང་ནས་བཟོས་པ་ཡིན།

རིགས་དབྱེ།  

དྲ་རྒྱའི་བདེ་འཇགས་འགོག་སྲུང་།

དྲ་རྒྱའི་བདེ་འཇགས་འགོག་སྲུང་ནི་དྲ་རྒྱའི་བདེ་འཇགས་ལག་རྩལ་ཞིག་ཡིན་ཞིང་། དེ་ནི་ཇི་ལྟར་ནུས་ལྡན་ངང་ཐེ་གཏོགས་ཚོད་འཛིན་བྱེད་པ་དང་། དེ་བཞིན་གཞི་གྲངས་བརྒྱུད་གཏོང་གི་བདེ་འཇགས་རང་བཞིན་འགན་ལེན་ཇི་ལྟར་བྱེད་པའི་ལག་རྩལ་གྱི་བྱེད་ཐབས་ཤིག་ཡིན། དེའི་ནང་གཙོ་བོ་དངོས་ལུགས་བདེ་འཇགས་དབྱེ་ཞིབ་ལག་རྩལ་དང་། དྲ་རྒྱའི་གྲུབ་ཚུལ་བདེ་འཇགས་དབྱེ་ཞིབ་ལག་རྩལ། མ་ལག་བདེ་འཇགས་དབྱེ་ཞིབ་ལག་རྩལ། དོ་དམ་བདེ་འཇགས་དབྱེ་ཞིབ་ལག་རྩལ། དེ་བཞིན་བདེ་འཇགས་ཞབས་ཞུ་དང་བདེ་འཇགས་ལམ་སྲོལ་དང་ཐབས་ཇུས་གཞན་དག་བཅས་ཚུད་ཡོད།

རིགས་དབྱེ།  

སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ།

སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལ་དྲ་རྒྱའི་ལྟ་སྐུལ་ཞེས་བསྡུ་རྒྱུ་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་ཞིག་ཡིན། ཞིབ་ཕྲའི་འགན་འཁྲི་དེ་ལག་བསྟར་བྱེད་མཁན་ལས་ཁུངས་ལ་དྲ་རྒྱའི་ལྟ་སྐུལ་སྡེ་ཚན་ནམ་ཡང་ན་དྲ་རྒྱའི་ལྟ་སྐུལ་ལས་ཁུངས་ཞེས་བརྗོད་ཀྱིན་ཡོད།

རིགས་དབྱེ།  

དྲ་རྒྱའི་གྱོད་དོན་ཐོ་འགོད།

དེ་ནི་མི་དམངས་ཁྲིམས་ཁང་གིས་དྲ་ཐོག་ནས་དོ་བདག་དང་། ལས་ཚབ་པ(ཁྲིམས་རྩོད་པ) གཏུག་བཤེར་དུ་ཞུགས་མཁན་དང་གཏུག་བཤེར་བདེན་དཔང་རྒྱུ་ཆ་བསྡུ་ལེན་བྱེད་པའི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

མེ་འགོག་རྩིག་གྱང་།

མེ་འགོག་རྩིག་གྱང་ལག་རྩལ་ནི་བདེ་འཇགས་དོ་དམ་དང་གདམ་གསེས་བྱེད་པའི་མཉེན་ཆས་དང་མཁྲེགས་ཆས་ཕན་ཚུན་ཟུང་འབྲེལ་བྱས་པར་བརྟེན་ནས་རྩིས་འཁོར་དྲ་རྒྱ་དེ་ཕྱི་ནང་གཉིས་ཀྱི་བར་དུ་བལྟོས་བཅས་ཀྱིས་འབྲེལ་ཐག་གཅོད་པའི་སྲུང་སྐྱོབ་སྲུང་ཡོལ་ཞིག་བསྐྲུན་རོགས་བྱས་ཏེ། སྤྱོད་མཁན་གྱི་རྒྱུ་ཆ་དང་ཆ་འཕྲིན་བདེ་འཇགས་རང་བཞིན་སྲུང་སྐྱོང་བྱེད་པའི་ལག་རྩལ་ཞིག་ཡིན།

རིགས་དབྱེ།  

དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར།

དྲ་རྒྱའི་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའང་ཉིན་རེ་བཞིན་མཉམ་འབྲེལ་དྲ་རྒྱ་དང་ཁ་འབྲལ་ཐབས་མེད་ལ། དྲ་རྒྱའི་བདེ་འཇགས་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ9པའི་ཚེས11ཉིན་ནས་ཚེས17ཉིན་བར་ནི་སྤྱི་ལོ2023ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་པ་དང་། ད་ལོའི་བརྗོད་བྱ་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་དེ་རེད།

རིགས་དབྱེ།