རྡེབ་གྲུག

ལུས་རྩལ་འདི་ནི་ཨ་རི་ནས་བྱུང་ཞིང་། སྤྱི་ལོ1895ལ། ཨ་རིའི་མངའ་སྡེ་མཱ་ས་ཊོ་སེའི་གྲོང་ཁྱེར་ཧོ་ལེ་ཁུག་ཅེས་པར་མིང་ལ་ཝེ་ལེན་མོ་ཀེན་ཟེར་བའི་རྩལ་སྦྱོང་ལས་བྱེད་མི་སྣ་ཞིག་གིས་གསར་གཏོད་གནང་བ་རེད། དང་ཐོག་རྡེབ་གྲུག་ལMintonetteསྟེ་གཟེབ་ཆུང་གི་དོན་ཞིག་ལྡན་མོད། སྤྱི་ལོ1896ལ། ཧོར་སི་ཐེ་ཏི་ནས་འགྲན་སྡུར་གྱི་ཁྱད་ཆོས་ལྟརVolleyballསྟེ། དེང་རབས་རྒྱལ་སྤྱིའི་གཅིག་སྤྱོད་ཀྱི་མིང་རྡེབ་གྲུག་ཅེས་སུ་བཏགས།

རིགས་དབྱེ།  

གྱང་རྡེབ་སྤོ་ལོ།

སྤོ་ལོའི་ལུས་རྩལ་གྱི་རྣམ་གྲངས་ཤིག་སྟེ། གྲུག་ཐང་ཕྱོགས་གཅིག་གྱང་ཡིན་ཞིང་། འགྲན་བསྡུར་བྱེད་དུས་ཕྱོགས་གཅིག་གིས་གྲུ་གུ་གྱང་ངོས་སུ་བརྡེགས་ཏེ་ས་ལ་ལྷུང་བ་ན་ཕྱོགས་ཅིག་ཤོས་ཀྱིས་སླར་རྡེག་པ་ཞིག་གོ། །

རིགས་དབྱེ།  

གྲུག་རྡེག

གྲུག་རྡེག་ནི་སྤོ་ལོ་རྒྱག་བྱེད་ཀྱི་ཡོ་བྱེད་ཅིག་ཡིན། དེ་ལ་རྡེག་ངོས་དང་རྡེག་ཡུ་ཡོད།

རིགས་དབྱེ།  

བྱེ་ཐང་གི་ཕའེ་ཆིའུ་སྤོ་ལོ།

བྱེ་ཐང་གི་ཕའེ་ཆིའུ་སྤོ་ལོ་ནི་སྤྱི་ལོ1920ལོར་ཨ་མེ་རི་ཁའི་ཅཱ་ལི་ཧྥུ་ནི་ཡ་ནས་ཐོག་མར་བྱུང་། འགྲན་བསྡུར་རུ་ཁག་གཉིས་སུ་ཞུགས་དགོས་ཏེ། རུ་ཁག་རེ་ནས་མི་གཉིས་རེ་ཞུགས་དགོས། ངེས་པར་དུ་རྐང་རྗེན་དུ་འབུད་དགོས་ལ། འགྲན་བསྡུར་གྱི་སྐབས་སུ་ལུས་རྩལ་པས་ངེས་པར་དུ་སྤོ་ལོ་རེས་མོས་སུ་འཕེན་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

བྱེ་ལྒང་།

བྱེ་ལྒང་ཞེས་པ་བྱེ་ཐང་དུ་འཕེན་པའི་རྡེབ་གྲུག་ཅིག་ཡིན་ལ། བསྡུས་མིང་ལ་བྱེ་ལྒང་དུའང་འབོད། འཛམ་གླིང་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།