ནུབ་རྒྱུད་གསར་སྤེལ་ཆེན་མོ།

ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ཤིག་ཡིན་ཞིང་། དམིགས་འབེན་ནི་ཤར་རྒྱུད་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ནུས་ཤུགས་ལྷག་མ་དེ་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་དང་། རྒྱལ་སྲུང་སྲ་བརྟན་དུ་གཏོང་བའི་ཐད་ལ་འདོན་སྤེལ་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།

རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་པའི་མཚན་ཉིད་ཐོག་མ་སྤྱི་ལོ1972ལོར་བཏོན་པ་སྟེ། དེ་ནི་དེང་སྐབས་ཀྱི་མི་རྣམས་ཀྱི་དགོས་མཁོ་སྐོང་བ་དང་། རྗེས་རབས་པས་རང་གི་དགོས་མཁོ་སྐོང་བའི་ནུས་པར་གནོད་འཚེ་མི་ཐེབས་པའི་འཕེལ་རྒྱས་ལ་ཟེར།

རིགས་དབྱེ།  

སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་དེ་འཐུས་ཚང་དུ་ཕྱིན་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ངོས་ཐད་ནས་བརྗོད་པ་ཡིན་ཏེ། མི་རབས་རྗེས་མར་སྔོ་ལྗང་ལྗང་གི་ཁོར་ཡུག་ཅིག་བསྐྲུན་ཆེད་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་གཞུག་ནས། ཁོང་ཚོར་སྐྱེ་ཁམས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་དུ་འཇུག་པ་དེ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ནང་དོན་གལ་ཆེན་ཞིག་ཡིན་ཏེ། མི་དམངས་ཀྱི་བདེ་སྐྱིད་དང་མི་དམངས་ཀྱི་མ་འོངས་བར་འབྲེལ་ཞིང་། “བགྲང་བྱ་བརྒྱ་ཟུང”གི་ཧུར་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་འདུན་མ་མངོན་འགྱུར་འབྱུར་བར་འབྲེལ་བ་དམ་པོ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཙིགས་ཆེན་དུ་བཟུང་སྟེ། སྔ་རྗེས་སུ་ཐབས་ཇུས་དང་བཀོད་འདོམས་གལ་ཆེན་རབ་དང་རིམ་པ་བཏོན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་སྤེལ་ཐད་འཕེལ་རྒྱས་ཆེན་པོ་དང་འབྲས་བུ་གནད་དུ་སྨིན་པ་ཐོན། 2012ལོའི་ཟླ11པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ཞིག་གི་སྣེ་བཟུང་ནས“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱ་ཆེན་པོར་སྐུལ་སྤེལ”གྱི་འཐབ་ཇུས་བཏོན་པ་རེད། 2015ལོའི་ཟླ5པར། 《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་སྤེལ་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས། 2015ལོའི་ཟླ10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཐེངས་དང་པོར་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཁྲོད་བཀོད་པ་རེད།

རིགས་དབྱེ།  

གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ།

དེ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་གཉེར་ཁེ་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་མཉམ་སྒྲུབ་ཁེ་ལས། སྒེར་གཉེར་ཁེ་ལས་བཅས་ཀྱི་ལས་བཟོ་བས་དུས་ཡུན་རིང་པོ་ཞིག་ལ་ཁང་པ་ཉོ་བར་གསོག་པའི་མ་དངུལ་དེ་ལ་ཟེར།

རིགས་དབྱེ།  

གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན།

གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ནི་ཀྲུང་གོ་དེང་རབས་ཅན་དང་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ཞིག་ཡིན་ཞིང་། རྣམ་པ་གསར་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྲིད་ཇུས་བྱེད་ཕྱོགས་ལག་ལེན་དུ་བཏབ་ནས་དུས་མཉམ་སྒོས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་འཆར་འགོད་དེ་ལ་གོ།

རིགས་དབྱེ།  

གསར་གཏོད་སྐུལ་སྤེལ།

མི་སྒེར་གསར་གཏོད་ཀྱི་ནུས་པ་དང་ལག་རྩལ། བློ་རིག་ལ་བརྟེན་ནས་དཔལ་འབྱོར་བྱེད་ཐབས་དང་ལས་ཞུགས་བྱེད་ཐབས་ཀྱི་བྱ་འགུལ་དེ་ལ་གོ།

རིགས་དབྱེ།  

ཁྲིམས་སྐྱོང་ཀྲུང་གོ།

ཁྲིམས་སྐྱོང་ནི་མིའི་རིགས་ཀྱི་ཆབ་སྲིད་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེང་རབས་སྤྱི་ཚོགས་ཀྱི་རྩ་བའི་སྒྲོམ་གཞི་ལྟ་བུ་ཡང་ཡིན། ཆེ་བ་རྒྱལ་ཁབ་ཀྱི་སྲིད་ལུགས་ནས་ཆུང་བ་མི་སྒེར་གྱི་ཀུན་སྤྱོད་བཅས་ཁྲིམས་སྐྱོང་གི་འོག་ནས་འཁོར་བསྐྱོད་བྱེད་པ་རེད།

རིགས་དབྱེ།  

གསར་གཏོད་ཅན་གྱི་ཤེས་ལྡན་པ།

གསར་གཏོད་ཅན་གྱི་ཤེས་ལྡན་པ་ཞེས་པ་ནི་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་མི་འཇོན་ཐང་ཅན་ལ་ཟེར། རྒྱུན་དུ་བློ་རིག་རྩེ་གཅིག་ཏུ་སྒྲིམ་ནས་དོན་གང་དང་ཅི་ལ་ཡང་རྒྱུན་འཁྱོངས་ལྷོད་མེད་བྱེད་ཅིང་། བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན།

རིགས་དབྱེ།  

གསར་གཏོད་ཅན་གྱི་སྲིད་གཞུང་།

གསར་གཏོད་ཅན་གྱི་སྲིད་གཞུང་ནི་སྲིད་འཛིན་གྱི་བྱ་བའི་ལས་ཆོད་ཇེ་མཐོར་གཏོང་ཆེད་དང་སྤྱིའི་ཁེ་ཕན་གྱི་ཆེད་དུ་ཞབས་ཞུ་བསྒྲུབ་པའི་གསར་གཏོད་རང་བཞིན་ལྡན་པའི་བཅོས་སྒྱུར་དེ་ལ་ཟེར།

རིགས་དབྱེ།  

རྒྱལ་ཁབ་རྩ་ཁྲིམས་ཉིན་མོ།

སྤྱི་ལོ2014ལོའི་ཟླ11པའི་ཚེས1ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ལས་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་རུ་གཏན་ཁེལ་བྱས་པ་རེད།

རིགས་དབྱེ།  

ཤེས་རིག་གྲོང་ཁྱེར།

རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་ནི་གསར་གཏོད་ལྡན་པའི་སྒོ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ཏེ། ཁྱོན་ཡོངས་ནས་རྣམ་པ་གསར་བའི་ཆ་འཕྲིན་ལག་རྩལ་དང་རྣམ་པ་གསར་བའི་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་གཏོང་བ་གཉིས་གཏིང་ཟབ་སྒོས་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་དང་དེང་རབས་ཅན་གྱི་ཆུ་ཚད་ལ་སྙེག་ནས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ཕྱོགས་ལ་བགྲོད་ལམ་གསར་བ་དང་། བྱེད་ཕྱོགས་གསར་བ། རྣམ་པ་གསར་བཅས་ཀྱི་ལམ་བཏོད་པ་རེད། རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་གྱི་བཀོད་འདོམས་བྱེད་ཡུལ་ནི་དགོས་ངེས་ལ་ཁ་ཕྱོགས་པ་དང་། སྤྱི་ཚོགས་བཅོས་སྐྱོང་། དམངས་ཕན་ཞབས་ཞུ་བཅས་གཅིག་སྡུད་ཀྱི་སྒོ་ནས་སྣ་འཛོམས་རང་བཞིན་ཅན་གྱི་ཞབས་ཞུའི་སྟེགས་བུ་སྐྲུན་པ་དེ་ཡིན། བྱེད་དགོས་པ་ནི་གཅིག་གྱུར་གྱི་སྣེ་ཁྲིད། གཅིག་གྱུར་གྱི་འཆར་འགོད། གཅིག་གྱུར་གྱི་དོ་དམ་བཅས་གསུམ་ཡིན།

རིགས་དབྱེ།  

ཀྲུང་གོའི་ཤེས་རིག་གྲོང་ཁྱེར།

དེ་རིང་གི་ཀྲུང་གོ་ནི་ཁྱད་མཚར་བའི་འཕེལ་རྒྱས་ཀྱི་ལམ་ལ་བསྙེགས་ནས་ལོ་རྒྱུས་གསར་བའི་དུས་མཚམས་སུ་འགྲེང་ཏེ། ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་བྱས་ཏེ་འཛམ་གླིང་ཁྱོན་ལ་ལག་རྡང་སྦྲེལ་ནས་མུ་མཐུད་དུ་དཔལ་འབྱོར་འཕེལ་ཕྱོགས་གསར་བ་ཅན་དུ་བཏང་ནས་མདུན་དུ་སྐྱོད། གོ་ལ་ཧྲིལ་བོ་དེང་རབས་ཅན་གྱི་ལམ་ལ་བསྙེག་པར་བྱེད་པའི་གསར་གཏོད་མཁན་དང་སྣེ་སྟོན་པ་ཡིན། འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས་རྣམ་པ་གསར་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བླང་བྱའི་འོག་ཆ་འཕྲིན་ལག་རྩལ་གྱི་ཁོ་ལག་རྫོགས་ཤིང་རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་གྱི་འཛུགས་སྐྲུན་ཤ་འོད་བཞིན་བརྡོལ།

རིགས་དབྱེ།  

འཛམ་གླིང་ཤེས་རིག་གྲོང་ཁྱེར།

ཆ་འཕྲིན་འཕེལ་རྒྱས་བྱུང་བ་དང་གྲོང་ཁྱེར་ཚན་རྩལ་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་ནས་ཤེས་རིག་གྲོང་ཁྱེར་རིམ་གྱིས་འཚར་ལོངས་བྱུང་ཞིང་། རིག་གནས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཤེས་རིག་གྲོང་ཁྱེར་ནི་ཆ་འཕྲིན་ཅན་དུ་འགྱུར་བའི་ཆེས་མཐོ་བའི་མངོན་ཚུལ་ཡིན།

རིགས་དབྱེ།  

ངལ་རྩོལ་གན་རྒྱའི་ལམ་ལུགས།

ངལ་རྩོལ་གན་རྒྱ་ཟེར་བ་ནི་ངལ་རྩོལ་པ་དང་བཀོལ་སྤྱོད་བྱེད་མཁན་ཚན་པའི་བར་ངལ་རྩོལ་འབྲེལ་བ་བྱུང་རྗེས་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ཐད་གྲོས་མཐུན་འཇོག་པ་ལ་ཟེར་བ་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་འགན་སྲུང་ལམ་ལུགས།

སྤྱི་ཚོགས་རིང་ལུགས་ཀྱི་འགན་སྲུང་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བཟུང་ནས། སྤྱི་ཚོགས་ཀྱི་ཁོངས་མིའི་གཞི་རྩའི་འཚོ་བའི་ཁེ་དབང་འགན་སྲུང་བྱེད་ཆེད་རོགས་སྐྱོར་དང་ཁ་གསབ་རོགས་དངུལ་མཁོ་འདོན་བྱེད་པའི་ལམ་ལུགས་ཤིག་རེད།

རིགས་དབྱེ།  

རྒྱལ་དམངས་དཔལ་འབྱོར།

རྒྱལ་དམངས་དཔལ་འབྱོར་ནི་ཐོན་ལས་ཆེན་པོ་གསུམ་ལས་གྲུབ་ཅིང་། རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལས་མངོན་པ་ཡིན།

རིགས་དབྱེ།  

རུལ་རྒོལ་གཙང་སྤེལ།

རུལ་སུངས་ལ་འགོག་རྒོལ་དང་ཡང་དག་པའི་སྲིད་ཇུས་གཙང་སྤེལ་བྱེད་པའི་དོན་ཡིན་ཏེ། ཆབ་སྲིད་རིག་པའི་རིག་གཞུང་གི་ཐ་སྙད་ཡིན་ཞིང་། ཆབ་སྲིད་ཀུན་སྤྱོད་ཀྱི་ཁོངས་སུ་གཏོགས།

རིགས་དབྱེ།  

ངལ་རྩོལ་པའི་ཁེ་དབང་།

ངལ་རྩོལ་པའི་ཁེ་དབང་ཞེས་པ་ནི་ངལ་རྩོལ་པས་ངལ་རྩོལ་བཅའ་ཁྲིམས་གཞིར་བཟུང་ནས་རང་ཉིད་ཀྱི་དབང་ཆ་དང་ཁེ་ཕན་ལོངས་སུ་སྤྱོད་པར་བརྗོད།

རིགས་དབྱེ།  

ངལ་རྩོལ་པའི་འོས་འགན།

ངལ་རྩོལ་པའི་འོས་འགན་ཞེས་པ་ནི་ངལ་རྩོལ་པས་སྒྲུབ་དགོས་པའི་འགན་འཁྲི་ལ་ཟེར་བ་ཡིན།

རིགས་དབྱེ།  

སྤྱི་ཁོག་སྙོམ་སྒྲིག

རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་ཞེས་པ་ནི་རྒྱལ་ཁབ་ཀྱིས་བྱ་ཐབས་སྣ་ཚོགས་སྤེལ་ནས་རྒྱལ་དམངས་དཔལ་འབྱོར་ལ་ཚོད་འཛིན་དང་ལེགས་སྒྲིག་བྱེད་པ་ལ་ཟེར།

རིགས་དབྱེ།  

སྐད་བརྡའི་ཁེ་དབང་།

སྐད་བརྡའི་ཁེ་དབང་ནི་སྤྱི་དམངས་དང་མི་སྒེར་གྱིས་སྤྱི་བའི་གནས་ཡུལ་ནས་བཀོལ་བའི་སྐད་བརྡའི་ཁེ་དབང་དེ་ཡིན།

རིགས་དབྱེ།  

ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས།

སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྟེང་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་ཞེས་པའི་ཐོག་མའི་བླང་བྱ་བཏོན།

རིགས་དབྱེ།  

གསང་འབྲེལ་ཆ་འཕྲིན།

གསང་འབྲེལ་ཆ་འཕྲིན་ནི་སྤྱིར་བཏང་རྒྱལ་ཁབ་ཀྱི་སྲིད་དོན། བདེ་འཇགས། ཚན་རྩལ། དམག་དོན་ཁྱབ་ཁོངས་སོགས་ཀྱི་གསང་བའི་ཡིག་ཆ་དང་གསང་བའི་ཆ་འཕྲིན་སོགས་ཀྱི་ནང་དོན་དེ་དག་འདུས། ཁྱབ་ཁོངས་ཐད་ནས་ནང་ཁུལ་གསང་རྒྱ་དང་ཕྱིའི་གསང་རྒྱ་གཉིས། ད་དུང་རིགས་གཅིག་ནི་ཁེ་ལས་དང་ལས་ཁུངས་ཀྱི་གསང་བའི་ཡིག་ཆ་བཅས་ཡོད།

རིགས་དབྱེ།  

ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་ཁྱབ།

ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་ཁྱབ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ།

རིགས་དབྱེ།  

མཉམ་གསུམ་རྩ་དོན།

མཉམ་གསུམ་རྩ་དོན་ནི། རྒྱུད་གཅིག་ལམ་གཅིག་བཟོ་སྐྲུན་གྱི་ནང་དོན་ཡིན་ཏེ། མཉམ་དུ་གྲོས་མོལ་བྱེད་པ། མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སུ་སྤྱོད་པ་བཅས་ཡིན།

རིགས་དབྱེ།  

སྔོན་མེད་གསར་གཏོད་ཀྱི་སྙིང་སྟོབས།

སྔོན་མེད་གསར་གཏོད་ཀྱི་སྙིང་སྟོབས་ཞེས་པ་ནི་རྙིང་མཁྲེགས་ཀྱི་བསམ་བློ་གཏོར་ནུས་པ་དང་གསར་གཏོད་རང་བཞིན་གྱི་བསམ་བློ་ཁྱད་དུ་འཕགས་ཤིང་རང་རྟོགས་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། རིག་རྩལ་གསར་གཏོད་སོགས་ལ་འཆར་སྒོ་ཕུན་སུམ་ཚོགས་པའི་བསམ་པའི་ནུས་པ་དེ་ལ་གོ་བ་ཡིན།

རིགས་དབྱེ།  

རིག་གནས་ཀྱི་གདེང་ཚོད།

རིག་གནས་ཀྱི་གདེང་ཚོད་ནི་མི་རིགས་ཤིག་དང་། རྒྱལ་ཁབ་ཞིག་གམ་ཡང་ན་ཏང་སྲིད་རང་སྟེང་གི་རིག་གནས་རིན་ཐང་གི་གདེང་འཇོག་དང་རྩི་མཐོང་། རིག་གནས་སྲོག་ཤིང་གི་བློ་བརྟན་འགྱུར་མེད་ཀྱི་སེམས་དེ་ཡིན།

རིགས་དབྱེ།  

ཏང་ཡོན་གྱི་འོས་འགན།

ཏང་གི་རྨང་གཞིའི་རྒྱུན་ཤེས་དང་ཚན་རིག་རིག་གནས། ཁྲིམས་ལུགས་སོགས་ཀྱི་ལས་སྒོའི་ཤེས་བྱ་ལ་སློབ་སྦྱོང་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།

རིགས་དབྱེ།  

ཏང་ཡོན་གྱི་ཁེ་དབང་།

ཏང་གི་བྱ་བའི་ནང་ཏང་ཡོན་རྣམས་ཀྱིས་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་ལ་གོ།

རིགས་དབྱེ།  

ཏང་དངུལ་དོ་དམ་ལམ་ལུགས།

ཏང་ཡོན་གྱིས་རང་འགུལ་སྒོས་རྩ་འཛུགས་པུའུ་ཡི་ཡིག་ཆའི་གཏན་ཁེལ་ལྟར་ཟླ་རེའི་ཏང་དངུལ་སྤྲོད་དགོས། ཏང་ཀྲི་པུའུ་ཡིས་དུས་ཚིགས་རེ་རེར་ཏང་དངུལ་བསྡུ་བའི་གནས་ཚུལ་ཐེངས་གཅིག་རེ་སྤྱི་བསྒྲགས་བྱེད་དགོས། དུས་ཚིགས་རེ་རེར་ཏང་དངུལ་སྒོར་གྲངས་ཇི་བཞིན་དུ་རྩ་འཛུགས་པུའུ་ལ་ཡར་སྤྲོད་བྱེད་དགོས།

རིགས་དབྱེ།