རང་བྱུང་གྲངས།

རྩིས་རིག་གི་ངོས་ནས་བཤད་ན་རང་བྱུང་གྲངས་ནི་སྤྱིར་བཏང་གི་བརྩི་བྱའི་གྲངས་ཀ་སྟེ་དཔེར་ན123ལྟ་བུ་མཚམས་རེ་ཀླད་གོར་ཡང་རང་བྱུང་གྲངས་ཀྱི་འཁོངས་སུ་ཚུད་པ་རེད།

རིགས་དབྱེ།  

གྲངས་རིག

གྲངས་རིག་ནི་གྲངས་ཚད་དང་གྲུབ་ཚུལ། འགྱུར་ལྡོག་དང་བར་སྟོང་། བརྡ་འཕྲིན་དང་དོན་སྤྱི་ལ་སོགས་པར་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ཟུར་གཞན་ཞིག་ནས་དེ་ནི་བཟོ་དབྱིབས་ཚན་རིག་གི་རིགས་ཁོངས་ལ་གཏོགས་པ་ཡིན།

རིགས་དབྱེ།  

ལུགས་ལྡན་གྲངས་ཀྱི་སྒྱུར་རྩིས།

ལུགས་ལྡན་གྲངས་ཀྱི་སྒྱུར་རྩིས་ངེས་ལུགས། (1)གྲངས་ཀ་གཉིས་ཕན་ཚུན་བསྒྱུར་ན། རྟགས་མཐུན་པར་ཕོ་གྲངས་རྟགས་ཐོབ་པ་དང་། རྟགས་ཐ་དད་པར་མོ་གྲངས་རྟགས་ཐོབ་པ་མ་ཟད། ལྟོས་མེད་གྲངས་ཐང་ཕན་ཚུན་བསྒྱུར་དགོས། (2)གྲངས་ཀ་གང་རུང་ཞིག་གིས0ལ་བསྒྱུར་ན་ཚང་མར0ཐོབ།

རིགས་དབྱེ།  

ལུགས་ལྡན་གྲངས་ཀྱི་བགོད་རྩིས།

ལུགས་ལྡན་གྲངས་ཀྱི་བགོད་རྩིས་ངེས་ལུགས། 0དང་མི་མཚུངས་པའི་གྲངས་ཀ་ཞིག་གིས་བགོས་ན། གྲངས་ཀ་དེའི་ལོག་གྲངས་ཀྱིས་བསྒྱུར་བ་དང་མཚུངས།

རིགས་དབྱེ།  

གྲངས་གནས་དྲུག་ཅུ།

གྲངས་གནས་དྲུག་ཅུ་བརྩི་ཚུལ་ནི། ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། ། ས་ཡ་བྱེ་བ་དུང་ཕྱུར་ཏེ། ། རྐྱང་པའི་གྲངས་སུ་ཤེས་པར་བྱ། ། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌། ། སྤང་རྟེན་དེད་འདྲེན་མཐའ་སྣང་དང༌། ། རྒྱུ་རིག་འོད་མཛེས་དབང་པོ་དང༌། ། ལེགས་འབྱིན་སྟོགས་འགྲོ་འབྱིང་རྡུལ་དང༌། ། རྒྱ་རྟགས་དང་ནི་སྟོབས་འཁོར་དང༌། ། བརྡ་ཤེས་རྣམ་བྱུང་སྟོབས་མིག་དང༌། ། བྱམས་པ་སྙིང་རྗེ་དགའ་བ་དང༌། ། བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། ། ཁུག་པའི་གྲངས་སུ་ཤེས་པར་བྱ། ། གྲངས་མེད་པ་ནི་ཐ་མའོ། །

རིགས་དབྱེ།  

རྩིས་གཞུང་ལེའུ་དགུ་མ།

ཧ་ལམ་ཧན་རྒྱལ་རབས་ཤར་མའི་དུས་སུ་བརྩམས་པ་ཞིག་ཡིན་ལ། དེ་ནི་ལེའུ་དགུ་ལ་དབྱེ་བ་སྟེ། ཞིང་ཁ་དང་འབྲུ་རིགས། ཉོ་ཚོང་། མཛོད་ཁང་། སའི་ལྷམ་པ། དཔྱ་ཁྲལ་བཅས་ཉེར་མཁོའི་གནད་དོན་གྱི་རྩི་ཐབས་འདུས་ཤིང་། གྲངས་ཆ་དང་། བསྡུར་ཚད་རྩི་ཐབས། རང་སྒྱུར་འབྱེད་ཐབས། རང་སུམ་སྒྱུར། ཐེངས་གཉིས་མཉམ་བྱ། རྩིས་ཕྲེང་ཐེངས་གཅིག་མཉམ་བྱ་ཚོ་འགྲེལ་ཐབས་སོགས་བཀོལ་སྤྱོད་བྱས་ཡོད་པར་མ་ཟད། ད་དུང་མོ་གྲངས་ཀྱི་དོན་སྤྱི་དང་ཕོ་མོའི་གྲངས་ཀྱི་རྩི་ཐབས་ཀྱང་བཏོན་ཡོད།

རིགས་དབྱེ།  

བོད་ཀྱི་སྐར་རྩིས་རིག་པ།

རང་རེའི་གངས་ཅན་གྱི་ལྗོངས་འདིར་དར་བའི་རྩིས་ཀྱི་རིག་པ་ལ་རྩ་བའི་དབྱེ་བ་གཉིས་ཡོད་དེ། རྒྱ་དཀར་ནག་གི་ཡུལ་ནས་དར་ཡོང་བའི་ཚན་རིག་གི་ཆ་དང་། ཚན་རིག་མ་ཡིན་པའི་ཆ་གཉིས་ཡོད། རྒྱ་གར་ནས་ཡོང་བའི་གནམ་རིག་གི་ཆ་སྐར་རྩིས་སམ་དཀར་རྩིས་སུ་གྲགས་པ་དང་། རྒྱ་ནག་ནས་དར་ཡོང་བའི་གནམ་རིག་གི་ཆ་རྒྱ་རྩིས་སུ་གྲགས་པ་གཉིས་ནི་ཚན་རིག་དང་མཐུན་པའི་ཆ་དང་། ཡང་རྒྱ་གར་ནས་དར་ཡོང་བའི་གཡུལ་རྒྱལ་ལམ་དབྱངས་འཆར་དང་། རྒྱ་ནས་ཡོང་བའི་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་གཉིས་ནི་ཚན་རིག་མ་ཡིན་པའི་ཆ་ཡིན་ལ། འདི་ནི་སྐར་རྩིས་ཀྱི་རིག་པ་འདི་ཡིན་ནོ།།

རིགས་དབྱེ།  

ཆ་ཚུལ།

སྤྱིར་བཏང་དུ། གལ་ཏེAདངBཡིས་ཧྲིལ་ཚུལ་གཉིས་མཚོན་པར་མ་ཟད། Bཁྲོད་དུ་ཡིག་འབྲུ་འདུས་ན། རྩིས་ཕྲེང ​B/Aལ་ཆ་ཚུལ་ཟེར།

རིགས་དབྱེ།  

རྫོགས་ལྡན་གྲངས།

གནའ་བོའི་ཀེ་རི་སེ་རུ་ཆབ་སྲིད་དང་། ཆོས་ལུགས། གྲངས་རིག་གསུམ་གཅིག་གྱུར་གྱི་གསང་བའི་ཚོགས་པ་ཞིག་ཡོད་པ་སྟེ། པའེ་ཏཱ་ཀི་ལ་སིའི( 毕达哥拉斯 )གྲུབ་མཐའ་ཟེར། གྲུབ་མཐའ་འདི་དང་ཟུར་ལྔའི་སྐར་མའི་བར་འབྲེལ་བ་དམ་པོ་ཡོད་པ་སྟེ། ཁོ་ཚོའི་མཚོན་རྟགས་ཀྱང་ཟུར་ལྔའི་སྐར་མ་ཡིན། ཟུར་ལྔའི་སྐར་མ་ནི་ཧ་ཅང་མིག་ལ་མཛེས་པོ་ཞིག་ཡིན་པ་མ་ཟད། དེའི་མཐའ་རེ་རེར་ཡིད་དབང་འཕྲོག་པའི་བསྡུར་ཚད་རང་བཞིན་ཞིག་ཀྱང་ལྡན་ཡོད། མཐའ་རེའི་དུམ་བུ་ཐུང་བ་དང་དུམ་བུ་རིང་བོའི་རིང་ཚད་ཀྱི་བསྡུར་ཚད་ནི་ཏག་ཏག་དུམ་བུ་རིང་བོ་དང་མཐའི་རིང་ཚད་ཡོངས་ཀྱི་བསྡུར་དང་འདྲ་མཚུངས་ཡིན། བསྡུར་གྲངས་ཧ་ལམ0.618ཡིན། རིག་རྩལ་བསྐྱར་དར་གྱི་དུས་སུ་རླབས་ཆེན་གྱི་རི་མོ་བ་དང་། ཚན་རིག་མཁས་པL.ཏ.ཧྲིན་ཆའེ(达芬奇)ཡིས་གྲངས་ཀ་དེར“རྫོགས་ལྡན་གྲངས”ཞེས་བརྗོད་པ་ཡིན།

རིགས་དབྱེ།  

མཛུབ་རྩིས།

མཛུབ་རྩིས་ཞེས་པ་ནི་དགེ་རྒན་ཉིག་ཧུང་ཝེས་གསར་འབྱེད་བྱས་བའི་མགྱོགས་རྩིས་རྒྱག་ཐབས་ཤིག་ཡིན་ལ། དེ་ནི་རྩིས་གཞོང་བཀོལ་སྤྱོད་མི་བྱེད་པར་ཐད་ཀར་རྩིས་རྒྱག་བྱེད་པའི་རྩིས་ཐབས་ཤིག་ཡིན།

རིགས་དབྱེ།  

གྲངས་མདའ།

སྤྱིར་བཏང་དུ། གྲངས་རིག་པའི་ཁྲོད་དུ་མི་རྣམས་ཀྱིས་དཔེ་རིས་འབྲི་ཐབས་སྤྱད་དེ་གྲངས་ཀ“ཐད་མཐོང་ཅན”དུ་བསྒྱུར་བ་རེད། རྒྱུན་པར་དྲང་ཐིག་ཅིག་གི་སྟེང་དུ་ཚེག་གིས་གྲངས་ཀ་མཚོན་པ་དང་། དྲང་ཐིག་དེ་ལ་གྲངས་མདའ(number axis)ཟེར།

རིགས་དབྱེ།  

ལྟོས་མེད་གྲངས་ཐང་།

སྤྱིར་བཏང་དུ། གྲངས་མདའི་སྟེང་དུ་གྲངས་ཀaམཚོན་པའི་ཚེག་དང་མ་ཚེག་གི་བར་ཐག་ལ་གྲངས་ཀaཡི་ལྟོས་མེད་གྲངས་ཐང་ཟེར་ཞིང་། │a│ལྟར་འགོད། ལྟོས་མེད་གྲངས་ཐང་གི་མཚན་ཉིད་ལས་ཤེས་ཐུབ་པ་ནི། ཕོ་གྲངས་ཤིག་གི་ལྟོས་མེད་གྲངས་ཐང་ནི་དེ་རང་ཉིད་དང་། མོ་གྲངས་ཤིག་གི་ལྟོས་མེད་གྲངས་ཐང་ནི་དེའི་ལྡོག་པའི་གྲངས་ཡིན། 0ཡི་ལྟོས་མེད་གྲངས་ཐང་ནི0 ཡིན།

རིགས་དབྱེ།  

ལུགས་ལྡན་གྲངས་ཀྱི་སྣོན་རྩིས།

ལུགས་ལྡན་གྲངས་ཀྱི་སྣོན་རྩིས་ངེས་ལུགས། 1.རྟགས་མཐུན་པའི་གྲངས་ཀ་གཉིས་སྣོན་ཚེ། རྟགས་མཐུན་པ་བླངས་ནས། ལྟོས་མེད་གྲངས་ཐང་ཕན་ཚུན་སྣོན་དགོས། 2.ལྟོས་མེད་གྲངས་ཐང་མི་མཚུངས་པའི་རྟགས་ཐ་དད་པའི་གྲངས་ཀ་གཉིས་སྣོན་ཚེ། ལྟོས་མེད་གྲངས་ཐང་ཅུང་ཆེ་བའི་སྣོན་གྲངས་ཀྱི་མཚོན་རྟགས་ལེན་དགོས་པ་མ་ཟད། ཅུང་ཆེ་བའི་ལྟོས་མེད་གྲངས་ཐང་ལས་ཅུང་ཆུང་བའི་ལྟོས་མེད་གྲངས་ཐང་དབྲི་དགོས། ཕན་ཚུན་ལྡོག་པའི་གྲངས་གཉིས་བསྣན་ན0 ཐོབ། 3.གྲངས་ཀ་ཞིག་ལ0 བསྣན་ན། སྔར་བཞིན་གྲངས་ཀ་དེ་ཉིད་ཐོབ།

རིགས་དབྱེ།  

སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག

སྙོམས་ངོས་ནང་དུ་ཕན་ཚུན་དྲང་འཕྱང་ཡིན་ལ་མ་ཚེག་སྡེབ་འདྲེས་བྱས་པའི་གྲངས་མདའ་གཉིས་བྲིས་ཏེ། སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་བཟོས་ཆོག ཆུ་སྙོམས་ཀྱི་གྲངས་མདརxམདའ་འམ་འཕྲེད་མདའ་ཟེར་ཞིང་། གཡས་ཕྱོགས་ཕོའི་ཁ་ཕྱོགས་བྱེད། གྱེན་གཞུང་གི་གྲངས་མདརyམདའ་འམ་གཞུང་མདའ་ཟེར་ཞིང་སྟེང་ཕྱོགས་ཕོའི་ཁ་ཕྱོགས་བྱེད། གནས་ཚད་མདའ་གཉིས་ཀྱི་སྣོལ་ཚེག་ལ་སྙོམས་ངོས་གནས་ཚད་མ་ལག་གི་མ་ཚེག་ཟེར།

རིགས་དབྱེ།  

ཟུར་གསུམ་དབྱིབས་ཀྱི་འབྲེལ་ཡོད་ཐིག་དུམ།

དྲང་ཐིག་གཅིག་གི་སྟེང་དུ་མེད་པའི་ཐིག་དུམ་གསུམ་གྱི་མགོ་མཇུག་རིམ་པ་ལྟར་མཐུད་ནས་གྲུབ་པའི་རིས་དབྱིབས་ལ་ཟུར་གསུམ་དབྱིབས་ཟེར།

རིགས་དབྱེ།  

དངོས་ཡོད་གྲངས།

ལུགས་མེད་གྲངས་དང་ལུགས་ལྡན་གྲངས་ཀྱི་སྤྱི་མིང་ལ་དངོས་ཡོད་གྲངས་ཟེར།

རིགས་དབྱེ།  

ཆ་ཚུལ།

སྤྱིར་བཏང་དུ། གལ་ཏེAདངBཡིས་ཧྲིལ་ཚུལ་གཉིས་མཚོན་པར་མ་ཟད། Bཁྲོད་དུ་ཡིག་འབྲུ་འདུས་ན། རྩིས་ཕྲེང ​B/Aལ་ཆ་ཚུལ་ཟེར།

རིགས་དབྱེ།  

གྲངས་རིག་དཔེ་འཛུགས།

གྲངས་རིག་དཔེ་འཛུགས་ནི་གྲངས་རིག་གི་བསམ་བློ་དང་ཐབས་ཤེས། ཤེས་བྱར་བསྟེན་ནས་གྲངས་རིག་གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཞིག་ཡིན།

རིགས་དབྱེ།  

སྲིད་ཕྱོད་རྣམ་བཤད།

སྐབས་བསྟུན་སྣང་ཚུལ་གྱི་གྲངས་ཚད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་སྲིད་ཕྱོད་རྣམ་བཤད་ཟེར། ངེས་པར་དུ་འབྱུང་ཐུབ་པའི་བྱ་དངོས་ལ་འབྱུང་ངེས་དོན་རྐྱེན་ཟེར་པ་དང་། དེས་སྲིད་ཕྱོད1གཏན་ཁེལ་བྱས་པ་ཡིན། ནམ་ཡང་འབྱུང་མི་སྲིད་པའི་བྱ་དངོས་ལ་འབྱུང་མི་སྲིད་པའི་དོན་རྐྱེན་ཟེར་པ་དང་། དེའི་སྲིད་དཔྱོད0ཡིན་པར་གཏན་ཁེལ་བྱས་པ་ཡིན། སྤྱིར་བཏང་དུ་བྱ་དངོས་ཀྱི་སྲིད་ཕྱོད་ནི0དང1གཉིས་བར་གྱི་གྲངས་ཤིག་ཡིན། རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཆ་རྐྱེན་མཐུན་པའི་གནས་ཚུལ་འོག་བྱ་དངོས་འབྱུང་སྲིད་པའམ་ཡང་ན་འབྱུང་མི་སྲིད་པའི་བྱ་དངོས་རིགས་ལ་སྐབས་བསྟུན་དོན་རྐྱེན་ཟེར།

རིགས་དབྱེ།  

ཇུས་འདིང་རིག་པ།

ཇུས་འདིང་རིག་པ་ནི་ལག་ལེན་དངོས་ཀྱི་ཐོན་སྐྱེད་དང་། འཚོ་བ་དངོས་ལ་འབྲེལ་བ་དམ་པོ་ཡོད་པ་བཅས་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དེའི་ཆེས་ཐོག་མའི་ཞིབ་འཇུག་ནི་ཐེངས་གཉིས་པའི་འཛམ་གླིང་འཁྲུག་ཆེན་སྐབས་སུ་འགོ་བརྩམས་པ་ཡིན།

རིགས་དབྱེ།  

རྩིས་གཞུང་ལེའུ་དགུ་མ།

རྩིས་གཞུང་ལེའུ་དགུ་མ་ནི་ཀྲུང་གོའི་གནའ་རབས་ཀྱི་གྲངས་རིག་ཆེད་རྩོམ་ཞིག་ཡིན་ཞིང་། འདི་བྱུང་བ་ཡིས་ཀྲུང་གོའི་གནའ་རབས་གྲངས་རིག་བྱུང་བའང་མཚོན་ཡོད། བརྩམས་ཆོས་འདི་བྱུང་དུས་ནི་ཕལ་ཆེར་དུས་རབས་དང་པོའི་དུས་མཇུག་ཙམ་ཡིན་པར་འདོད།

རིགས་དབྱེ།  

ཉེ་འདྲེས་གྲངས།

ཉེ་འདྲེས་གྲངས་ནི་གནའ་བོའི་ཀེ་རི་སིའི་གྲངས་རིག་མཁས་པ་པི་ཏ་ཀི་ལ་སི་ཡིས་རང་བྱུང་གྲངས་ཀྱི་ཞིབ་འཇུག་ཁྲོད་གསར་རྙེས་བྱུང་བ་ཞིག་ཡིན་ལ། ཕན་ཚུན་མི་མཚུང་པའི་ཕོའི་ཧྲིལ་གྲངས་ལས་གང་རུང་གི་གྲངས་ཚང་མ་ནི་གྲངས་ཀ་གཞན་ཕོ་དེའི་བགོ་གྲངས་དངོས་ཀྱི་སྡོམ་ཡིན་ན། གྲངས་ཀ་དེ་གཉིས་ནི་ཉེ་འདྲེས་གྲངས་ཡིན།

རིགས་དབྱེ།  

རྫོགས་ལྡན་གྲངས།

གནའ་བོའི་ཀེ་རི་སེ་རུ་ཆབ་སྲིད་དང་། ཆོས་ལུགས། གྲངས་རིག་གསུམ་གཅིག་གྱུར་གྱི་གསང་བའི་ཚོགས་པ་ཞིག་ཡོད་པ་སྟེ། པའེ་ཏཱ་ཀི་ལ་སིའི( 毕达哥拉斯 )གྲུབ་མཐའ་ཟེར། གྲུབ་མཐའ་འདི་དང་ཟུར་ལྔའི་སྐར་མའི་བར་འབྲེལ་བ་དམ་པོ་ཡོད་པ་སྟེ། ཁོ་ཚོའི་མཚོན་རྟགས་ཀྱང་ཟུར་ལྔའི་སྐར་མ་ཡིན། ཟུར་ལྔའི་སྐར་མ་ནི་ཧ་ཅང་མིག་ལ་མཛེས་པོ་ཞིག་ཡིན་པ་མ་ཟད། དེའི་མཐའ་རེ་རེར་ཡིད་དབང་འཕྲོག་པའི་བསྡུར་ཚད་རང་བཞིན་ཞིག་ཀྱང་ལྡན་ཡོད། མཐའ་རེའི་དུམ་བུ་ཐུང་བ་དང་དུམ་བུ་རིང་བོའི་རིང་ཚད་ཀྱི་བསྡུར་ཚད་ནི་ཏག་ཏག་དུམ་བུ་རིང་བོ་དང་མཐའི་རིང་ཚད་ཡོངས་ཀྱི་བསྡུར་དང་འདྲ་མཚུངས་ཡིན། བསྡུར་གྲངས་ཧ་ལམ0.618ཡིན། རིག་རྩལ་བསྐྱར་དར་གྱི་དུས་སུ་རླབས་ཆེན་གྱི་རི་མོ་བ་དང་། ཚན་རིག་མཁས་པL.ཏ.ཧྲིན་ཆའེ(达芬奇)ཡིས་གྲངས་ཀ་དེར“རྫོགས་ལྡན་གྲངས”ཞེས་བརྗོད་པ་ཡིན།

རིགས་དབྱེ།  

0དང1

འཇར་མན་གྱི་གྲངས་རིག་མཁས་པG·ལེ་པའོ་ཉི་ཚའེ་ཡིས“1དང0ནི་གྲངས་ཀ་ཡོངས་ཀྱི་ངོ་མཚར་བའི་གཞིའི་འབྱུང་ཁུངས་ཡིན”ཞེས་བཤད་ཡོད། གྲངས་རིག་ཁྲོད་རྣམ་པ་སྣ་ཚོགས་པའི་གྲངས་ཕན་ཚུན་བར་གྱི་འགྱུར་བརྗེ་མང་ཆེ་བ་ནི0དང་ཡང་ན1གི་འགྱུར་བ་ཡིན་པར་འདོད་དོ༎

རིགས་དབྱེ།  

ཚོགས་སྤྱི།

ཚོགས་སྤྱི་ནི་གྲངས་རིག་ཁྲོད་ཆེས་གལ་ཆེ་བ་དང་། ཆེས་རྩ་ཆེ་བའི་དོན་སྤྱི་ཞིག་ཡིན་ལ། དེ་ནི་དེང་རབས་ཀྱི་གྲངས་རིག་རིག་ཚན་སོ་སོའི་རྨང་གཞིའང་ཡིན། ཚབ་རྩིས་ནང་རྒྱུན་དུ་རང་བྱུང་གྲངས་ཀྱི་ཚོགས་སྤྱི་ནི་རྟགསNགིས་མཚོན་པ་དང་།ལུག་སལྡན་གྲངས་ཀྱི་ཚོགས་སྤྱི་ནི་རྟགསQཡིས་མཚོན། དངོས་ཡོད་གྲངས་ཀྱི་ཚོགས་སྤྱི་ནི་རྟགསRཡིས་མཚོན་པ་སོགས་ཀྱི་ཚོགས་སྤྱི་བཀོལ་བཞིན་ཡོད།

རིགས་དབྱེ།  

ཐུའོ་ཕུའུ་རིག་པ།

ཐུའོ་ཕུའུ་རིག་པ་ནི་གྲངས་རིག་གི་ཆེས་རྩ་བའི་ཡན་ལག་ཅིག་ཡིན། དེ་ནི་ཐོག་མར་དབྱིབས་རྩིས་རིག་པའི་ཡན་ལག་ཅིག་ཡིན་པ་དང་། རིས་དབྱིབས་མུ་འབྲེལ་དབྱིབས་འགྱུར་གྱི་ཆ་རྐྱེན་འོག་འགྱུར་མེད་རང་བཞིན་རྒྱུན་འཁྱོངས་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཀྱང་ཡིན། ད་ལྟ་མུ་འབྲེལ་རང་བཞིན་གྱི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་གྲངས་རིག་གི་ཡན་ལག་ཅིག་ཏུ་གྱུར་ཡོད།

རིགས་དབྱེ།  

འཕྲོ་གྲིབ།

འོད་ཐིག་ཁག་ཅིག་གིས་དངོས་པོའི་གཟུགས་སྙོམས་ངོས་ཐོག་ཏུ་འཕྲོས་ཏེ་གྲུབ་པའི་རིས་དབྱིབས་ལ་འཕྲོ་གྲིབ་ཟེར། ངོས་དེ་ལ་འཕྲོ་གྲིབ་ཕོག་ངོས་ཟེར་པ་དང་། འོད་ཐིག་དེར་འཕྲོ་གྲིབ་ཐིག་ཟེར།

རིགས་དབྱེ།  

རྨང་གཞིའི་གྲངས་རིག

རྨང་གཞིའི་གྲངས་རིག་ལ་ཡང་གྲངས་རིག་འཁྲུལ་མེད་ཡང་ཟེར་ཞིང་། གྲངས་རིག་རང་སྟེང་གི་ནང་ཁུལ་ཆོས་ཉིད་ལ་ཞིབ་འཇུག་བྱེད་ཀྱི་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་ནང་ངོ་སྤྲོད་བྱས་པའི་ཚབ་རྩིས་དང་དབྱིབས་རྩིས། ཆ་ཕྲན་ཆ་བསགས་དང་སྲིད་ཕྱོད་སྨྲ་བའི་ཤེས་བྱ་ཚང་མ་གྲངས་རིག་འཁྲུལ་མེད་ཀྱི་ཁོངས་སུ་གཏོགས། རྨང་གཞིའི་གྲངས་རིག་ཁོ་ནར་ཡོད་པའི་མངོན་གསལ་དོད་པོའི་ཁྱད་ཆོས་ཞིག་ནི་གནས་སྐབས་ནང་དོན་དངོས་དོར་ནས་རྣམ་པ་ཁོ་ནའི་ཐོག་ནས་བྱ་དངོས་ཀྱི་གྲངས་འབོར་འབྲེལ་བ་དང་བར་སྟོང་གི་རྣམ་པ་ཞིབ་འཇུག་བྱ་རྒྱུ་དེ་རེད།

རིགས་དབྱེ།  

སྒུལ་ཤུགས་འཕྲུལ་ཆས་དང་བཟོ་སྐྲུན་རིག་པའི་རིག་ཚན།

སྒུལ་ཤུགས་འཕྲུལ་ཆས་དང་བཟོ་སྐྲུན་རིག་ཚན་ནི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་དང་། རླངས་སྒུལ་འཕྲུལ་འཁོར། ནང་འབར་འཕྲུལ་འཁོར། འཕེལ་རྒྱས་འགྲོ་བཞིན་པའི་སྒུལ་ཤུགས་འཕྲུལ་ཆས་གསར་པ་གཞན་དག་དང་དེའི་མ་ལག་ལ་ཁ་གཏད་བྱས་ཏེ། འབར་རྫས་ཀྱི་རྫས་འགྱུར་ནུས་པ་དང་རྒྱུག་གཟུགས་ཀྱི་འགུལ་ནུས་བདེ་འཇགས་དང་། ནུས་ཆེ། སྦགས་བཙོག་དམའ་བ་བཅས་ཀྱི་སྒོ་ནས་སྒུལ་ཤུགས་སུ་བསྒྱུར་བའི་གཞི་རྩའི་ཆོས་ཉིད་དང་བརྒྱུད་རིམ་ལ་ཞིབ་འཇུག་དང་། ནུས་ཁུངས་དང་འགྲིམ་འགྲུལ། གློག་ཤུགས། མཁའ་འགྲུལ། ཞིང་ལས། ཁོར་ཡུག་སོགས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་བཟོ་ལས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་དང་འབྲེལ་བ་ཡོད།

རིགས་དབྱེ།  

བསྡོམས་རྩིས་བརྟག་དཔྱད་དང་གྲངས་གཞི་དབྱེ་ཞིབ།

《བསྡོམས་རྩིས་བརྟག་དཔྱད་དང་གྲངས་གཞི་དབྱེ་ཞིབ》ཅེས་པ་ནི་བསྡོམས་རྩིས་བརྟག་དཔྱད་དང་དེའི་གྲངས་གཞི་དབྱེ་ཞིབ་ནི་ཆ་འཕྲིན་སྤྱི་ཚོགས་ཀྱི་དཔལ་འབྱོར་ཞིབ་འཇུག་དང་དོ་དམ་ལས་དོན་པར་དགོས་ངེས་ཀྱི་ཤེས་བྱ་དང་རྩལ་ནུས་ཤིག་རེད། 《བསྡོམས་རྩིས་བརྟག་དཔྱད་དང་གྲངས་གཞི་དབྱེ་ཞིབ》ནང་དེང་རབས་བསྡོམས་རྩིས་བརྟག་དཔྱད་ཀྱི་གཞི་རྩའི་ཐ་སྙད་དང་།རྩ་བའི་རིགས་པ།བྱེད་ཐབས་བཅས་ཁ་གསལ་ངང་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།