ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། >མཚན་ཉིད།

བྱ་ཡུལ།

ཚོར་ཤེས་ཐུབ་པའམ་ཡང་ན་བསམ་པའི་འཆར་ཡན་དུ་ཤར་བའི་བྱ་དངོས་གང་རུང་ཞིག་ལ་གོ། །

རིགས་དབྱེ།  

ནམ་ཟླའི་དུས་ཚོད།

གངས་ཅན་བསིལ་མོའི་ལྗོངས་ཀྱི་ཆེས་གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ་དང་། སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་ཀླུ་འབུམ་དཀར་པོའི་ལེའུ་གསུམ་པ་ལས་ནམ་ཟླ་དུས་ཚོད་བཟུང་བའི་སྐོར་ཡིན།

རིགས་དབྱེ།  

སྤྱི་སྲོལ་དང་སྤྱི་སྲོལ་ཐབས།

སྤྱི་སྲོལ་ནི་སྙོམས་ངོས་དབྱིབས་རྩིས་ཁྲོད་ཚང་མར་ཆ་རྒྱུས་ཡོད་པའི་མཚན་ཉིད་ཅིག་ཡིན། སྤྱི་སྲོལ་ཐབས་ནི་གདོད་མའི་མཚན་ཉིད་མེད་པའི་སྤྱི་སྲོལ་ནས་འགོ་བརྩམས་ཏེ། གཏན་ཚིགས་རིགས་འདེད་སྒོས་རྒྱ་ཆེར་ཞིབ་འཇུག་བྱེད་པའི་ཐབས་ལམ་ཞིག་ཡིན།

རིགས་དབྱེ།  

གྲངས་རིག་གནད་དོན་ཐག་གཅོད་ཐབས།

གནད་དོན་ཐག་གཅོད་བྱེད་པ་ནི་གྲངས་རིག་ཐག་གཅོད་བྱེད་ཐབས་ཤིག་ཡིན་ཏེ། སྤྱིར་བཏང་དུ་གནད་དོན་ཐག་གཅོད་བྱེད་ཐབས་ལ་སྟབས་བདེར་གཏོང་བ་དང་། བྱང་ཆ་ལྡན་པ། བྱེ་བྲག་ཏུ་དབྱེ་བ་བཅས་གསུམ་ཡོད།

རིགས་དབྱེ།  

གྲངས་རིག་སྒོ་འབྱེད་རྩིས་གཞི།

དུས་རབས20བའི་ལོ་རབས70ཡི་ནང་དུ། དཔྱོད་སྟངས་བསྐྱེད་བསྲིངས་དང་། འདུ་ཤེས་གསར་འབྱེད་ཡོང་བའི་ཕྱིར་དུ་ཆ་རྐྱེན་མི་འདང་བ་དང་། མཇུག་འབྲས་ངེས་གཏན་མིན་པའམ་ཡང་ན་ཆ་རྐྱེན་དང་མཇུག་འབྲས་གཉིས་ཆར་ངེས་གཏན་མིན་པའི་རྩིས་གཞི་མང་པོ་ཞིག་བྱུང་བ་ལ་གྲངས་རིག་སྒོ་འབྱེད་རྩིས་གཞི་ཞེས་བརྗོད།

རིགས་དབྱེ།  

གྲངས་རིག་གདམས་གསེས་རྩིས་གཞི།

ཉེ་རབས་སུ་བྱུང་བའི་སྒྲིག་གཞིའི་རྣམ་པ་གསར་བའི་རྩིས་གཞི་འདོན་ཐབས་ཤིག་ཡིན།

རིགས་དབྱེ།  

གྲངས་རིག་ཚོད་དཔག

གནད་དོན་གྱི་མཇུག་འབྲས་ལ་ཚོད་དཔག་བྱེད་པར་ཐབས་ལམ་གསར་གཏོད་བྱས་པར་གོ།

རིགས་དབྱེ།  

སྣོན་རྩིས་ཀྱི་རྩ་བའི་རིགས་པ་དང་སྒྱུར་རྩིས་ཀྱི་རྩ་བའི་རིགས་པ།

སྒྲུབ་ཐབས་མི་འདྲ་བ་ལ་བརྟེན་ནས་བསྡོམས་ཐབས་མི་འདྲ་བ་དང་། ཐབས་ལམ་མི་འདྲ་བ་མང་པོ་ཡོད་པ་དེ་ལ་བྱ།

རིགས་དབྱེ།  

རིམ་བཞིན་གཏུག་བཅར་ཐབས།

རིམ་བཞིན་གཏུག་བཅར་ཐབས་ནི་དངོས་པོ་སོགས་ཀྱི་ལྗིད་ཚད་འཇལ་སྐབས་ཐུར་སྲང་བཀོལ་ནས་སྡེར་མའི་ནང་གི་དངོས་པོ་དོ་མཉམ་ཡོང་བར་བྱས་རྗེས་དངོས་པོའི་ལྗིད་ཚད་འཇལ་ཐབས་ཤིག་ཡིན།

རིགས་དབྱེ།  

རྒྱུ་ཆ་རིག་པ།

རྒྱུ་ཆ་རིག་པ་ཞེས་པ་ནི་རྒྱུ་ཆའི་གྲུབ་ཚུལ་དང་སྒྲིག་གཞི། བཟོ་རྩལ། ངོ་བོ་དང་བེད་སྤྱོད་བྱེད་ནུས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་རིག་ཚན་ལ་ཟེར་ཞིང་། དེས་རྒྱུ་ཆ་ཇུས་འགོད་དང་བཟོ་སྐྲུན། བཟོ་རྩལ་ལེགས་སྒྱུར། ལུགས་མཐུན་གྱིས་བེད་སྤྱོད་བཅས་བྱེད་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་བཞིན་ཡོད། དེང་རབས་རྒྱུ་ཆའི་རིག་ཚན་གྱིས་རྒྱུ་ཆ་སྣ་ཚོགས་དང་དེ་དག་བར་ཕན་ཚུན་བར་གྱི་སིམ་པའི་སྣོལ་འདྲེས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལ་ཞིབ་འཇུག་བྱེད་པར་དེ་བས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

རིགས་དབྱེ།  

བཟོ་སྐྲུན་དཔལ་འབྱོར་རིག་པ།

བཟོ་སྐྲུན་དཔལ་འབྱོར་རིག་པར་ནི་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་བྱུང་བའི་རིག་ཚན་གསར་པ་ཞིག་ཡིན་ལ། ཇི་ལྟར་བཟོ་སྐྲུན་ལག་རྩལ་གྱི་ཇུས་གཞི(ཡང་ན་མ་དངུལ་འཇོག་པའི་རྣམ་གྲངས)བེད་སྤྱད་ནས་དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་ཐོབ་པར་ཞིབ་འཇུག་བྱེད་པའི་ཚན་རིག་གི་དཔྱད་འཇོག་མ་ལག་ཅིག་ཡིན་ཞིང་། བཟོ་སྐྲུན་དཔལ་འབྱོར་རིག་པས་རྒྱུན་དུ་བཟོ་སྐྲུན་རྣམ་གྲངས་ཞིབ་འཇུག་བྱ་ཡུལ་དུ་བྱེད་པ་དང་། འཛུགས་སྐྲུན་སྙན་སེང་ཞུས་ཟིན་པའི་ཁེ་ལས་ནི་བཟོ་སྐྲུན་རྣམ་གྲངས་ཤིག་ཡིན་ཆོག་མོད། འོན་ཀྱང་ཁེ་ལས་ཀྱི་ཁོངས་གཏོགས་སུ་རྒྱུན་པར་བཟོ་སྐྲུན་རྣམ་གྲངས་ཕུད་པའི་དཔལ་འབྱོར་བྱེད་སྒོ་ཚུད་ཡོད་ལ། ཕྱོགས་ཡོངས་ནས་ཁེ་ལས་ཀྱི་དཔལ་འབྱོར་བྱེད་སྒོར་ཞིབ་འཇུག་བྱེད་རྒྱུ་ནི་ཁེ་ལས་དཔལ་འབྱོར་རིག་པའི་ལས་འགན་ཡིན།

རིགས་དབྱེ།  

དོ་དམ་དཔལ་འབྱོར་རིག་པ།

དོ་དམ་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན་ཞིང་། ཕྲ་མཐོང་དཔལ་འབྱོར་རིག་པའི་དོ་དམ་ལག་ལེན་ཁྲོད་ཀྱི་ཉེར་སྤྱོད་ཡིན་ལ། དོ་དམ་དཔལ་འབྱོར་རིག་པས་གཉེར་སྐྱོང་ཐབས་ཇུས་ལ་མ་ལག་ལྡན་ཞིང་གཏན་ཚིགས་ཀྱང་ངེས་ཅན་ལྡན་པའི་དབྱེ་ཞིབ་བྱེད་ཐབས་ཤིག་མཁོ་འདོན་བྱས་ཡོད་ལ། གཉེར་སྐྱོང་ཐབས་ཇུས་དེ་དག་གིས་རྒྱུན་གཏན་གྱི་ཐབས་ཇུས་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། ཡུན་རིང་འཆར་གཞིའི་ཇུས་ཐག་གཅོད་པའི་དཔལ་འབྱོར་ནུས་པར་ཡང་ཤུགས་རྐྱེན་ཐེབས་ཡོད།

རིགས་དབྱེ།  

དཔལ་འབྱོར་ཚད་འཇལ་རིག་པ།

དཔལ་འབྱོར་ཚད་འཇལ་རིག་པ་ནི་ནུབ་ཕྱོགས་དཔལ་འབྱོར་རིག་པའི་ཁྲོད་ཀྱི་དཔལ་འབྱོར་འབྲེལ་བའི་དངོས་ཡོད་གྲངས་ཐང་ཇི་ལྟར་ཚད་འཇལ་བྱེད་པའི་སྐོར་གྱི་ཡན་ལག་རིག་ཚན་ཞིག་ཡིན་ལ། རྒྱུན་དུ་ཚད་འཇལ་དཔལ་འབྱོར་རིག་པ་ཞེས་སུ་བསྒྱུར་ཡོད།

རིགས་དབྱེ།  

ཚོང་ལས་རྩིས་གཉེར་རིག་པ།

ཚོང་ལས་རྩིས་གཉེར་རིག་པ་ནི་ཚོང་ལས་རྩིས་གཉེར་བྱ་བའི་ཆོས་ཉིད་རང་བཞིན་ལ་ཞིབ་འཇུག་བྱེད་པའི་ཚོང་ལས་དཔལ་འབྱོར་དོ་དམ་གྱི་ཚན་རིག་ཞིག་ཡིན། དེས་རིགས་པའི་གཞུང་ལུགས་ཀྱི་སྟེང་ནས་ཚོང་ལས་རྩིས་གཉེར་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་ཚོང་ལས་རྩིས་གཉེར་བྱ་བའི་གཞུང་ལུགས་དང་བྱེད་ཐབས་གསལ་བཤད། ཚོང་ལས་རྩིས་གཉེར་བསྒྱུར་བཅོས་ཀྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ། བདག་གཉེར་དོ་དམ་ལེགས་བཅོས་དང་དཔལ་འབྱོར་གྱི་ཕན་ནུས་མཐོར་འདེགས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྲུང་སྐྱོབ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱུ་ནོར་སྲུང་སྐྱོབ་སོགས་ཀྱི་ཐད་ཚོང་ལས་རྩིས་གཉེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད།

རིགས་དབྱེ།  

ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ།

ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ་ནི་ཞིང་ལས་ལག་རྩལ་ཐབས་ལམ་གྱི་དཔལ་འབྱོར་ཕན་འབྲས་ལ་ཞིབ་འཇུག་དང་། ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་དང་དཔལ་འབྱོར་འབྲེལ་བ་འཚོལ་ཞིབ་བྱེད་པའི་གསར་དར་མཐའ་མཚམས་རིག་ཚན་ཞིག་ཡིན་ལ། ཞིང་ལས་དཔལ་འབྱོར་རིག་པའི་ཡན་ལག་གལ་ཆེན་ཞིག་ཀྱང་ཡིན་པ་མ་ཟད། ཐོན་སྐྱེད་ནུས་ཤུགས་དཔལ་འབྱོར་རིག་པའི་ཁྱབ་ཁོངས་སུ་གཏོགས།

རིགས་དབྱེ།  

གཞུང་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ།

གཞུང་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ་ནི་སྤྱི་ཚོགས་བྱེད་སྒོའི་ཁྲོད་གཞུང་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་འབྲེལ་བ་དང་དཔལ་འབྱོར་བྱེད་སྒོའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ཞིང་། སྐྱེལ་འདྲེན་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན།

རིགས་དབྱེ།  

ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ།

ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ལག་རྩལ་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན་པ་དང་། ཟོག་སྐྱེལ་ཁྲོད་ཀྱི་ལག་རྩལ་དཔལ་འབྱོར་གྱི་གནད་དོན་དང་ངོ་བོ་ནི་དཔལ་འབྱོར་གྲོན་ཆུང་གི་འགལ་ཟླའི་འབྲེལ་བར་ཞིབ་འཇུག་བྱེད་པ་སོགས་ཡིན།

རིགས་དབྱེ།  

ས་ཆུ་སྲུང་འཛིན་དང་ཐང་རྒོད་ཅན་འགོག་བཅོས།

ས་ཆུ་སྲུང་འཛིན་དང་ཐང་རྒོད་ཅན་འགོག་བཅོས་ཀྱི་ཆེད་ལས་ནི་ཁོར་ཡུག་སྐྱེ་ཁམས་རིགས་ཀྱི་རིག་ཚན་ཞིག་ཡིན་པ་དང་། རང་བྱུང་ཚན་རིག་དང་བཟོ་ལས། ཞིང་ལས། ཆུ་བེད། ནགས་ལས་སོགས་ཆེད་ལས་ཀྱི་སྣོལ་འདྲེས་རང་བཞིན་གྱི་རིག་ཚན་གྱི་ཁོངས་སུ་གཏོགས་པ་དང་། གཙོ་གནད་རིག་ཚན་ནི་ས་ཆུ་སྲུང་འཛིན་བཟོ་སྐྲུན་རིག་པ་དང་ས་རྒྱུའི་བསླད་སྐྱོན་གྱི་རྩ་བའི་རིགས་པའི་རིག་པ། ནགས་ལས་སྐྱེ་ཁམས་བཟོ་སྐྲུན་རིག་པ། ཐང་རྒོད་ཅན་འགོག་བཅོས་ཀྱི་བཟོ་སྐྲུན་རིག་པ་བཅས་ཡིན་པ་དང་རྒྱལ་ཁབ་ཀྱི་ཞིང་ལས་དང་ཁོར་ཡུག་རིགས་ཀྱི་གཙོ་གནད་རིག་ཚན་ཞིག་རེད།

རིགས་དབྱེ།  

འགུལ་སྐྱོད་གསོ་རིག

འགུལ་སྐྱོད་གསོ་རིག་ནི་གསོ་རིག་དང་ལུས་རྩལ་འགུལ་སྐྱོད་ཟུང་འབྲེལ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉེར་སྤྱོད་ཚན་རིག་ཅིག་ཡིན།

རིགས་དབྱེ།  

རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་རིག་ཚན་ལྔའི་འགྲན་བསྡུར།

རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་རིག་ཚན་ལྔའི་འགྲན་བསྡུར་ནི་རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མར་ཁ་ཕྱོགས་པའི་སློབ་གསེང་ཚན་རིག་འགྲན་བསྡུར་བྱེད་སྒོ་ཞིག་ཡིན

རིགས་དབྱེ།  

ལྡོག་པའི་གྲངས།

2དང-2། 5དང-5ལྟ་བུའི་མཚོན་རྟགས་ཁོ་ན་མི་འདྲ་བའི་གྲངས་ཀ་གཉིས་ལ་ལྡོག་པའི་གྲངས་ཟེར། འདིའི་དོན་ནི2ཀྱི་ལྡོག་པའི་གྲངས་ནི-2དང་། -2ཀྱི་ལྡོག་པའི་གྲངས་ནི2ཡིན་ལ། 5ཡི་ལྡོག་པའི་གྲངས་ནི-5དང་། -5ཡི་ལྡོག་པའི་གྲངས་ནི5ཡིན་པ་དེ་ཡིན།

རིགས་དབྱེ།  

གྲངས་རིག་པ།

གྲངས་རིག་པ་ནི་གནའ་བོའི་ཀེ་རི་སེའི་སྐད་ནས་བྱུང་བ་དང་དེ་ནི་གྲངས་ཀ་དང་། གྲུབ་ཚུལ། འགྱུར་ལྡོག བར་སྟོང་དང་ཆ་འཕྲིན་སོགས་ཀྱི་ཐ་སྙད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། གྲངས་རིག་ནི་མིའི་རིགས་ཀྱིས་བྱ་དངོས་ཀྱི་སྤྱི་མཚན་གྱི་གྲུབ་ཚུལ་དང་མ་དཔེ་ལ་གསལ་བཤད་ནན་མོ་བྱེད་པའི་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན་པ་དང་། དོན་དངོས་ཀྱི་འཇིག་རྟེན་དུ་བཀོལ་ཆོག་པའི་གནད་དོན་གང་རུང་ཞིག གྲངས་རིག་གི་ཡུལ་ཡོད་ཚད་ནི་ངོ་བོའི་སྟེང་ནས་བཤད་ན་མིས་མཚན་ཉིད་བཞག་པ་ཞིག་ཡིན་ལ། དོན་སྙིང་འདིའི་ཐོག་ནས་བཤད་ན་གྲངས་རིག་ནི་རྣམ་པའི་ཚན་རིག་ཡིན་པ་ལས་རང་བྱུང་ཚན་རིག་མིན།

རིགས་དབྱེ།  

རྩིས་རྒྱག་གྲངས་རིག

རྩིས་རྒྱག་གྲངས་རིག་ནི་རྩིས་རིག་དང་དངོས་ལུགས་རིག་པ། རྩིས་འཁོར་ཚན་རིག འཁོར་སྐྱོད་རིག་པ་དང་ཚོད་འཛིན་ཚན་རིག་སོགས་རིག་ཚན་སྣོལ་འདྲེས་བྱས་ནས་གྲུབ་པའི་རྩིས་ཚན་གྱི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

རྩིས་བཤེར་རིག་པ།

རྩིས་བཤེར་རིག་པ་ནི་ཆེད་དུ་རྩིས་བཤེར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ལ་ཞིབ་འཇུག་དང་། རྩིས་བཤེར་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ། དཔལ་འབྱོར་བྱེད་སྒོར་ལྟ་སྐུལ་ནུས་ལྡན་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རིག་ཚན་ཞིག་ཡིན་ལ། རྩིས་བཤེར་རིག་པ་ནི་རྩིས་བཤེར་ལག་ལེན་གྱི་རྨང་གཞིའི་ཐོག་ཐོན་པ་ཞིག་ཡིན་ཞིང་། ལག་ལེན་གྱི་ཞིབ་བཤེར་དང་ར་སྤྲོད་བྱས་པ་མ་ཟད། ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་ཀྱི་ཡང་དག་པའི་མཚོན་ཚུལ་ཞིག་རེད། རྩིས་བཤེར་གྱི་རིགས་པའི་གཞུང་ལུགས་ཀྱིས་ངེས་པར་དུ་རྩིས་བཤེར་ལག་ལེན་ལ་མཛུབ་སྟོན་བྱེད་དགོས་ཤིང་། དེ་ལྟར་མ་བྱས་ན་དེ་ཉིད་དོན་དངོས་དང་ཁ་བྲལ་བའི་རིགས་པའི་གཞུང་ལུགས་སུ་འགྱུར་ངེས་རེད།

རིགས་དབྱེ།  

གྲངས་རིག་དཔལ་འབྱོར་རིག་པ།

གྲངས་རིག་དཔལ་འབྱོར་རིག་པ་ནི་དུས་རབས20པའི་དུས་འགོར་གྲུབ་པའི་མ་ལག་ལྡན་པའི་སྒོ་ནས་མཐོ་རིམ་གྲངས་རིག་གི་ཐབས་ཤེས་སྤྱད་དེ་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་གསལ་བཤད་དང་ཞིབ་འཇུག རིགས་པས་ཁུངས་སྐྱེལ་བཅས་བྱེད་པའི་ནུབ་ཕྱོགས་དཔལ་འབྱོར་རིག་པའི་རང་ཚུགས་ཀྱི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

མ་འཇོག་དཔལ་འབྱོར་རིག་པ།

མ་འཇོག་དཔལ་འབྱོར་རིག་པར་མ་འཇོག་རིག་པ་ཡང་ཟེར་ཞིང་། དེ་ནི་ཉེར་སྤྱོད་དཔལ་འབྱོར་རིག་པ་ཞིག་ཡིན་ལ་ངེས་ཚད་དབྱེ་ཞིབ་དང་ཉེར་སྤྱོད་ལག་ལེན་ནན་བཤད་བྱས་ཡོད། དེས་ད་ཡོད་ཀྱི་དཔལ་འབྱོར་རིག་པ་དང་རྩིས་གཉེར་རིག་པ། དངུལ་རྩའི་རིག་པའི་གཞུང་ལུགས་ཤེས་བྱ་དང་། གྲངས་རིག་དང་བསྡོམས་རྩིས་ཀྱི་བྱེད་ཐབས་བཅས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།

རིགས་དབྱེ།  

ཀུ་ལེ་ཏུ།

ཁོ་མོ་ནི་སྤྱི་ལོ1961ལོར་སྐུ་འཁྲུངས་པ་དང་ཨ་རིའི་སྐད་གྲགས་ཅན་གྱི་ཆ་རྡུལ་སྐྱེ་དངོས་རིག་པ་མཁས་ཅན་ཞིག་ཡིན། ཁོ་མོས་སྣེ་རྡུལ་དང་སྣེ་རྡུལ་རྩབས་ཀྱིས་ཚོས་ལེན་གཟུགས་ཇི་ལྟར་སྲུང་སྐྱོང་བྱེད་བཞིན་པ་ཤེས་རྟོགས་བྱུང་བའི་དབང་གིས་དབྱི་ལི་ཧྲ་པའེ·པུའུ་ལའེ་ཁུ་པིན་དང་ཅེ་ཁུ·ཧྲའོ་སི་ཐཱ་ཁུ་དང་མཉམ་དུ་སྤྱི་ལོ2009ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་རེད།

རིགས་དབྱེ།  

འཁོར་རྒྱུག་དཔལ་འབྱོར་རིག་པ།

འཁོར་རྒྱུག་ནི་སྤྱི་ཚོགས་ཐོན་སྐྱེད་བསྐྱར་མ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། འཁོར་རྒྱུག་དཔལ་འབྱོར་རིག་པ་ནི་ཀྲུང་གོའི་དཔལ་འབྱོར་རིག་པའི་ལས་རིགས་དང་ལྷག་པར་དུ་འཁོར་རྒྱུག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་འཛུགས་བྱེད་པར་གཞོལ་བའི་ཉེར་སྤྱོད་དཔལ་འབྱོར་རིག་པ་ཞིག་ཡིན། ཚོང་ཟོག་འཁོར་རྒྱུག་ནི་ཚོང་ཟོག་བརྗེ་རེས་རྒྱུན་མི་ཆད་པར་བྱེད་པ་ཞིག་ཡིན་པ་དང་། དངུལ་ལོར་གྱིས་སྨྱན་བྱེད་བྱེད་པའི་ཚོང་ཟོག་བརྗེ་རེས་བྱེད་པ་ཞིག་ཡིན། མར་ཁེ་སིས་ཚོང་ཟོག་རེ་རེའི་རྣམ་པ་འགྱུར་ལྡོག་བྱུང་བ་ལས་གྲུབ་པའི་འཁོར་སྐྱོད་དེ་ཚོང་ཟོག་གཞན་དག་གི་འཁོར་སྐྱོད་དང་བྲལ་ཐབས་མེད་པར་ཕན་ཚུན་འདྲེས་ཡོད་པས། བྱ་རིམ་ཧྲིལ་པོ་དེ་ཚོང་ཟོག་འཁོར་རྒྱུག་ཏུ་མངོན་ཡོད་ཅེས་བསྟན་ཡོད།

རིགས་དབྱེ།  

ཆགས་གཞི་རང་བཞིན་གྱི་མཚན་ཉིད།

ཆགས་གཞི་རང་བཞིན་གྱི་མཚན་ཉིད་ནི་སྤྱི་ལོ1993ལོར་ཁྱབ་བསྒྲགས་བྱས་པའི་གྲངས་རིག་གི་མིང་ཞིག་ཡིན།

རིགས་དབྱེ།