ཏའེ་ཀའོ་ལེ།

སྐབས18པའི་ཧྥ་རན་སེའི་ཙུང་ཐུང་དང་ཏའེ་ཀའོ་ལེ་རིང་ལུགས། རང་དབང་གི་ཧྥ་རན་སེ་བཙུགས་ཤིང་ཧྥ་དམག་གི་དབུ་ཁྲིད་ནས་པ་ལི་བཅིངས་འགྲོལ་བཏང་བ། ཧྥ་སི་ལན་སྤྱི་མཐུན་རྒྱལ་ཁབ་ལྔ་བ་བཙུགས་པ།

རིགས་དབྱེ།  

ཀྱཱ་ཚང་དཔའ་བོ་དགྲ་འཇོམས།

སྔོན་ཆད་ཡིན་ན་ཀྱཱ་ཚང་ནི་དགུང་ལོ་རྒན་པ་ཞིག་དང་འགྲམ་སྤུ་སོགས་ཡོད། དེང་དུས་སྐུ་མདོག་སེར་པོ་ཡིན་པ་མ་ཟད་གཞོན་པ་ཞིག་གི་ཚུལ་བཟུང་བར་འདུག སྔོན་ཆད་ཕྱག་གཡས་དུང་དང་གཡོན་པ་ནོར་བུ་དང་ཕྲེང་བ། དེང་དུས་ཀྱི་ཨ་མྱེས་ལ་ཕྱག་གཉིས་ཀར་ནོར་བུ་བསྣམས་པ་ཡིན།

རིགས་དབྱེ།  

ཁུ་ལོང་གཡག་སྙིང་།

ཁུ་ལུང་གཡག་སྙིང་ནི་སྐུ་མདོག་དམར་པོ་དང་གཞི་བདག་ནག་ཕྱོགས་པ་ཞིག་ཡིན་པ་མ་ཟད་ཕྱག་གཡས་མདུང་དམར་དར་ལྕེ་ཅན། ཕྱག་གཡོན་དུ་ཞགས་པ་འཛིན་པ། ཆིབས་པ་རྟ་ནག་སྟེང་དཀར་བཅིབས་ཡོད།

རིགས་དབྱེ།  

གངས་དཀར་གཡུ་སྒྲོན་མ།

གངས་དཀར་གཡུ་སྒྲོན་མ་ནི་ཨ་ནེ་སྙེག་མོ་ལ་གོ་ཞིང་མཚན་ཡོངས་སུ་གནས་གངས་དཀར་གཡུ་སྒྲོན་མ་ཟེར། ཁོ་མོ་ཨ་མྱེས་སེ་བོན་གྱི་མཛའ་གྲོགས་དང་སྲིང་མོ་ཡིན་ཚུལ་སོགས་བཤད་སྲོལ་གཉིས་འདུག

རིགས་དབྱེ།  

དགེ་བསྙེན་ཕྱིང་དཀར་བ།

དགེ་བསྙེན་ཕྱིང་དཀར་བས་ཕྱིང་ཞྭ་མནབས་པ་དང་རྟ་མཆོག་དཀར་པོ་ཆིབས་སུ་བཅིབས། བོད་ལྭ་མནབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་པ་དང་། སྔོན་ཆད་མི་ཐམས་ཅད་ཀྱི་མཐོང་ལམ་དུ་འོང་བ་མ་ཟད་ཧོར་རན་སྐེ་ཐལ་མ་ནས་བླ་མ་བར་བཀག་པའི་དུས་དེར་དགེ་བསྙེན་ཆེན་པོ་སླེབས་ནས་བསྐོར་བརྒྱབ་པ་དང་། དེ་ནས་ཟོག་རྫི་ཀུན་གྱིས་མཐོང་བའི་བཤད་ཚུལ་མཆིས།

རིགས་དབྱེ།  

དགྲ་འདུལ་པདྨ་དབང་ལྡན།

དགྲ་འདུལ་པདྨ་དབང་ལྡན་ནི་བཅུད་པར་རྫ་རྒན་གྱི་འཁོར་ཞིག་གདན་དྲངས་པར་བཤད་ཅིང་། ཁོང་གི་བཅིབ་པ་རྟ་རག་རག་ཡིན།

རིགས་དབྱེ།  

བཅུད་པར་རྫ་རྒན།

བཅུད་པར་རྫ་རྒན་ནི་དབུ་ལ་གསེར་ཞྭ་དང་ཆིབས་པ་རྟ་མཆོག་ངང་བ་རྔོག་མ་སྔོན་པོ། སྐབས་འགར་སྟག་མོ་རུ་ཆིབས་དུས་ཡང་ཡོད། ཁོང་ནི་དཀར་ཕྱོགས་སྐྱོང་བའི་ལྷ་མཐུ་བོ་ཆེ་ཡིན་པ་དང་ས་བརྒྱད་པ་ཐོབ་པའི་གཞི་བདག་ཅིག་ཡིན།

རིགས་དབྱེ།  

བཙོད་ལུང་དམག་དཔོན།

བཙོད་ལུང་དམག་དཔོན་ནི་སྐབས་འགར་ཁྲབ་དང་སྤྱིར་བཏང་གི་ཝ་ཞྭ་སོགས་མནབས་པ་ཞིག་ཡིན། གཞི་བདག་འདི་ནི་དམག་དཔོན་གྱི་ཚུལ་དུ་མཐུ་ནུས་ཅན་ཞིག་ཡིན་ལ། རྟ་ངང་བ་ཞིག་ལ་བཅིབས་ཡོད་པ་དང་ཧ་ཅང་ལྷ་དྲག་རྩལ་ཅན་ཞིག་ཡིན།

རིགས་དབྱེ།  

མགར་གྲོང་ཨ་མྱེས་བསྟན་སྐྱོང་།

མགར་གྲོང་ཨ་མྱེས་བསྟན་སྐྱོང་གི་སྐུ་མདོག་དཀར་ལ་ཕྱག་གཡས་ཐོ་བ་དང་གཡོན་པ་སྐམ་པ་འཛིན་པ་དང་ཆིབས་སུ་གཡག་སེར་ཡིན།

རིགས་དབྱེ།  

ཙོང་ཁའི་སྐྱེས་རི།

ཙོང་ཁའི་སྐྱེས་རི་ནི་རྗེ་བློ་བཟང་གྲགས་པ་འཁྲུངས་པས་དེ་ལྟར་ཐོགས་པ་དང་ཟོ་དགུའི་གཡུ་མཚོ་ནི་རི་སྒང་དུ་ཡོད་པར་བཤད་པ་ཡིན།

རིགས་དབྱེ།  

འབའ་ཡི་མཐོན་པོ་བཅུ་གསུམ།

འབའ་ཡི་མཐོན་པོ་བཅུ་གསུམ་ནི། རྒྱལ་པོ་གོ་ཆེན། བློན་པོ་ལྷ་ཀྱཱ། བསུ་མའི་དམག་དཔོན། བ་ཡན་གཡུ་ཐོད། ངང་ཚང་གཡུ་སྒོང་། ཉིན་ཤུག་བྲག་དཀར། བསེ་ལུང་རྡོ་རྗེ། ཆུ་ནག་བེའུ་ངུར། དགེ་བསྙེན་རབ་གཟིགས། ལྷ་ཡི་ལྕམ་མོ། ཟ་ཁུ་དེའུ་ཟླ། ཝ་ལུང་རྫ་དམར། ཁེ་རབ་ཕག་ཆེན་དང་བཅས་འབའ་ཡི་མཐོན་པོ་བཅུ་གསུམ་མོ། །

རིགས་དབྱེ།  

རྐང་ཚའི་རྫ་དམར།

རྐང་ཚའི་རྫ་དམར་ནི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་གི་དམ་པ་གཅིག་གི་སྤྲུལ་བ་ཡིན་པའི་བཤད་ཚུལ་ཡོད་པ་དང་། ཐང་ཀའི་སྟེང་བཅིབ་པ་ངང་སེར་ཡིན་ཞིང་ཁོང་གི་ཆ་ལུགས་ནི་གྲྭ་བཙུན་ཞིག་ཡིན། ཁོང་ལ་གྱོན་པ་འདྲ་མིན་བདུན་ཡོད་ལ། བོད་ལྭ་དང་དམག་ལྭ། རྒྱ་ལྭ་སོགས་ལྭ་བ་མི་འདྲ་བ་སྣ་ཁ་བདུན་འདུག་ཅིང་འདི་ནི་ཕྱི་ནང་གཉིས་ཀྱི་ངག་རྒྱུན་ལས་དངོས་སུ་འདུག

རིགས་དབྱེ།  

སྤོས་ལུང་དཔལ་གྱི་རྡོ་རྗེ།

སྤོས་ལུང་དཔལ་གྱི་རྡོ་རྗེ་ནི་སྔོན་ཆད་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་མདོ་རྩེ་བརྒྱུད་སྐབས་གཞོན་ནུ་ལང་ཚོ་དར་ལ་བབས་པ་རལ་བ་ཅན་སྐེ་ལ་མུ་མེན་མུ་ཏིག་གི་རྒྱན་ཆ་བཏགས་པ་ཞིག་རི་དེ་ལ་འཐིམ་པ་མཐོང་བས་དེ་ནི་མདོ་རྩེ་སྤོས་ལུང་དཔལ་རྡོར་ཡིན་པར་བཤད།

རིགས་དབྱེ།  

ཨ་མ་ཟོ་དགུ།

ཨ་མ་ཟོ་དགུར་དཔྱད་པ་ལ་དོའུ་ཐང་གསུམ་དང་ཁྲི་ཀའི་ལུང་ཁོག་གསུམ། མང་འབའ་བྱ་གསུམ་བྲག་དཀར་གྱི་རྫོང་བར་ཟོ་བ་དགུའི་ཚུལ་དུ་གནང་བས་དེ་ལྟར་ཐོགས་སོ། །

རིགས་དབྱེ།  

ཨ་མ་ལྕམ།

ཨ་མ་ལྕམ་ནི་ཨ་མྱེས་བྲག་དཀར་གྱི་སྲིང་མོ་ཡིན་ཞིང་། མོ་ནི་ཀླུ་མོ་ཞིག་ཡིན། སྔོན་ཆད་ཞིག་ལ་ཨ་མྱེས་འབའ་ཙེ་ལ་བག་མར་བྱིན་ནས་རྗེས་སུ་འདུག་མ་འདོད་པར་ཕྱིར་འོང་སྐབས་ཨ་མྱེས་བལ་བོ་མདུན་དུ་ཆབ་གསང་ལ་བཞུགས་ཡོད་པ་མཐོང་བས་མོའི་ཁ་ཤར་ཕྱོགས་སུ་འཁོར་ནས་བསྡད།

རིགས་དབྱེ།  

ཨ་མྱེས་ཀྱཱ་ཐང་།

ཨ་མྱེས་ཀྱཱ་ཐང་གི་སྐུ་མདོག་སྔོན་པོ་ཕྱག་གཡས་རལ་གྲི་དང་གཡོན་པ་ནོར་བུ་བསྣམས་ནས་རྟ་དཀར་ཆིབས་ཤིང་སྐུ་ལུས་ལ་གསེར་ཁྲབ་གྱོན་ཞིང་མདའ་སོགས་བཏགས་ཡོད།

རིགས་དབྱེ།  

ཨ་མྱེས་ཁྲ་ཆེན་རྡོ་རྗེ།

ཨ་མྱེས་ཁྲ་ཆེན་གྱི་ཕྱག་ཏུ་རྡོ་རྗེ་དང་ཆིབས་སུ་གཡག་ངང་སེར་ཡིན་ཞིང་གཞི་བདག་མཐུ་ནུས་ཅན་ཞིག་ཡིན་ལ། འདིའི་འཁོར་ཏུ་གཞི་བདག་ཆེ་ཆུང་མང་པོ་ཡོད་པ་ཡིན།

རིགས་དབྱེ།  

ཨ་མྱེས་གོ་ར།

ཨ་མྱེས་གོ་ར་ནི་གཞི་བདག་ནག་ཕྱོགས་པ་ཞིག་ཡིན་ཞིང་ཁོང་རུ་འོང་ཞིག་ཡིན་སྟབས་གཞན་གྱི་རུ་འོང་ལ་བཟང་། བླ་མ་སེར་མོ་སླེབས་ན་ཆར་རླུང་ལ་སོགས་གཏོང་བར་བཤད།

རིགས་དབྱེ།  

ཨ་མྱེས་གླང་ཆེན།

ཨ་མྱེས་གླང་ཆེན་ནི་བོན་རི་ཞིག་ཡིན་ཞིང་ཁོང་གིས་བན་བོན་གཉིས་ལ་མགོན་སྐྱོབ་བྱེད་པ་ཡིན་ལ། ཨ་ལགས་བོན་རྒྱ་ཚང་སེར་ཀྱཱ་དང་སྟོང་ཆེ་ལ་ཕེབས་ན་གླང་ཆེན་གྱིས་བསུ་བ་བྱེད་པ་ཡིན་ཟེར། གླང་ཆེན་གྱི་ཕྱག་གཡས་ཕུར་བུ་དང་གཡོན་པ་སིལ་སྙན། རལ་བ་ཐོད་ལྕོག་ཅན་དང་སྟག་ཤམ་ཅན་ཡིན་ཞིང་། ལྷ་དྲག་རྩལ་ཅན་ཞིག་ཡིན་པའི་བཤད་སྲོལ་ཡོད།

རིགས་དབྱེ།  

ཨ་མྱེས་དམག་དཔོན།

ཨ་མྱེས་དམག་དཔོན་ནི་རྨོག་གི་སྒང་ལ་གནས་ཡོད། དང་པོ་བཤད་ཚུལ་ལ་གླིང་གེ་སར་རྒྱལ་པོའི་རྨོག་ཞྭ་ཡིན་སྲོལ་ཞིག་འདུག་ཅིང་དེ་ལ་རྨོག་དཔོན་ཞེས་ཐོགས་པ་དང་ལབ་ཙེ་ཡང་བརྩིགས། རྟ་གྲོ་གྲོ་ལ་བཅིབས་པ་དང་ཕྱག་ཏུ་མདུང་ལྕགས་དཀྲིས་མ་ཅན་ཐོགས་པ་ཡིན།

རིགས་དབྱེ།  

ཨ་མྱེས་བལ་བོ་སྤུན་གསུམ།

ཨ་མྱེས་བལ་བོ་སྤུན་གསུམ་ནི་ཤར་བལ་བོའི་ཡུལ་ནས་འོང་བར་གྲགས་ལ། ཟི་ཁྲོན་བལ་བོའི་ས་ཆའི་ཡིན་པ་དང་ང་ཚོའི་མཚོ་སྔོན་གྱི་མི་ཡང་ལྷ་ས་ནས་ཁམས་དང་ཟི་ཁྲོན་བརྒྱུད་ནས་དར་རོ། །བལ་བོ་གསེར་མདོག་ཅན་ཆེ་བ་དགེ་བསྙེན་ཚུལ་བཟུང་བླ་མ་དང་འབྲིང་བ་རིག་འཛིན་ཆེན་པོ། ཆུང་བ་སྐྱེ་གཟི་སྐྱེམས་ཀྱི་དགྲ་ལྷ་ཅན། ཆེ་བ་དབུ་ལ་གསེར་ཞྭ་དང་ཕྱག་ཏུ་བུམ་པ་རྡོ་རྗེ་འཆི་འཕོ་བའི་སེམས་པས་རྟ་ངང་བ་དང་འབྲིང་འབྲོང་གཡག་ཆིབས་པ་ཕྱག་ཏུ་ཕུར་བུ་དང་ཐོད་པ་འཛིན་པ། ཆུང་བ་རྟ་སྔོན་ཆིབས་པ་གསེར་ཁྲབ་མནབས་པ་ཞིག་ཡིན།

རིགས་དབྱེ།  

ཨ་མྱེས་མགོ་བ།

མགོ་མང་གློ་ཀྱཱས་བཤད་ན་ཨ་མྱེས་མགོ་བའི་གནས་བདག་ཨ་མྱེས་དྲེད་འཛིན་ཡིན་ཟེར་བའི་བཤད་ལུགས་ཤིག་ཡོད། མགོ་བའི་འཁོར་ལ་ཨ་མྱེས་དྲེད་འཛིན་སོང་ཡོད་པ་མ་ཡིན་ཏེ་སོ་ནག་དབོན་པོ་ཡིན་པར་འདོད།

རིགས་དབྱེ།  

ཨ་མྱེས་ཡུལ་ལྷ།

ཨ་མྱེས་ཡུལ་ལྷའི་གཟུངས་འཇུག་འབུལ་མཁན་ནི་ཧོར་ཀྱཱའི་སྐུ་ཕྱོགས་ཨ་ཀྱཱ་ཚང་ཡིན་པར་གསུངས་པ་དང་། ཨ་མྱེས་ཡུལ་ལྷ་ལ་སྐུ་རབས་བཅོ་བརྒྱད་ཡོད་པར་བཤད།

རིགས་དབྱེ།  

ཨ་མྱེས་རྨ་ཆེན།

ཨ་མྱེས་རྨ་ཆེན་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་ནང་གི་གཅིག་ཡིན་ཞིང་། ཨ་མྱེས་རྨ་ཆེན་གྱི་གངས་རི་འདི་ནི་སངས་རྒྱས་སྟོང་གི་བླ་རི་ཡིན་ཞིང་ས་བཅུ་བའང་ཐོབ་ཡོད། གནམ་གྱི་སྲས་ཡིན་ཟེར་བའི་བཤད་སྲོལ་ཡོད་ལ། རིགས་ལ་དབྱེ་ན་གསུམ་ཡོད་དེ། སེང་བཅིབས་དང་རྟ་བཅིབས། དཀྱིལ་ཀྲུང་གིས་བཞུགས་པ་སོགས་གསུམ་ཡོད། མང་ཆེ་བ་རྟར་བཅིབས་ནས་ཡོད་པ་དང་ཁོང་ལ་སྲས་དགུ་དང་སྲས་མོ་དགུ་ཡོད་ཅིང་། འཁོར་ལ་གཉེར་བ་བློན་པོ་མོ་བ་མཛོད་སོགས་ཡོད་ལ་རྨ་རྒྱལ་ཁོང་ནི་ཤར་ཕྱོགས་སྐྱོང་བའི་ལྷ་མཐུ་ཆེན་ཞིག་ཡིན།

རིགས་དབྱེ།  

ཨ་མྱེས་སྟག་གདོང་།

གླང་ཆེན་སྟག་གདོང་ནི་སྟག་གསུམ་བན་བོན་གྱི་བླ་རི་ཡིན་པ་དང་གནའ་དུས་སྟོང་ཆེ་ཡིས་ལབ་ཙེ་བསྟོད་རབས་བཤད།

རིགས་དབྱེ།  

སི་ཧྥུན་ཁུ་སི།

སི་ཧྥུན་ཁུ་སི་ནི་གནའ་བའི་ཨེ་ཅིབ་ཀྱི་ལྷ་སྒྲུང་ལས་ཐོན། གནའ་བའི་ཀེ་རེ་སིའི་ལྷ་སྒྲུང་ལས་ཡང་མཐོང་ཐུབ། ཡིན་ཡང་སི་ཧྥུན་ཁུ་སིའི་རིག་གནས་མི་འདྲ་བའི་ལྷ་སྒྲུང་ལས་མངོན་པའི་སྣང་བརྙན་དང་མཚོན་དོན་ཡང་མི་གཅིག གནའ་བའི་ཨེ་ཅིབ་ཀྱི་རྒྱལ་རབས་བཞི་བའི་ཧྥ་ལའོ་ཧཱ་ཧྥུའུ་ལཱས་སི་ཧྥུན་ཁུ་སིའི་རྣམ་པ་ལྟར་རྡོ་བའི་འབག་ཅིག་བཞེངས། ཕྱི་རབས་པའི་དེའི་མིང་ལ་སེང་གེ་མིའི་གདོང་ཅན་ཞེས་བཏགས།

རིགས་དབྱེ།  

ཝེ་ན་སི།

ཝེ་ན་སི་ལ་ཨ་ཧྥོ་ལོ་ཏེ་ཐི་ཡང་ཟེར། ཀེ་རེ་སིའི་ལྷ་སྒྲུང་ནང་གི་མཛེས་པའི་འདོད་པའི་ལྷ་མོ་ཡིན། ཨའོ་ལིན་ཕི་སིའི་གཙོ་ལྷ་བཅུ་གཉིས་གྲས་ཡིན། རོ་མའི་ལྷ་སྒྲུང་ལས་ཝེ་ན་སི་ཞེས་ཟེར། ཝེ་ན་སི་ནི་འདོད་པའི་ལྷ་རྐྱང་རྐྱང་མ་ཡིན་པར། མི་ཡུལ་གྱི་བརྩེ་དུང་བདག་འཛིན་བྱེད་མཁན་གྱི་ལྷ་ཡང་ཡིན།

རིགས་དབྱེ།  

ཨ་མྱེས་སེ་བོ།

ཨ་མྱེས་སེ་བོ་འདིའི་གནས་རི་ནི་འཕྲང་དམར་གྲོང་རྡལ་གྱི་མེ་བརྒྱ་སྡེ་བའི་ཤར་ལྷོའི་མཚམས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3360ཡོད།

རིགས་དབྱེ།  

འཁྲུངས་ལྷ་སྐྱེས་རི་གཉན་པོ།

འཁྲུངས་ལྷ་སྐྱེས་རི་གཉན་པོའི་གནས་རི་ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ95དང་དཔའ་ལུང་རྫོང་ནུབ་དུ་སྤྱི་ལེ66གི་སར་ཡོད་པའི་ཙོང་ཁའི་སྐྱེས་རི་ཞེས་པའི་རྫ་རི་དེ་ཡིན།

རིགས་དབྱེ།  

ཨ་མྱེས་དཀར་རིས།

ཨ་མྱེས་དཀར་རིས་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ25ཡི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3987ཡོད།

རིགས་དབྱེ།