ཝ་ལོ།

ཁོང་ནི་སྤྱི་ལོ་སྔོན116-27ལོའི་བར་དུ་འཁྲུངས་ཤིང་། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་པ་སྙན་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ཨའེ་ཏེ་ཧྭ•ཐའེ་ལེ།

ཁོང་ནི་སྤྱི་ལོ1832ལོར་དབྱིན་ཇི་རུ་འཁྲུངས་པའི་མིའི་རིགས་རིག་པ་བ་གྲགས་ཅན་ཞིག་སྟེ། དབྱིན་ཇིའི་མིའི་རིགས་རིག་པའི་སྲོལ་འབྱེད་པ་པོ་ཡིན།

རིགས་དབྱེ།  

ཏུའུ་ཨེར་ཁོ་མུའུ།

ཁོང་ནི་སྤྱི་ལོ1858ལོར་ཧྥ་རན་སི་རྒྱལ་ཁབ་ཏུ་སྐུ་འཁྲུངས་ཤིང་། འཛམ་གླིང་དུ་གྲགས་ཆེ་བའི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་མཁས་པ་ཞིག་ཡིན།

རིགས་དབྱེ།  

སྨི་ཏེ།

ཁོ་མོ་ནི་ཨ་རིའི་བུད་མེད་མིའི་རིགས་རིག་པའི་མཁས་པ་མིང་གྲགས་ཅན་ཞིག་སྟེ། ཕྱིས་སུ་དབྱིན་ཏེ་ཨན་མི་དང་ས་མོ་ཡ་པ་སོགས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་བྱས་ནས་འཛམ་གླིང་དུ་སྐད་གྲགས་ཆེ་བར་གྱུར།

རིགས་དབྱེ།  

ཧོའེ་ཐེ།

ཁོ་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པའི་མཁས་པ་ཞིག་སྟེ། ལོ་རབས་སུམ་ཅུ་བ་ནས་བཟུང་མཐའ་གཅིག་ཏུ་མོ་ཨེར་ཀེན་གྱི་གཞུང་ལུགས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན།

རིགས་དབྱེ།  

སི་ཐུའུ་ཨེར་ཏེ།

ཁོང་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་ཡིན།

རིགས་དབྱེ།  

ལིའེ་ཝེ•ཧྲི་ཐེ་ལའོ་སི།

ཁོང་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། པ་ཞི་རྒྱལ་ཁབ་ཀྱི་དབུས་རྒྱུད་དུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་ཀྱི་ལས་ཀ་གཉེར་མྱོང་། དེ་ཡང་དེང་རབས་སྐད་བརྡ་རིག་པ་དང་རིག་གནས་མིའི་རིགས་རིག་པ། སེམས་ཁམས་རིག་པ་བཅས་ཁྲོད་ཀྱི་གྲུབ་ཚུལ་བསམ་བློའི་ཤུགས་རྐྱེན་དང་བློ་སྒོ་ཕྱེས་པ་ལ་བརྟེན་ནས། ཁོང་གིས་མིའི་རིགས་རིག་པའི་གྲུབ་ཚུལ་རིང་ལུགས་ཀྱི་ཐབས་ལམ་འདི་བསྐྲུན་པ་ཡིན།

རིགས་དབྱེ།  

ལི་ཆི།

ཁོང་ནི་སྤྱི་ལོ1937ལོར་ལུན་ཏོན་དཔལ་འབྱོར་སློབ་གླིང་དུ་ཞུགས་ནས་མ་ལིན་ནུའོ་ཧྥུ་སི་ཅིའི་སློབ་མར་གྱུར་ལ། སྔ་ཕྱིར་དབྱི་ལང་གི་ཁོ་ཨེར་ཏེ་སི་ཐན་དང་འབར་མ་རྒྱལ་ཁབ་སོགས་སུ་བསྐྱོད་ནས་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱ་བ་གཉེར་ནས་མིའི་རིགས་རིག་པའིམཁས་པར་གྱུར་བའི་དབྱིན་ཇིའི་མིའི་རིགས་རིག་པ་སྐད་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

བསོད་རྒྱལ་འབུམ།

ཁོང་ནི་སྤྱི་ཚོགས་ཚན་རིག་བོད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་པ་ཆེ་མོ་བ་དང་གེ་སར་རིག་པའི་ཁ་ཕྱོགས་ཀྱི་འབུམ་རམས་པ་ཡིན།ཀྲུང་གོའི་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་ཇུས་འདོན་ཚོགས་པའི་ཆེད་མཁས་པ། ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སྐབས་བདུན་པའི་མཐུས་མི་ཚོགས་ཆེན་གྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གེ་སར་རིག་གནས་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་པ་སོགས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ལས་གནས་སུ་ཡོད།

རིགས་དབྱེ།  

བེ་རི་ཚུལ་ཁྲིམས།

ཁོང་ནི་སྤྱི་ལོ1966ལོའི་ཟླ12པའི་ཚེས5ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུ་རུག་ཡུལ་ཤོག་སྟོད་ཤོག་འབྲོག་སྡེ་རུ་སྐྱེས། སྔ་ཕྱིར་གྲོང་སྡེའི་སློབ་ཆུང་དང་། ཁུལ་ནང་བསྟན་སྤྲུལ་སྐུའི་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན་དང་། ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་སོགས་སུ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་སློབ་གཉེར་བྱས། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རིག་གནས་ཅུའུ་རུ་ཕྱག་ལས་གནང་མུས་སུ་མཆིས།

རིགས་དབྱེ།  

ཚེ་བརྟན་རྡོ་རྗེ།

ཁོང་ནི་སྤྱི་ལོ1970ལོར་མདོ་སྨད་འབའ་ཆུའི་འགྲམ་རྒྱུད་དུ་སྐྱེས། དབྱིན་ཇུ་འགྲིམ་པའི་སློབ་སྐོར་བ། མི་རིགས་རིག་པའི་འབུམ་རམས་པ་དང་། བསྒྱུར་ཞུ་ཆེན་མོ། རྒྱལ་ཡོངས་དུས་དེབ་ཕུལ་བྱུང་རྩོམ་སྒྲིག་པ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཕུལ་བྱུང་ཞིབ་འཇུག་པ། ཨ་མེ་རི་ཀའི་ཁུ་ལོན་པུ་ཡཱ་སློབ་གྲྭ་ཆེན་མོ་དང་ཧྥུ་ཅི་ཉེ་ཡཱ་སློབ་གྲྭ་ཆེན་མོའི་ཆེད་ཞུའི་དགེ་རྒན། མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་གྲྭ་ཆེན་མོའི་ཤེས་རམས་པའི་ཁྲིད་སྟོན་པ། མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་གི་མགྲོན་ཞུས་དགེ་རྒན་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་ཚགས་པར་དང་དུས་དེབ་རྩོམ་སྒྲིག་ཁང་གི་འགོ་གཙོ་གཞོན་པ་དང་། སྒྲིག་གཙོ་གཞོན་པ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཆེད་མཁས་བཅས་ཀྱི་འགན་ཁུར་ཡོད།

རིགས་དབྱེ།  

ཨའེ་ཏེ་ཧྭ•པོ་ནེ་ཐེ•ཐའེ་ལེ།

ཨའེ་ཏེ་ཧྭ·པོ་ནེ་ཐེ·ཐའེ་ལེ(སྤྱི་ལོ1832ལོ་ནས་སྤྱི་ལོ1917ལོའི་བར)ནི་དབྱིན་ཇིའི་མིའི་རིགས་རིག་པའི་སྲོལ་འབྱེད་པ་པོ་དང་རྨང་འདིང་མཁན། གནའ་རབས་འཕེལ་འགྱུར་སྨྲ་བའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན།

རིགས་དབྱེ།  

ལུའུ་དབྱི་སི•ཧིན་ལེ•མོ་ཨེར་ཀེན།

ལུའུ་དབྱི་སི·ཧིན་ལེ·མོ་ཨེར་ཀེན(སྤྱི་ལོ1818ནས་སྤྱི་ལོ1881ལོའི་བར)ནི་ཨ་མེ་རི་ཁའི་མིའི་རིགས་རིག་པའི་རྨང་འདིང་མཁན་དང་གནའ་རབས་འཕེལ་འགྱུར་སྨྲ་བའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན། སྤྱི་ལོ1840ལོར་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་རྗེས་བཅའ་ཁྲིམས་རང་སྦྱོང་བྱས་ལ། དང་ཐོག་ཁྲིམས་རྩོད་པ་ཞིག་ཡིན་པ་ལ་དབྱིན་ཏེ་ཨན་མི་སའེ་ནེ་ཁ་ཚོ་པར་རོགས་སྐྱོར་མཛད་ནས་ཤོར་ཟིན་པའི་ས་ཆ་ཕྱིར་བླངས་པས། ཚོ་པ་དེའི་ཚོགས་མི་རུ་གྱུར་ཞིང་དེ་ནས་བཟུང་དབྱིན་ཏེ་ཨན་མིའི་སྤྱི་ཚོགས་རྩ་འཛུགས་དང་རིག་གནས་འཚོ་བ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། གཉེན་སྒྲིག་ཁྱིམ་ཚང་དང་བཅས་པར་ཞིབ་འཇུག་བྱེད་མགོ་བརྩམས།

རིགས་དབྱེ།  

ཀྲན་མུའུ་སི•ཆའོ་ཀྲི•ཧྥུ་ལེ་ཙེ།

ཀྲན་མུའུ་སི·ཆའོ་ཀྲི·ཧྥུ་ལེ་ཙེ(སྤྱི་ལོ1854ནས་སྤྱི་ལོ1941ལོའི་བར)ལགས་ནི་དབྱིན་ཇིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། ཁོང་གིས་སྔ་ཕྱིར་ཀོ་ལ་སི་ཀོ་སློབ་ཆེན་དང་ཅན་ཆའོ་སློབ་ཆེན་དུ་སློབ་སྦྱོང་གནང་བ་དང་། མཐར་ཕྱིན་རྗེས་མི་ཚེ་གང་པོར་ཅན་ཆའོ་སློབ་ཆེན་དུ་ཞིབ་འཇུག་གི་བྱ་བ་གཉེར། ཐའེ་ལེའི《གདོད་མའི་ཆོས་ལུགས》ཞེས་པའི་དཔེ་དེབ་དེས་ཁོང་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས། སྤྱི་ལོ1914ལོར་རྗེ་སི་ཞེས་པའི་མཚན་སྙན་གནང་།

རིགས་དབྱེ།  

ཧྥུ་ལི་ཏེ་ལི་ཞི•ལ་ཚེ་ཨེར།

ཧྥུ་ལི་ཏེ་ལི་ཞི·ལ་ཚེ་ཨེར(སྤྱི་ལོ1844ནས་སྤྱི་ལོ1904ལོའི་བར)ལགས་ནི་འཇར་མན་གྱི་མི་ཚུལ་ས་ཁམས་རིག་པ་སྨྲ་བ་དང་མིའི་རིགས་རིག་པ་སྨྲ་མཁན་ཏེ། ཉེ་རབས་མི་ཚུལ་ས་ཁམས་རིག་པའི་རྨང་འདིང་མཁན་ཡིན། སྤྱི་ལོ1844ལོར་པ་ཏིན-ཧྥུ་ཐིན་པོའོ་ཡི་ཁཱ་ཨེར་སི་ལོའུ་ཨུ་ཞེས་པར་འཁྲུངས། སྔ་ཕྱིར《ཁོ་ལུང་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་དང་། མོ་ཉི་ཧེ་སློབ་ཆེན་དང་ལའེ་པི་ཞི་སློབ་ཆེན་གཉིས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས།

རིགས་དབྱེ།  

ཧྥུ་ལི་ཚི•ཀོ་ལེ་པུའུ་ནེ་ཨེར།

ཧྥུ་ལི་ཚི·ཀོ་ལེ་པུའུ་ནེ་ཨེར(སྤྱི་ལོ1877ནས་སྤྱི་ལོ1934ལོའི་བར)ལགས་ནི་འཇར་མན་གྱི་མིའི་རིགས་རིག་པའི་མཁས་པ་ཞིག་སྟེ། འཇར་ཨའོ་ཁྱབ་སྤེལ་སྨྲ་བའི་ཚབ་བྱེད་མི་སྣ་ཡིན། སྤྱི་ལོ1895ལོར་པོ་ལིན་སློབ་ཆེན་དུ་ལོ་རྒྱུས་ལ་སྦྱངས་པ་མཛད་ཅིང་། སྤྱི་ལོ1901ལོར་འབུམ་རམས་པའི་བསླབ་གནས་བླངས། འཇར་མན་ཁོ་ལུང་མི་རིགས་རིག་པའི་དངོས་མང་བཤམས་སྟོན་ཁང་གི་གཙོ་བདག་དང་། པོ་ཨེན་སློབ་ཆེན་དང་ཁོ་ལུང་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོའི་འགན་བཞེས་མྱོང་།

རིགས་དབྱེ།  

ཨའེ་ལི་ཨའོ་ཐེ•ཧྲི་སྨི་སི།

ཨའེ་ལི་ཨའོ་ཐེ·ཧྲི་སྨི་སི(སྤྱི་ལོ1871ལོ་ནས་སྤྱི་ལོ1937ལོའི་བར)ལགས་ནི་ཨའོ་སི་ཁྲུ་ལི་ཡ་རུ་འཁྲུངས་པའི་དབྱིན་ཇིའི་བཤགས་ལས་རིག་པ་བ་དང་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། ཁྱབ་སྤེལ་སྨྲ་བའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན། སྔ་རྗེས་སུ་ཞི་ཉེ་སློབ་ཆེན་དང་ཁང་ཟམ་སློབ་ཆེན་ནས་མཐར་ཕྱིན། སྤྱི་ལོ1900ལོ་ནས་སྤྱི་ལོ1901ལོའི་བར་ལི་ཧྥུ་སིས་གདན་ཞུ་ལྟར་ཨེབ་ཅིར་ཕེབས་ནས་གཟུགས་གཞི་མིའི་རིགས་རིག་པ་དང་གསོ་བ་རིག་པའི་ཞིབ་འཇུག་གི་ལས་ཀ་གཉེར་ཞིང་། ཨེབ་ཅིའི་ཤེས་རིག་གིས་ཡིད་དབང་ཀུན་ནས་འཕྲོག་པས་རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་གི་ལས་ལ་ཞུགས།

རིགས་དབྱེ།  

ཧྥུ་ལང་ཚི•པོ་ཨ་སི།

ཧྥུ་ལང་ཚི·པོ་ཨ་སི(སྤྱི་ལོ1854ལོ་ནས་སྤྱི་ལོ1941ལོའི་བར)ལགས་ནི་འཇར་མན་གྱི་ཝེ་སི་ཐེ་ཧྥ་ལི་ཡའི་མེང་ཏིང་གྲོང་ཁྱེར་དུ་སྐུ་བལྟམས་པ་དང་། སྔ་ཕྱིར་ཧེ་ཏི་པོ་སློབ་ཆེན་དང་པོ་ཨིན་སློབ་ཆེན་སོགས་སུ་དངོས་ལུགས་རིག་པ་དང་རྩིས་རིག་སྦྱངས་པ་དང་། སྤྱི་ལོ1881ལོར་ཅེ་ཨེར་སློབ་ཆེན་གྱི་དངོས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1882ལོར་པ་སི་ཏི་ཨན་ངོ་ཤེས་པ་དང་ལ་ཚེ་ཨེར་གྱི་ཤུགས་རྐྱེན་འོག་ཁོའི་དགའ་ཕྱོགས་ཀྱང་རིག་གནས་ས་ཁམས་རིག་པར་ཕྱོགས། སྤྱི་ལོ1883ལོར་པ་སི་ཏི་ཨན་གྱིས་མཚམས་སྦྱོར་བྱས་པ་བརྒྱུད་ཁ་ན་ཏའི་པ་ཧྥུན་གླིང་ཕྲན་དུ་རྟོག་དཔྱོད་མཛད། ལོ་གཅིག་ལྷག་ལ་དེ་གའི་ཨའེ་སི་ཅི་མོ་པ་དང་མཉམ་དུ་འཚོ་བ་རོལ་བས་ཁོང་གི་དགའ་ཕྱོགས་རྩ་བ་ནས་རིག་གནས་མིའི་རིགས་རིག་པའི་ཕྱོགས་སུ་བསྒྱུར། སྤྱི་ལོ1886ལོར་ཨ་མེ་རི་ཁར་ཕྱིན་པ་དང་ཕྱི་ལོར་མེ་གླིང་ནུབ་བྱང་མཚོ་འགྲམ་གྱི་དབྱིན་ཏི་ཨན་མིའི་ཁྲོད་དུ་རྟོག་དཔྱོད་བྱས་པར་མ་ཟད། ཨ་མེ་རི་ཁའི་ཁོངས་མིར་གྱུར། སྤྱི་ལོ1896ལོར་ཁོ་ལིན་པི་ཡ་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་དང་། སྤྱི་ལོ1899ལོར་དེ་གའི་མིའི་རིགས་རིག་པའི་དགེ་རྒན་ཆེན་མོ་སོགས་ཀྱི་འགན་བཞེས།

རིགས་དབྱེ།  

ཨ་ཨེར་ཧྥུ་ལེ་ཏེ•ལུའུ་དབྱི་སི•ཁོ་ལུའུ་པོ།

ཨ་ཨེར་ཧྥུ་ལེ་ཏེ·ལུའུ་དབྱི་སི·ཁོ་ལུའུ་པོ(སྤྱི་ལོ1876ལོ་ནས་སྤྱི་ལོ1960ལོའི་བར)ལགས་ནི་ཉེའུ་ཡོའེ་ས་ཁུལ་གྱི་འཇར་མན་གདུང་རྒྱུད་ཀྱི་ཡ་ཧུ་དཱ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། པོ་ཨ་སིའི་སློབ་མའི་གྲས་ཀྱི་ལོ་ན་བགྲེས་ཤོས་དང་བརྩམས་ཆོས་ཆེས་མང་བའི་སློབ་མ་ཡིན། སྤྱི་ལོ1901ལོར་པོ་ཨ་སིའི་མིའི་རིགས་རིག་པའི་འབུམ་རམས་པ་དང་པོར་གྱུར་ཅིང་། ཕྱིས་སུ་ཅ་ལེ་ཧྥུ་ནེ་ཡ་སློབ་ཆེན་གྱི་པོ་ཁོ་ལི་ཁོངས་གཏོགས་སློབ་གྲྭར་དགེ་རྒན་གྱི་འགན་བཞེས་པ་དང་། ཨ་མེ་རི་ཁའི་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཡང་བཞེས་མྱོང་།

རིགས་དབྱེ།  

ལུའོ་པོ་ཐེ•ཧ་ལི•ལོ་ཝེ།

ལུའོ་པོ་ཐེ·ཧ་ལི·ལོ་ཝེ(སྤྱི་ལོ1883ལོ་ནས་སྤྱི་ལོ1957ལོའི་བར)ལགས་ནི་ཨ་མེ་རི་ཁའི་ལོ་རྒྱུས་དམིགས་བསལ་སྨྲ་བའི་ཚབ་བྱེད་མི་སྣ་གཙོ་བོ་ཞིག་སྟེ། ཐོག་མར་ཉིའུ་ཡོའུ་སློབ་ཆེན་དུ་ལ་ཏིན་ཡི་གེ་དང་གྷི་རིག་ཡི་གེ་སྦྱངས། སྤྱི་ལོ1901ལོར་མཐར་ཕྱིན་རྗེས་པོ་ཨ་སི་ངོ་ཤེས་ནས་མིའི་རིགས་རིག་པ་ལ་རིམ་བཞིན་སྤྲོ་སྣང་སྐྱེས། སྤྱི་ལོ1904ལོར་ཁོ་ལུན་པི་ཡ་སློབ་ཆེན་དུ་ཞུགས་ཤིང་པོ་ཨ་སིའི་སློབ་མར་གྱུར། སྤྱི་ལོ1908ལོར་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། མཐར་ཕྱིན་རྗེས་ཨ་རིའི་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་བྱ་བར་ཞུགས་ཤིང་། སྤྱི་ལོ1913ལོ་ནས་སྤྱི་ལོ1921ལོར་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ་དང་འགོ་གཙོའི་འགན་བཞེས། སྤྱི་ལོ1917ལོ་ནས་ཅ་ཀྲོའུ་སློབ་ཆེན་དུ་དགེ་རྒན་གྱི་འགན་ཁུར། སྤྱི་ལོ1921ལོར་སློབ་གྲྭ་དེའི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1950ལོར་ལས་འཁྱུར་ངལ་གསོ་མཛད།

རིགས་དབྱེ།  

ཨའེ་སྨི་ཨེར•ཏུའུ་ཨེར་ཁོ་མུའུ།

ཨའེ་སྨི་ཨེར·ཏུའུ་ཨེར་ཁོ་མུའུ(སྤྱི་ལོ1858ལོ་ནས་སྤྱི་ལོ1917ལོའི་བར)ལགས་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་སྤྱི་ཚོགས་རིག་པ་སྨྲ་བ་དང་རིག་གནས་མིའི་རིགས་རིག་པའི་མཁས་ཅན་ཞིག་སྟེ། ཁོང་ནི་ཧྥ་རན་སའི་ཡ་ཧུ་དཱ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་ཡབ་མེས་མི་རབས་གསུམ་ནི་ཁྲིམས་རྩོད་པ་ཡིན།

རིགས་དབྱེ།  

མ་ཞེ་ཨེར•མོ་སི།

མ་ཞེ་ཨེར·མོ་སི (སྤྱི་ལོ1872ནས་སྤྱི་ལོ1950ལོའི་བར)ལགས་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མི་རིགས་རིག་པ་སྨྲ་བ་དང་སྤྱི་ཚོགས་རིག་པ་སྨྲ་བ་སྟེ། ཧྥ་རན་སིའི་སྤྱི་ཚོགས་རིག་པའི་གྲུབ་མཐའི་མི་སྣ་གཙོ་བོ་དང་། ཏུའུ་ཨེར་ཁོ་མུའུ་ཡི་ཚ་བོ་ཡིན་ལ་ཕུལ་དུ་བྱུང་བའི་རྗེས་འཇུག་སློབ་མའང་ཡིན། མཐོ་འབྲིང་མཐར་ཕྱིན་རྗེས་ཁོའི་ཞང་པོས་དགེ་རྒན་གྱི་བྱ་བ་གཉེར་སའི་པོ་ཨེར་ཏུའོ་སློབ་ཆེན་དུ་རྒྱུགས་འཕྲོད་ནས་བཅའ་ཁྲིམས་དང་ཆོས་ལུགས་སྤྱི་ཚོགས་རིག་པ་སྦྱངས་ཤིང་། ཏུའུ་ཨེར་ཁོ་མུའུ་ཡི་སྤྱི་ཚོགས་རིག་པའི་བསམ་བློའི་ཤུགས་རྐྱེན་ཟབ་མོར་ཐེབས། སློབ་མཐར་ཕྱིན་པ་དང་ཧྥ་རན་སིའི་མཐོ་རིམ་རིག་གཞུང་ཞིབ་འཇུག་གླིང་དུ་དགེ་རྒན་མཛད་དེ། གནའ་རབས་རྒྱ་གར་རིག་གནས་ཕྱོགས་ཀྱི་ཞིབ་འཇུག་ལ་ཞུགས།

རིགས་དབྱེ།  

ལུའོ་པོ་ཐེ•ཧོ་ཨེར་ཚི།

ལུའོ་པོ་ཐེ·ཧོ་ཨེར་ཚི(སྤྱི་ལོ1822ལོ་ནས་སྤྱི་ལོ1915ལོའི་བར)ལགས་ནི་ཏུའུ་ཨེར་ཁོ་མུའུ་ཡི་སློབ་མ་མང་པོའི་ཁྲོད་ཀྱི་རྣམ་དཔྱོད་དང་ཡོན་ཏན་ཆེས་ཁྱད་དུ་འཕགས་པ་ཞིག་སྟེ། སྤྱི་ལོ1904ལོར་པ་ལི་མཐོ་རིམ་སློབ་གླིང་ནས་མཐར་ཕྱིན་རྗེས་དབྱིན་ཇིའི་ལུན་ཏུན་གྱི་དངོས་མང་བཤམས་སྟོན་ཁང་དུ་ཞིབ་འཇུག་གི་བྱ་བ་གཉེར། སྤྱི་ལོ1909ལོར་ཁོང་གིས《གཡས་ལག་གི་ཁྱད་ནུས》ཞེས་པའི་བརྩམས་ཆོས་གྲགས་ཅན་དེ་པར་དུ་བསྐྲུན་ཅིང་། ཨ་ཨེར་པེ་སི་རི་རྒྱུད་གྱི་ཧྲིན·པེ་སི་ཞེས་པའི་གྲོང་སྡེར་ཕྱིན་ནས་མཆོད་འབུལ་བྱ་འགུལ་སྤེལ་བའི་ཕྱོགས་ཀྱི་ཡུལ་དངོས་རྟོག་དཔྱོད་མཛད་ཅིང་། སྤྱི་ལོ1913ལོར་རྟོག་དཔྱོད་ཞིབ་འཇུག་གི་དཔྱད་འབྲས《ཧྲིན·པེ་སི་ཏེ་ཆོས་ལུགས་དང་ལོ་རྒྱུས》ཞེས་པ་འགྲེམ་སྤེལ་བྱས། འཛམ་གླིང་འཁྲུག་ཆེན་དང་པོའི་དུས་མགོར་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་ནས་ཟླ་གཅིག་འགོར་རྗེས་ཀྱི་ཉིན་མོ་སྟེ་སྤྱི་ལོ1915ལོའི་ཟླ4པའི་ཚེས3ཉིན་གཡུལ་ས་ནས་འདས་ཤིང་དགུང་ལོ37རེད།

རིགས་དབྱེ།  

ཨའེ་ཝུན་སི•ཕུའུ་ལི་ཁྲ་ཏེ།

ཨའེ་ཝུན་སི·ཕུའུ་ལི་ཁྲ་ཏེ(སྤྱི་ལོ1902ལོ་ནས་སྤྱི་ལོ1973ལོའི་བར)ལགས་ནི་སྐབས་དེའི་མིའི་རིགས་རིག་པ་སྨྲ་མཁན་ཁྲོད་ན་བློ་སྤོབས་ཆེས་ཆེ་བའི་མཁས་པ་ཞིག་སྟེ། སྤྱི་ལོ1924ལོར་ཉིའུ་ཅིན་སློབ་ཆེན་ནས་ལོ་རྒྱུས་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་མ་བླངས་གོང་ནས་ལུན་ཏུན་དཔལ་འབྱོར་སློབ་གླིང་འགྲིམ་ཞིང་། མ་ལིན་ནུའོ་ཧྥུ་སི་ཅིས་བསྐྱངས་པའི་ཆེས་སྔ་བའི་སློབ་མ་གཉིས་ཀྱི་གྲས་ཡིན། སྤྱི་ལོ1927ལོར་ཁོས་དཔལ་འབྱོར་སློབ་གླིང་ནས་འབུམ་རམས་པའི་བསླབ་གནས་བླངས། སྤྱི་ལོ1926ལོ་ནས་ཁོང་གིས་སའེ་ལི་ཀོ་མན་བཟའ་ཟླ་གཉིས་ཀྱི་མངགས་བཅོལ་ལྟར་སོ་ཏན་གྱི་ཡ་སང་ཏིས་ས་ཆ་ནས་ཟླ་ངོ་ཉི་ཤུའི་རིང་ལ་ཡུལ་དངོས་རྟོག་དཔྱོད་ཀྱི་ལས་ཀ་གཉེར། སྤྱི་ལོ1930ལོ་ནས་ནུའུ་ཨེར་ཚོ་པ་ནས་ཟླ་བ་བཅུ་གཉིས་རིང་ལ་ཡུལ་དངོས་རྟོག་དཔྱོད་མཛད། ཡུལ་དངོས་རྟོག་དཔྱོད་འདི་གཉིས་ཀར་བརྟེན་ནས་བྲིས་པའི《ཡ་སང་ཏི་མིའི་མཐུ་ཆོས་དང་ལྷའི་ལུང་བསྟན། རྫུ་འཕྲུལ》ཞེས་པ་དང《ནུའུ་ཨེར་པ》ཞེས་པའི་དཔེ་དེབ་གཉིས་ཀྱིས་ཁོང་གི་རིག་གཞུང་ཐད་ཀྱི་གོ་གནས་སྲ་བརྟན་དུ་བཏང་།

རིགས་དབྱེ།  

ཞི་ཀོ་མེང་ཏེ•ཧྥུ་ལུའོ་དབྱི་ཏེ།

ཞི་ཀོ་མེང་ཏེ·ཧྥུ་ལུའོ་དབྱི་ཏེ(སྤྱི་ལོ1856ལོ་ན་སྤྱི་ལོ1939ལོའི་བར)ལགས་ནི་ཨའོ་ཏི་ལེ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་སྨྱོ་ནད་སྨན་པ་དང་སེམས་ཁམས་རིག་པ་སྨྲ་བ། བསམ་བློའི་དབྱེ་ཞིབ་སྨྲ་བའི་སྲོལ་གཏོད་པ་པོ་བཅས་ཡིན། ཁོང་ནི་ཆོས་ལུགས་ཀྱི་སྲོལ་ཉམས་པའི་ཡ་ཧུ་དཱ་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། སློབ་འབྲིང་དུས་ནས་བཟུང་ཏ་ཨེར་ཝུན་གྱི་གཞུང་ལུགས་ལ་སྦྱངས་པ་མཛད་ཅིང་། “འཇིག་རྟེན་གྱི་གསང་བ་བརྟོལ”འདོད་པའི་འདུན་པ་དྲག་པོ་ཞིག་གིས་མི་ཚེ་གང་པོ་ཚན་རིག་ཞིབ་འཇུག་ལ་དབུལ་རྒྱུའི་སེམས་ཐག་བཅད། འོན་ཀྱང་དུས་སྐབས་དེར་ཡ་ཧུ་དཱ་པར་ཚོད་འཛིན་བྱས་པ་ཐལ་དྲགས་པས་ཁོང་གིས་རང་ཉིད་ལ་སྤྲོ་བ་མེད་ཀྱང་རང་བྱུང་ཚན་རིག་ལ་ཆེས་ཐག་ཉེ་བའི་གསོ་བ་རིག་པ་མི་སློབ་ཐབས་མེད་བྱུང་།

རིགས་དབྱེ།  

ལུའུ་སི•པུན་ཉི་ཏི་ཁོ་ཐེ།

ལུའུ་སི·པུན་ཉི་ཏི་ཁོ་ཐེ(སྤྱི་ལོ1887ལོ་ནས་སྤྱི་ལོ1948ལོའི་བར)ལགས་ནི་ཨ་རིའི་མིང་དུ་གྲགས་པའི་བུད་མེད་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། སྤྱི་ལོ1909ལོར་ཝ་སི་ཨེར་སློབ་གླིང་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན་རྗེས་ཡ་རོབ་གླིང་འགྲིམ་ཞིང་སློབ་འབྲིང་གི་དགེ་རྒན་མཛད། སྤྱི་ལོ1921ལོར་ཀོ་ལུན་པི་ཡ་སློབ་ཆེན་དུ་ཞུགས་ནས་པོ་ཨ་སི་དང་ཁོ་ལུའུ་པོ་གཉིས་དགེ་རྒན་དུ་བསྟེན་ཏེ་མིའི་རིགས་རིག་པ་སློབ་གཉེར་མཛད། སྤྱི་ལོ1923ལོར་སློབ་གྲྭ་དེ་གའི་འབུམ་རམས་པའི་བསླབ་གནས་ཐོབ་ཅིང་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1936ལོར་པོ་ཨ་སི་ལས་འཁྱུར་ངལ་གསོ་བྱས་རྗེས་ཁོ་མོས་སྡེ་ཁག་ཀྲུའུ་རིན་གྱི་འགན་བཞེས། སྤྱི་ལོ1943ལོ་ནས་སྤྱི་ལོ1945ལོའི་བར་ཨ་རིའི་འཐབ་འཁྲུག་གསང་དོན་ཅུའུ་ཕྱི་གླིང་གསང་དོན་ཁྲུའུ་རྨང་གཞི་དབྱེ་ཞིབ་ཁང་གི་ཀྲུའུ་རིན་གྱི་འགན་འཁུར། སྤྱི་ལོ1946ལོར་ཨ་རིའི་རིག་གནས་མིའི་རིགས་རིག་པའི་ཚོགས་གཙོ་མཛད་ཅིང་། སྤྱི་ལོ1948ལོར་ནད་བྱུང་ནས་ཚེ་ལས་འདས་སོ།།

རིགས་དབྱེ།  

མ་ཀོ་ལེ་ཐེ•སྨི་ཏེ།

མ་ཀོ་ལེ་ཐེ·སྨི་ཏེ(སྤྱི་ལོ1901ལོ་ནས་སྤྱི་ལོ1978ལོའི་བར)ལགས་ནི་ཨ་རིའི་མིའི་རིགས་རིག་པའི་བུད་མེད་མཁས་པ་མིང་གྲགས་ཅན་ཞིག་སྟེ། སྤྱི་ལོ1923ལོར་པ་ན་ཏེ་སློབ་གླིང་ནས་མཐར་ཕྱིན་པ་དང་། ལོ་དེར་ཁོ་ལིན་པི་ཡ་སློབ་ཆེན་དུ་སེམས་ཁམས་རིག་པའི་རབ་འབྱམས་པའི་བསླབ་གནས་གཉེར། སྤྱི་ལོ1924ལོར་ཁོ་མོས་པོ་ཨ་སི་དང་ཁོང་གི་ལས་རོགས་པུན་ཉི་ཏི་ཁོ་ཐེ་ངོ་ཤེས་ཤིང་། ཁོང་གཉིས་ཀའི་འཛད་མེད་ཀྱི་ཡོན་ཏན་དང་བླ་མེད་ཀྱི་མི་གཤིས་དེས་ཁོ་མོའི་དད་སེམས་བཀུག་ལ། པོ་ཨ་སིའི་མདུན་དུ་རིག་གནས་མིའི་རིགས་རིག་པའི་ཆེད་སྦྱོང་གི་ལམ་དུ་ཞུགས། སྤྱི་ལོ1925ལོ་ནས་སྤྱི་ལོ1926ལོའི་བར་དུ་ཁོ་མོ་གླིང་ཚོམ་པོ་ལེ་ཉི་ཞི་ཡ་སྟེང་གི་གླིང་ཕྲན་ས་མོ་ཡ་ཐོག་ཏུ་བསྐྱོད་ནས་ཟླ་དགུའི་རིང་ལ་ཡུལ་དངོས་རྟོག་དཔྱོད་ཀྱི་བྱ་བ་གཉེར། སྤྱི་ལོ1929ལོར་འབུམ་རམས་པའི་བསླབ་གནས་བླངས་རྗེས་ཨ་རི་དངོས་མང་བཤམས་སྟོན་ཁང་དུ་བྱ་བའི་ལས་གནས་སྤོར་ཞིང་དེ་གའི་འགོ་གཙོའི་འགན་བཞེས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཨ་རིའི་དམག་འཁྲུག་གསང་འཕྲིན་ཅུའུ་ཡི་དགེ་རྒན་གྱི་འགན་བཞེས་པ་དང་། ཕྱིས་སུ་ཁོ་ལུན་པི་ཡ་སློབ་ཆེན་དུ་དགེ་རྒན་གྱི་ལས་གཉེར་བ་དང་ཨ་རི་བཀོལ་སྤྱོད་མིའི་རིགས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་ལོ1959ལོ་ནས་སྤྱི་ལོ1960ལོར་ཨ་རིའི་མིའི་རིགས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།

རིགས་དབྱེ།  

ཨ་པོ་ལན•ཁ་ཏི་ན།

ཨ་པོ་ལན·ཁ་ཏི་ན(སྤྱི་ལོ1891ལོ་ནས་སྤྱི་ལོ1981ལོའི་བར)ལགས་ནི་ཁང་ནའེ་ཨེར་སློབ་ཆེན་གྱི་གསོ་རིག་རབ་འབྱམས་པའི་སློབ་མ་སྟེ། སྤྱི་ལོ1919ལོར་ཝེ་ཡེ་ན་རུ་སོང་ནས་ཧྥུ་ལུའོ་དབྱི་ཏེ་ཡི་སློབ་མ་བྱས་ཤིང་ཁོ་དང་མཉམ་དུ་བྱ་བ་བསྒྲུབས། སྤྱི་ལོ1922ལོར་ཕྱིར་ཨ་རི་ལ་ལོག་ནས་བསམ་བློའི་དབྱེ་ཞིབ་སྐོར་གྱི་ཞིབ་འཇུག་གི་བྱ་བ་གཉེར། དང་ཐོག་ཁོང་ནི་སེམས་ཁམས་རིག་པའི་མཁས་པ་ཞིག་ཡིན་པ་ལ། ལོ་རབས་སུམ་ཅུ་པ་ནས་བཟུང་རིག་གནས་མིའི་རིགས་པའི་ཞིབ་འཇུག་གི་བྱ་བར་ཞུགས་ཏེ་གཞན་དང་མཉམ་དུ“རིག་གནས་དང་མི་གཤིས”ཞེས་པར་ཞིབ་འཇུག་མཛད་ལ། སེམས་ཁམས་སྨྲ་བའི་གྲུབ་མཐའི་སྣེ་ཁྲིད་མི་སྣ་གཙོ་བོར་གྱུར། ཁོང་གིས་ཧྥུ་ལུའོ་དབྱི་ཏེ་དང་ཁོའི་བསམ་བློའི་དབྱེ་ཞིབ་གཞུང་ལུགས་ལ་བསྔགས་བརྗོད་ཚད་མེད་བྱས་ཡོད་ཅིང་། གཞུང་ལུགས་དེ་ཉིད་ཨ་རིར་ཁྱབ་གདལ་དུ་འགྲོ་བར་རྨང་གཞི་བཏིང་།

རིགས་དབྱེ།  

ལ་ཨེར་ཧྥུ•ལིན་ཏུན།

ལ་ཨེར་ཧྥུ·ལིན་ཏུན(སྤྱི་ལོ1893ལོ་ནས་སྤྱི་ལོ1953ལོའི་བར)ལགས་ནི་དང་ཐོག་ཧྥེ་ཁྲེང་སི་ཨའོ་སི་མོ་སློབ་གླིང་དུ་སློབ་གཉེར་མཛད་ཅིང་། སློབ་ཆེན་སྐབས་སུ་མེ་གླིང་དབུས་མའི་གནའ་རྫས་རྟོག་ཞིབ་རིག་པའི་རྟོག་དཔྱོད་བྱ་བར་ཞུགས། ཕྱིས་སུ་སྔ་ཕྱིར་པིན་ཞི་ཧྥ་ཉི་ཡ་སློབ་ཆེན་དང་ཀོ་ལུན་པི་ཡ་སློབ་ཆེན་དུ་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལ་སྦྱངས་པ་མཛད། སྤྱི་ལོ1922ལོ་ནས་ཀྲི་ཅ་ཀོ་ཧྥེ་ཨེར་ཏེ་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་བྱ་བ་གཉེར་ཞིང་། སྤྱི་ལོ1928ལོར་ཝེ་སི་ཁང་ཞིན་སློབ་ཆེན་གྱིས་གདན་ཞུ་ལྟར་སློབ་ཆེན་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1937ལོར་ཀོ་ལིན་པི་ཡ་སློབ་ཆེན་དུ་བྱ་བའི་ལས་གནས་སྤོར་བ་དང་། ལོ་ཕྱི་མར་དེ་གའི་སྡེ་ཁག་གི་ཀྲུའུ་རིན་གྱི་འགན་ཁུར། སྤྱི་ལོ1946ལོར་ཡེ་ལུའུ་ཡིས་གདན་ཞུ་ལྟར་སི་ཐེ་ལིན་གྱི་འཆད་ཁྲིད་དགེ་རྒན་ཆེན་མོའི་འགན་བཞེས། ཁོང་གིས་སྔ་ཕྱིར་མ་ཁུའེ་སི་གླིང་ཚོམ་དང་མ་ཏ་ཅ་སི་ཅ། ཁོ་མན་ཆི་དབྱིན་ཏི་ཨན་མིའི་ཁྲོད་དུ་བརྟག་དཔྱད་མཛད་མྱོང་།

རིགས་དབྱེ།  

ཁོ་ལའེ་ཏེ•ཁོ་ལ་ཁོ་ཧུང་།

ཁོ་ལའེ་ཏེ·ཁོ་ལ་ཁོ་ཧུང(སྤྱི་ལོ1905ལོ་ནས་སྤྱི་ལོ1960ལོའི་བར)ལགས་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་བ་སྟེ། སྤྱི་ལོ1922ལོར་ནད་ཀྱི་དབང་གིས་མོ་ཞི་ཁོ་གསར་པའི་གྲོང་ཁྱེར་དུ་གསོ་བཅོས་བྱེད་དུ་སོང་ཞིང་། དེ་ནས་ཝེ་སི་ཁང་ཞིན་སློབ་ཆེན་དུ་ཞི་ལའི་སྐད་སྦྱངས་པ་དང་མཐར་ཕྱིན་རྗེས་ཡོ་རོབ་གླིང་དུ་སློབ་སྦྱོང་ལ་ཕྱིན། སྤྱི་ལོ1931ལོ་ནས་སྤྱི་ལོ1932ལོའི་བར་ཝེ་ཡེ་ན་རུ་བསམ་བློའི་དབྱེ་ཞིབ་རིག་པ་སྦྱངས་ལ། དེ་སྔོན་ཁྱབ་སྤེལ་སྨྲ་བའི་གྲུབ་མཐའི་ཧྲི་སྨི་སི་ཐེ་དང་མཉམ་འབྲེལ་བྱས་མྱོང་། སྤྱི་ལོ1932ལོར་ཉིའུ་ཅིན་སློབ་ཆེན་དུ་རྩོམ་རིག་རབ་འབྱམས་པའི་བསླབ་གནས་བླངས་པ་དང་། མི་ཞི་ཁོ་ཁུ་གསར་པའི་སློབ་ཆེན་དུ་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1935ལོར་ཧ་ཧྥུ་སློབ་ཆེན་དུ་ཕྱིན་ནས་སྤྱི་ལོ1936ལོར་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1946ལོ་ནས་ཧ་ཧྥུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1947ལོར་ཨ་རིའི་མིའི་རིགས་རིག་པ་ཚོགས་པའི་ཚོགས་གཙོའི་འགན་ཁུར་བ་དང་། ལོ་དེར་ད་དུང་གསར་དུ་ཚུགས་པའི་ཨུ་རུ་སིའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དང་སྤྱི་ཚོགས་འབྲེལ་བ་རིག་པའི་སྡེ་ཁག་གི་ཀྲུའུ་རིན་གྱི་འགན་བཞེས།

རིགས་དབྱེ།