ཀུ་ལིན་སྤུན་གཉིས།

ཡ་ཀོ་པུའུ•ཀུ་ལིན་དང་ཁོང་གི་ནུ་བོ་ཝེ་ལེན•ཀུ་ལིན་ནི་འཇར་མན་གྱི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་བ་དང་བྱིས་སྒྲུང་རྩོམ་པ་པོ་ཡིན་ལ། འཇར་མན་གྱི་སྐད་བརྡ་རིག་པའི་རྨང་འདིང་མཁན་ཡང་ཡིན།

རིགས་དབྱེ།  

ཨ་ཚོགས།

ཁོང་ནི་སྤྱི་ལོ1969ལོར་ཁམས་མི་ཉག་ནུབ་ཕྱོགས་ཀྱི་ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མིག་ནོར་ཡུལ་ཚོ་ཁྲིམས་འཛམ་གྲོང་དུ་སྐྱེས་ཤིང་། སྐད་བརྡ་རིག་པའི་འབུམ་རམས་པ་དང་ནན་ཁའེ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་བཅས་ཡིན་པར་མ་ཟད། ཀྲུང་གོའི་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་ཡིག་ཆེད་མཁས་པའི་མཛུབ་སྟོན་ཨུ་ཡོན། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་འཇོན་ཐང་ལྡན་པའི་འཆར་གཞིའི་ཆེད་མཁས་པ་བཅས་ཡིན། སྔོན་ཆད་དབྱིན་ཇིའི་ལོན་ཏོན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཕྱི་ཚར་གྱི་ལས་གཞིའི་ཞིབ་འཇུག་པ། ཉི་ཧོང་ཏུང་ཅིན་སློབ་གྲྭ་ཆེན་མོ་དང་ཨ་མེ་རི་ཁའི་མཱ་ལི་ལན་སློབ་གྲྭ་ཆེན་མོའི་འཚམས་འདྲིའི་ཆེད་མཁས་པ་ཡིན།

རིགས་དབྱེ།  

པཱ་ཎི་ནཱི།

རྒྱལ་པོ་དགའ་བོའི་གྲོགས་པོ་བྲམ་ཟེ་ཁྱེའུ་པཱ་ཎི་པ་ཡིན་ཏེ(སྒྲ་རིག་པ་དང་དེང་རབས་ཀྱི་ཚན་རིག་ཅེས་པའི་དཔེ་ཆ་ལྟར་ན། པཱ་ཎི་པ་ནི་སྤྱི་ལོ་སྔོན་དུས་རབས་བཞི་བ་ཡན་མན་གྱི་མི་ཡིན་འདུག་སྙམ)།

རིགས་དབྱེ།  

གཟུངས་འབུམ་ཐར།

དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་གྱི་མིང་གཞན་ལ་རིག་པའི་བློ་གྲོས་དང་། ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་བཞད་པའི་ལང་ཚོ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཡིན།

རིགས་དབྱེ།  

བཙན་ལྷ་ངག་དབང་ཚུལ་ཁྲིམས།

བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་ནི། སྤྱི་ལོ1930ལོར་ཤར་རྒྱལ་མོ་ཚ་བ་རོང་སྟེ། དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་པ་ཅའོ་ཡུལ་ཚོར་འཁྲུངས། དགུང་ལོ་གསུམ་ཐོག་ཆོས་གླིང་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང། སྤྱི་ལོ1941ལོར་ལྷ་ས་འབྲས་སྤུངས་བློ་གསལ་གླིང་དུ་ཕྱིན་ནས་ལོ་ངོ་བདུན་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་དཀའ་སྤྱད་སྡུག་རུས་མཛད། སྤྱི་ལོ1948ལོར་ཕར་ཕྱིན་དམ་བཅའ་བཞག་རྗེས་གུང་གསེང་གི་ཚུལ་དུ་རང་ཡུལ་དུ་ལོག སྤྱི་ལོ1951ལོར་ལས་བྱེད་པའི་གྲལ་དུ་ཞུགས། སྤྱི་ལོ1958ལོ་ནས་སྤྱི་ལོ1959ལོའི་བར་རྔ་བ་ཁུལ་གཞོན་ནུ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འཛིན་མཛད། སྤྱི་ལོ1977ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང། སྤྱི་ལོ1989ལོར་སློབ་དཔོན་ཆེན་མོའི་གོ་མིང་ཐོབ། དགུང་ལོ་དྲུག་ཅུ་རེ་བརྒྱད་དེ་སྤྱི་ལོ1997ལོར་ལྷོ་ནུབ་མི་རིགས་སློབ་གླིང་ནས་ལས་འཁྱུར་ངལ་གསོ་མཛད། སྔ་ཕྱིར་ཐེ་ལན་དང་དབྱི་ཐ་ལི། ཨ་མེ་རི་ཁ་བཅས་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཕྱིན་ནས། དཔྱད་རྩོམ་དུ་མ་འཆད་ཁྲིད་མཛད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་རབ་དང་རིམ་པ་ཐོབ།

རིགས་དབྱེ།  

ཚེ་དབང་ལྷ་མོ།

ཚེ་དབང་ལྷ་མོ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་རྫ་ཡུལ་རྫོང་གི་མི་ཡིན་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་སྦྱོང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དང་མོ་ནི་བོད་རིགས་བུད་མེད་ཁྲོད་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐོག་མ་ཡིན།

རིགས་དབྱེ།  

དཔའ་རིས་སངས་རྒྱས།

ཁོང་ནི་སྤྱི་ལོ1931ལོར་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས། སྤྱི་ལོ1954ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན། དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཀྲུའུ་རིན་དང་། ཐོག་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་། ད་ལྟ་འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཞང་ཀང་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། 《གསར་རྙེད》དུས་དེབ་ཀྱི་ཞུས་ཆེན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་མི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་ཞིབ་འཇུག་ཁང་གི་ཆེད་ཞུས་ཞིབ་འཇུག་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ན་གཞོན་སྐྱོང་མཁས་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་དབྱིན་ཀན་སུའུ་གཞི་རྩའི་སློབ་གསོ་རྣམ་གྲངས་གཙོ་འཛིན་ཚོགས་ཆུང་གི《སློབ་འབྲིང་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་སློབ་དེབ》གསར་སྤེལ་གྱི་ཆེད་མཁས་པ། 《མདོ་སྨད་ཞིབ་འཇུག》དུས་དེབ་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

བཙན་ལྷ་ངག་དབང་ཚུལ་ཁྲིམས།

བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་ནི། སྤྱི་ལོ1930ལོར་ཤར་རྒྱལ་མོ་ཚ་བ་རོང་སྟེ། དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་པ་ཅའོ་ཡུལ་ཚོར་འཁྲུངས། དགུང་ལོ་གསུམ་ཐོག་ཆོས་གླིང་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང། སྤྱི་ལོ1941ལོར་ལྷ་ས་འབྲས་སྤུངས་བློ་གསལ་གླིང་དུ་ཕྱིན་ནས་ལོ་ངོ་བདུན་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་དཀའ་སྤྱད་སྡུག་རུས་མཛད། སྤྱི་ལོ1948ལོར་ཕར་ཕྱིན་དམ་བཅའ་བཞག་རྗེས་གུང་གསེང་གི་ཚུལ་དུ་རང་ཡུལ་དུ་ལོག སྤྱི་ལོ1951ལོར་ལས་བྱེད་པའི་གྲལ་དུ་ཞུགས། སྤྱི་ལོ1958ལོ་ནས་སྤྱི་ལོ1959ལོའི་བར་རྔ་བ་ཁུལ་གཞོན་ནུ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འཛིན་མཛད། སྤྱི་ལོ1977ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང། སྤྱི་ལོ1989ལོར་སློབ་དཔོན་ཆེན་མོའི་གོ་མིང་ཐོབ། དགུང་ལོ་དྲུག་ཅུ་རེ་བརྒྱད་དེ་སྤྱི་ལོ1997ལོར་ལྷོ་ནུབ་མི་རིགས་སློབ་གླིང་ནས་ལས་འཁྱུར་ངལ་གསོ་མཛད། སྔ་ཕྱིར་ཐེ་ལན་དང་དབྱི་ཐ་ལི། ཨ་མེ་རི་ཁ་བཅས་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཕྱིན་ནས། དཔྱད་རྩོམ་དུ་མ་འཆད་ཁྲིད་མཛད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་རབ་དང་རིམ་པ་ཐོབ།

རིགས་དབྱེ།  

དཔའ་རིས་སངས་རྒྱས།

ཁོང་ནི་སྤྱི་ལོ1931ལོར་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས། སྤྱི་ལོ1954ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན། དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཀྲུའུ་རིན་དང་། ཐོག་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་། ད་ལྟ་འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཞང་ཀང་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། 《གསར་རྙེད》དུས་དེབ་ཀྱི་ཞུས་ཆེན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་མི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་ཞིབ་འཇུག་ཁང་གི་ཆེད་ཞུས་ཞིབ་འཇུག་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ན་གཞོན་སྐྱོང་མཁས་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་དབྱིན་ཀན་སུའུ་གཞི་རྩའི་སློབ་གསོ་རྣམ་གྲངས་གཙོ་འཛིན་ཚོགས་ཆུང་གི《སློབ་འབྲིང་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་སློབ་དེབ》གསར་སྤེལ་གྱི་ཆེད་མཁས་པ། 《མདོ་སྨད་ཞིབ་འཇུག》དུས་དེབ་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཤེ་བཞིན་བསམ་གཏན་རྒྱ་མཚོ།

ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི་སྤྱི་ལོ1921ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་དཔའ་ལུང་རྫོང་བཱ་ཡན་མཚེའུ་མགུར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་བར་མདོ་སྨད་དྷཱིཿཚ་དགོན་པའི་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས། སྤྱི་ལོ1973ལོ་ནས་བཟུང་སྟེ《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་གི་མགོ་བརྩམས་ཏེ་ལོ་ངོ་དྲུག་རིང་ལ་འབད་བརྩོན་ནན་ཏན་བྱས་མཐར་སྤྱི་ལོ1979ལོའི་ལོ་སྟོད་དུ་ལེགས་པར་གྲུབ་སྟེ་དཔར་དུ་བསྐྲུན། 《མི་རོ་རྩེ་སྒྲུང》འཚོལ་སྡུད་ལེགས་སྒྲིག་གནང་བ་སོགས་བྱས་ཏེ་དགུང་ལོ50བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས།

རིགས་དབྱེ།  

ཆོམ་སི་ཀེ།

འབུམ་རམས་པ་ཨའེ•ནུའུ་མའོ•ཆོམ་སི་ཀེ(Avram Noam Chomsky)ནི་ཨ་མེ་རི་ཀའི་པེན་ཞེ་ཧྥ་ནྱེ་ཡཱ་གླིང་ཕྲན་དུ་སྐུ་འཁྲུངས་ཤིང་། ཡབ་ཀྱི་མིང་ལ་ཝེ་ལིན•ཆོམ་སི་ཀེ(William Chomsky)ཟེར་ལ། ཁོ་ནི་ཞི་པའོ་ལེ་སྐད་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་ཞིག་ཡིན། ཡུམ་ཨའེ་ཨར་ཞི•ཆོམ་སི་ཀེ•ཞི་མེན་ནོ་ཧྥོ་སི་ཀེ(Elsie Chomsky Simonofsky)ནི་ཨུ་རུ་སུའི་མི་རྒྱུད་དཀར་པོ་ཞིག་ཡིན། ཆོམ་སི་ཀེ་ཁོང་ནི་རང་བྱུང་ཚན་རིག་དང་བཟོ་ལས་ཚན་རིག་སློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པའི་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་ནས་ལས་འཁྱུར་ངལ་གསོ་བྱས་པ་ཞིག་ཡིན།

རིགས་དབྱེ།  

མཱ་ཏཱ་ཡོའུ།

མཱ་ཏཱ་ཡོའུ།(སྤྱི་ལོ1915.3.1ནས་སྤྱི་ལོ2012.7.17)ཀོང་ཏུང་ཧྲན་ཐོའུ་ཁྲའོ་དབྱང་གི་མི་ཡིན་ལ་པེ་ཅིན་དུ་སྐྱེས། རྒྱལ་སྤྱིའི་མིང་དུ་གྲགས་པའི་སྒྲ་རིག་པ་བ་དང་ཀྲུང་གོའི་སྐད་གྲགས་ཆེ་བའི་དངོས་ལུགས་རིག་པ་བ། སློབ་གསོ་པ་བཅས་ཡིན། ཀྲུང་གོའི་དེང་རབས་སྒྲ་རིག་པའི་གསར་གཏོད་པ་དང་རྨང་གཞི་འདིང་མཁན་གལ་ཆེན་ཞིག་ཡིན། སྒྲ་རིག་པའི་ཐད་འཛམ་གླིང་ཐོག་སྐད་གྲགས་ཁྱབ་ཡོད།། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)པེ་ཅིན་སློབ་ཆེན་གྱི་དངོས་ཁམས་ཚན་ཁག་ནས་སློབ་མཐར་ཕྱིན་ཏེ་ཤེས་རམས་པའི་མིང་བཏགས་ཐོབ་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོར)ཧ་ཧྥོ་སློབ་ཆེན་གྱི་རབ་འབྱམས་པ་བཏོན། མིན་གོ་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)ཧ་ཧྥོ་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པའི་མཚན་སྙན་ཐོབ། སྤྱི་ལོ1951ལོར་ཀྲུང་གོའི་དམངས་གཙོའི་མནའ་མཐུན་ཚོགས་པར་ཞུགས། སྤྱི་ལོ1955ལོར་ཀྲུང་གོའི་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན(ཡོན་ཧྲི)ལ་བདམས། སྤྱི་ལོ1979ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། མཱ་ཏ་ཡོའུ་ཡིས་སྐུ་ཚེ་ཧྲིལ་པོར་སྒྲ་རིག་པའི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་གཞོལ་ནས་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་གཉིས་ཐོབ་པ་སྟེ། སྒྲ་རིག་པའི་ཁྲོད་ཀྱི་སྟབས་བདེའི་རླབས་སྒྲའི་གཞུང་ལུགས་གསར་གཏོད་བྱས་པ་མ་ཟད། དེ་ཉེར་སྤྱོད་དུས་རིམ་དུ་འཕེལ་རྒྱས་བཏང་ནས་ཨར་སྐྲུན་སྒྲ་རིག་པ་དང་གློག་ཁབ་ལེན་གྱི་གཞུང་ལུགས་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཁུང་འབིགས་ཁུང་ལེབ་གཞུང་ལུགས་བཏོན་པར་མ་ཟད་འཛུགས་སྐྲུན་སྒྲ་རིག་པ་དང་འཛེར་སྒྲའི་ཚོད་འཛིན་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱས་ཏེ། རླུང་རྒྱུན་གྱི་འཛེར་སྒྲའི་ཞིབ་འཇུག་ཁྲོད་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

རིགས་དབྱེ།  

ཉན་ཤུལ་མཁྱེན་རབ་འོད་གསལ།

མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི(སྤྱི་ལོ1925ནས་སྤྱི་ལོ1997ལོའི་བར)མདོ་ཁམས་མི་ཉག་རབ་སྒང་གི་ཁོངས་གཏོགས་མགར་ཐར་སོག་ས་རག་ཤུལ(སོག་རག)ཞེས་པའི་འབྲོག་སྡེ་ཞིག་ཏུ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོར་སྤྱི་ལོ1925ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་སོན་སྐབས་ནས་ཡབ་དམ་པ་དང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་གཅེན་པོ་རྒྱལ་ཁམས་བླ་མ་དཀོན་མཆོག་རྣམ་རྒྱལ་གཉིས་ཀྱི་སྐུ་མདུན་ནས་བོད་ཡིག་གི་འབྲི་ཀློག་གཉིས་ལ་བྱང་ཆུབ་པ་བསླབས་པ་དང་། འདོན་རྟ་དབྱངས་དང་། བཅའ་རྡུང་འབུད་དཀྲོལ། གར་ཐིག་དབྱངས་རོལ་སོགས་ལ་སྦྱངས་པ་ལེགས་པར་མཛད་དེ་གཞུང་ཆེན་ཁག་ལ་སྦྱོང་གནང་བའི་རྨང་གཞི་བརྟན་པོ་ཚུགས། རྗེས་སུ་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭར་ཞུགས་ནས་མཁས་མཆོག་དུ་མར་སློབ་དཔོན་བསྟེན་ཅིང་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་མཁས་པའི་ཡང་རྩེར་སོན་ཞིང་སྙན་པའི་གྲགས་པ་གངས་ལྗོངས་འཛིན་མའི་རི་ལུང་ཀུན་ཏུ་ཁྱབ།

རིགས་དབྱེ།