ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >ཟློས་གར། >འཁྲབ་གཞུང་།

《ཀྲོའུ་ཨེན་ལའེ་ཧྲང་ཧའེ་རུ་བཞུགས་ཡོད》

《ཀྲོའུ་ཨེན་ལའེ་ཧྲང་ཧའེ་རུ་བཞུགས་ཡོད》ཅེས་པ་དེ་ཝང་ཙུན་ཞིས་འཁྲབ་འཁྲིད་དང་ལིའུ་ཅིན་དང་ཝང་ཡུན་གཉིས་ཀྱིས་གཙོ་ཁྲབ་བྱས་པ་རེད། སྤྱི་ལོ1927ལོར་ནན་ཁྲང་འོས་ལངས་བྱས་རྗེས་སྙུང་གཞི་ཕོག་ཡོད་པའི་ཀྲོའུ་ཨེན་ལའེ་ཧྲང་ཧའེ་རུ་ཕེབས་ནས་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ལས་ཀར་ཞུགས་པ་དང་། སྤྱི་ལོ1931ལོར་ཅང་ཞིའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་དུ་ཕྱིར་འཐེན་བྱས་པའི་བར་གྱི་གནས་ཚུལ་བརྗོད་པ་རེད།

རིགས་དབྱེ།  

《སྤྱང་རྒོད་དར་མ》

《སྤྱང་རྒོད་དར་མ》ཞེས་པ་ནི་ཀྲང་ཆན་ཝུན་གྱིས་འཁྲབ་ཁྲིད་དང་། ཐང་ཝུན་ལུང་དང་། ཡུས་ལིས་འཁྲབ་སྟོན་གཙོ་བོ་བྱས་པའི་ལེའུ20ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་རེད། ཆིང་རྒྱལ་རབས་དུས་མཇུག་ཏུ་དམག་ཤེད་ཅན་གྱིས་དམངས་ལ་ཟིང་ཆ་སློང་བ་དང་། ཧྲང་ཅ་པའོ་ཡི་གྲོང་མིས་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཆེད། རང་འཕེལ་རང་བཞིན་གྱིས་ཡུལ་སྲུང་ཐོན་རྩ་འཛུགས་བྱས་ཏེ་དགྲ་བོར་ཁ་གཏད་འཇལ་བའི་དཔའ་བོའི་མཛད་རྗེས་བརྗོད་ཡོད།

རིགས་དབྱེ།  

《ཟླ་བྲལ་མཛད་བཟང》

《ཟླ་བྲལ་མཛད་བཟང》ཞེས་པ་ནི་ལིའུ་ཞའོ་ཆིང་གིས་བུད་མེད་འཁྲབ་སྟོན་པ་གཙོ་བོའི་འགན་འཁུར་བའི་གཏམ་བརྗོད་ཟློས་གར་ཞིག་ཡིན། སྤྱི་ལོ2012ལོའི་ཟླ4པའི་ཚེས11ཉིན་པེ་ཅིང་དུ་འཁྲབ་སྟོན་ཐོག་མ་བྱས་རྗེས་གཏམ་བརྗོད་ཟློས་གར《ཟླ་བྲལ་མཛད་བཟང》རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་ལམ་བུར་བསྐྱོད་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཅུ་གྲངས་སུ་སྔ་རྗེས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་བརྒྱ་བྱས་ཡོད། སྤྱི་ལོ2019ལོའི་ཟླ10པའི་ཚེས20དང་ཚེས21ཉིན《ཟླ་བྲལ་མཛད་བཟང》ཞེས་པ་ཞི་ཉི་ཞིང་གྲུ་ཁའི་གྲོང་ཁྱེར་དུ་འཁྲབ་སྟོན་བྱས་པ་རེད།

རིགས་དབྱེ།  

《བྲག་དམར》

《བྲག་དམར》ནི་ཧྥུའུ་རེན་ཧུའེ་དང་དབྱང་རུའུ་ཁྲེང་། ཐང་ཡུའུ་ཁྲུན་བཅས་ཀྱིས་འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཟློས་གར་དེ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་སི་ཁྲོན་ཞིང་ཆེན་མི་དམངས་སྒྱུ་རྩལ་ཟློས་གར་ཁང་གིས་ཕབ་སྐྲུན་བྱས།

རིགས་དབྱེ།  

《དྲག་ཅིང་འཇིགས་སུ་རུང་བའི་རྦ་རླབས》

《དྲག་ཅིང་འཇིགས་སུ་རུང་བའི་རྦ་རླབས》ཞེས་པ་ནི་བརྒྱད་གཅིག་གློག་བརྙན་ཕབ་སྐྲུན་བཟོ་གྲྭས་བཏོན་པའི་བརྗོད་བྱ་གཙོ་བོའི་གློག་བརྙན་ཞིག་ཡིན་པ་དང་། ཀྲའེ་ཅུན་ཅེ་ཡིས་འཁྲབ་ཁྲིད་བྱས་པ་དང་ལིའུ་ཅན་ཝེ་ཡིས་འཁྲབ་གཞུང་བརྩམས་ཤིང་། ཝུའུ་ཀང་དང་ཉིང་ཅིང་། ལི་ཡིའུ་པིན། ཀྲའོ་ཡིའུ་ལིང་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་ལ། གློག་བརྙན་དེ་སྤྱི་ལོ2003ལོའི་ཟླ3པའི་ཚེས1ཉིན་ཀྲུང་གོའི་ནང་ལོགས་ནས་འགྲེམས་སྟོན་བྱས་ཡོད། གློག་བརྙན་དེའི་ཁྲོད་སྤྱི་ལོ1998ལོའི་འབྲུབ་འགོག་ཆེན་པོ་རྒྱབ་ལྗོངས་སུ་བྱས་ནས་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་ཆུ་སྐྱོན་ཚབས་ཆེན་དེའི་མདུན་དུ་རྒྱལ་ཡོངས་དམག་དམངས་ཀྱིས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྒྲིལ་ནས་དཔའ་ངར་ཆེན་པོས་ཆུ་འགོག་འཐབ་རྩོད་ལ་རྒྱལ་ཁ་བླངས་བའི་གཏམ་རྒྱུད་བསྐྱར་དུ་མངོན་པར་བྱས་ཡོད།

རིགས་དབྱེ།  

《སྐར་འོད་ཆེམ་ཆེམ》

དམར་དམག་གིས་དགྲ་བོའི་སྐོར་བཅོམ་ཐེངས་ལྔ་པར་ངོ་རྒོལ་བྱེད་པའི་སྐབས་སུ། ཅང་ཞི་ཞིང་ཆེན་རུའེ་ཅིན་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་ལེ་ཉིན་སློབ་ཆུང་ཡང་དམར་དམག་གི་གཙོ་ཤུགས་དམག་དཔུང་དང་མཉམ་དུ་གནས་སྤོ་བྱས། འོན་ཀྱང་ངོ་ལོག་པས་གཡོ་ཚོང་བྱས་པས་གོ་མིན་ཏང་གི་དམིགས་བསལ་རུ་ཁག་གིས་ལེ་ཉིན་སློབ་ཆུང་གི་དགེ་སློབ་ལ་འཇབ་རྒོལ་བྱས། ལམ་བར་དུ་དགྲ་དམག་གིས་ཁ་གཏོར་བའི་ཁྲེན་སི་སི་སོགས་བྱིས་པ་ལྔ་དམར་དམག་གི་ལས་བྱེད་པ་ཡོན་དམར་དམག་གི་རོགས་རམ་འོག་སྐོར་བཅོམ་ལས་ཐར། ལམ་བར་དུ་ཉེན་ཁ་མང་པོ་ཡོད་པས་ཏང་ཀྲུང་དབྱང་གིས་ཀྱང་མི་མངགས་ནས་ཕྲུ་གུ་ཚོ་བསུ་བར་ཡོང་བ་རེད། ཇག་དམག་གིས་བྱིས་པ་དག་གི་འགྲོ་འདུག་ཁ་ཕྱོགས་ཤེས་ནས་སྡེ་བའི་མཐའ་ནས་བསྐོར། ཉེན་ཁ་ཆེ་བའི་དུས་སུ་ལེ་ཉིན་སློབ་ཆུང་དུ་ཡོད་པའི་དགྲ་དམག་གི་དམག་དཔོན་གྱི་བྱིས་པ་ཏུའུ་ཡིས་དཔའ་ངར་ཆེར་བསྐྱེད་ཀྱིས་དགྲ་དམག་གི་སྐོར་རྒོལ་བཀག་འགོག་བྱས་ཏེ་ཕྲུ་གུ་ཚོ་བདེ་འཇགས་ངང་གནས་སྤོ་བྱེད་དུ་བཅུག་པ་དང་། རྗེས་སུ་དཀའ་ལས་མང་པོ་བརྒྱབ་ནས་བྱང་ཕྱོགས་སུ་སོང་ནས་ཡན་ཨན་ལ་འབྱོར།

རིགས་དབྱེ།  

སྒྲུབ་པ་ལེགས།

《སྒྲུབ་པ་ལེགས》ཞེས་པ་ནི་འཇར་འགོག་དམག་འཁྲུག་བརྗོད་བྱ་བྱས་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། སྤྱི་ལོ1941ལོའི་སྟོན་ཁར། ཧྭ་པེ་ས་ཁུལ་དུ་ལག་རྩལ་རྩེར་སོན་པའི་མི་སྣ་སྐོར་ཞིག་གདུག་རྩུབ་ཆེ་བའི་དམག་འཁྲུག་ཁྲོད་མཉམ་དུ་བསྐྱོད་དེ། རྫོང་མཁར་དུ་བཅའ་སྡོད་བྱེད་པའི་འཇར་པན་མཉམ་འབྲེལ་དམག་ལ་རྡུང་རྡེག་བཏང་ནས་སྙིང་འདར་དུ་བཅུག ཁོ་ཚོའི་བྱ་སྤྱོད་ཀྱིས་དམག་སྡེ་བརྒྱད་པའི་ཚད་ལྡན་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་དུས་ཚོད་ཐོབ་པ་མ་ཟད། འཇར་པན་མཉམ་འབྲེལ་དམག་གི་ཧ་ལས་དགོས་པའི་གསང་བ་རྡུལ་དུ་བརླགས་པའི་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་ཅིག་ཡིན།

རིགས་དབྱེ།  

ཐུང་པའེ་དཔའ་བོ།

《ཐུང་པའེ་དཔའ་བོ》ཞེས་པ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཧྲང་ཧའེ་གློག་བརྙན་ཚོགས་པ་ཚད་ཡོད་ཀུང་སི། ཀྲེ་ཅང་ཐེན་ཀོང་ཏི་གློག་བརྙན་བརྙན་འཕྲིན་བཟོ་སྐྲུན་ཚད་ཡོད་ཀུང་སི། ཧོན་རུའེ་དུས་རབས་གློག་བརྙན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི་ཀྲུང་གོའི་བཅིངས་འགྲོལ་དམག་འཁྲུག་གི་བརྗོད་བྱའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། དེ་ནི་བརྩམས་སྒྲུང་མིང་གཅིག་པའི《ཐུང་པའེ་དཔའ་བོ》ཞེས་པར་བསྒྱུར་ཡོད། སང་ཧྭ་དང་། ཀྲུའུ་ཏུང་ཉིན། པའེ་དབྱང་བཅས་ཀྱི་འཁྲབ་ཁྲིད་བྱས་པ་དང་། ཧུ་ཧྲེང་མིང་དང་། ཀྲུའུ་ཏོའུ་ཏོའུ། ཅིན་ཁྲེང་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད།

རིགས་དབྱེ།  

《ཐོགས་མེད་རལ་གྲི》

《ཐོགས་མེད་རལ་གྲི》ནི་པེ་ཅིང་མོང་ཀྲོའུ་རིག་གནས་བརྒྱུད་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མ་དངུལ་བཏང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་པ་དང་། ཆའོ་ཕུང་ཡུས་དང་། ཀྲང་རུའོ་ཡུན། ཀྲུའུ་ཅེ་སོགས་འཁྲབ་སྟོན་པས་མཉམ་དུ་འཁྲབ་སྟོན་བྱས། ཟློས་གར་དེས་ཨན་ཧུའེ་ལྷོ་རྒྱུད་ཀྱི་ཞིན་སི་ཅུན་གྱི་འཇར་འགོག་ལོ་རྒྱུས་དངོས་སུ་མངོན་པ་དང་དམར་དམག་གི“སྐོར་བཅོམ་ལ་ངོ་རྒོལ་བྱེད་པའི”ལོ་རྒྱུས་དོན་རྐྱེན་ལ་དམིགས་ནས་ཨན་ཧུའེ་ལྷོ་རྒྱུད་ཀྱི་ཞིན་སི་ཅུན་གྱི་འཇར་འགོག་དམག་འཁྲུག་གི་རྣམ་པ་བསྐྱར་དུ་མངོན་ཡོད་པ་རེད། སྤྱི་ལོ1928ལོར་གོ་གུང་གཉིས་ཀྱིས་ནང་འཁྲུག་རྒྱག་པའི་དུས་སྐབས་ཀྱི་ཧུའུ་ནན་ཡིའུ་རྫོང་དུ་འགོ་བཙུགས་པ་དང་། དམར་དམག་དམག་དཔོན་སློབ་གྲྭ་དང་སྐོར་བཅོམ་ཐེངས་བཞི་པ་ལ་ངོ་རྒོལ་བྱས་པ་བརྒྱུད། སྤྱི་ལོ1938ལོར་འཇར་དམག་དང་ཨན་ཧུའེ་ཡི་ཧྥན་ཁྲང་ནས་འཐབ་འཛིང་དྲག་པོ་བྱས།

རིགས་དབྱེ།  

《ཤེས་རབ་ཟླ་མེད》

《ཤེས་རབ་ཟླ་མེད》ཅེས་པ་ནི་ཀྲུང་གོ་མཉམ་འབྲེལ་རིག་གནས་སྨྱན་སྦྱོར་མ་འཇོག་ཚད་ཡོད་ཀུང་སི་དང་ཅིན་ཏིང་གློག་བརྙན་བརྙན་འཕྲིན་རིག་གནས་ཚད་ཡོད་ཀུང་སིས་ཐུན་མོང་གིས་ཕབ་སྐྲུན་དང་། ཅན་ཁྲོན་ཡུས་ཀྱིས་འཁྲབ་ཁྲིད་དང་། ཁྲེན་པའོ་གོ་དང་། ཏིང་ཀྲི་ཁྲེང་། ཐེན་ཀྲུང་ཆན་ཧྲུའུ། ཧོང་མན། ཞུས་ཁྲེང་ཧྥུང་སོགས་ཀྱི་གཙོ་འཁྲབ་བྱས་པ་རེད། ཟློས་གར་དེའི་ནང་ཀྲུང་གུང་གསང་བའི་ཏང་དང་འཇར་ཕན་བཙན་འཛུལ་པའི་དབར་གྱི་དགྲ་དང་རང་ཕྱོགས་བར་གྱི་འགྲན་བསྡུར་གྱི་གཏམ་རྒྱུད་བརྗོད་ཡོད། ཟློས་གར་དེ་སྤྱི་ལོ2011ལོའི་ཟླ7པའི་ཚེས4ཉིན་པེ་ཅིང་སྲུང་སྐར་བརྙན་འཕྲིན་དང་། ཤར་ཕྱོགས་སྲུང་སྐར་འཕྲིན་ལམ། སི་ཁྲོན་སྲུང་སྐར་འཕྲིན་ལམ། ལེའོ་ཉིང་སྲུང་སྐར་འཕྲིན་ལམ་བཅས་སུ་ཐོག་མར་བསྟན་པ་རེད།

རིགས་དབྱེ།  

《ནུབ་བྱང་རི་སྤྱང་གི་གཡུལ་འགྱེད》

ནུབ་བྱང་རི་སྤྱང་གི་གཡུལ་འགྱེད》ཅེས་པ་དེ་ཚའེ་ཧྲུའུ་ནན་གྱིས་འཁྲབ་ཁྲིད་དང་། ཀུའུ་ཀྲི་ཞིན་དང་། ལིའུ་ཁའེ་ཝུའེ། ཀྲུའུ་ཧུང་། ལིའུ་དབྱིང་ཏ་སོགས་ཀྱིས་འཁྲབ་སྟོན་བྱས་པ་རེད། གློག་བརྙན་དེའི་ནང་རང་རྒྱལ་གྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མ་ཐག་པའི་དུས་འགོར་གོ་མིན་ཏང་གི་ཅིན་སུའེ་དམག་དེ་པ་ལུའུ་ཅུན་གྱི་ལུའི་ཤོག་ཅིག་གི་རི་སྤྱང་རུ་ཁག་དང་འགལ་བ་རྒྱུན་ཆད་མེད་པས་ཧྲའན་ཞི་རང་སའི་གཡུལ་འགྱེད་ཆེན་པོ་ཁག་ལ་བརྟེན་ནས་སྤེལ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《ཡང་གྲོང་གི་སོ་ལྟ་བ》

《ཡང་གྲོང་གི་སོ་ལྟ་བ》ཞེས་པའི་བརྙན་འཕྲིན་ཟློས་གར་འདི་ནི་ཀྲའོ་ཅུན་ཁའེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཝང་ཞུའེ་པིང་དང་། ཀྲང་ཡུས་དབྱི། ཝང་ཆན། ཝང་ཆིང་ཞང་སོགས་ཀྱིས་འཁྲབ་སྟོན་བྱས།

རིགས་དབྱེ།  

《མེ་མདའ》

《མེ་མདའ》ནི་ཨན་ཧུའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སིས་མཉམ་འབྲེལ་གྱིས་བཏོན་པ་དང་། ཀྲའོ་ཆིང་གིས་འཁྲབ་ཁྲིད་དང་། མིའོ་ཕུའུ་དང་། ལུའོ་ཅིན། ཡུས་ཀྲེན་བཅས་ཀྱིས་གཙོ་འཁྲབ་བྱས་པའི་ཉེ་རབས་གསར་བརྗེའི་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་མེ་མདའ་འཕེན་མཁན“ཧེ་དབྱི”ཡིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འཇར་འགོག་དང་མི་ངན་གསོད་པའི་ལམ་བུར་བསྐྱོད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《རྣོ་གྲུ་རུ་ཁག》

《རྣོ་གྲུ་རུ་ཁག》ནི་ཧང་ཀྲོའུ་ཅ་དབྱི་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སིས་བཏོན་པའི་དམག་འཁྲུག་ཟློས་གར་ཞིག་ཡིན་པ་དང་། ཀུའུ་ཅིན་ཡུན་གྱིས་འཁྲབ་ཁྲིད་དང་། ཧྥན་ཡུའུ་ལིང་དང་། ཚུའེ་པོ། ལིའུ་ཞའོ་ཧྥུང་། ཧྲེན་ཞའོ་ཧའེ་སོགས་ཀྱིས་གཙོ་འཁྲབ་གནང་བ་རེད། ཟློས་གར་དེའི་ནང་བཅིངས་འགྲོལ་དམག་འཁྲུག་དུས་སྐབས་ཀྱི་རང་རེའི་ཧྭ་ཏུང་བྱེས་འཐབ་དམག་དཔུང་གི“རྣོ་གྲུ་རུ་ཁག”གི་ངོ་མཚར་ཆེ་བའི་དམག་འཐབ་ཀྱི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《ས་འོག་འབར་མདེལ་དམག་འཐབ》

《ས་འོག་འབར་མདེལ་དམག་འཐབ》ནི་ལྕགས་རི་རིང་པོའི་གློག་བརྙན་བརྙན་འཕྲིན་གྱིས་ཕབ་སྐྲུན་དང་། དབྱང་ཞའོ་པོ་དང་། སན་ཁྲོའུ། ལིའུ་ཅུན་ཞང་བཅས་ཀྱིས་འཁྲབ་ཁྲིད། ཉིང་ཅིང་དང་ཝང་ཞིན་ཅུན་གྱིས་སྣེ་ཁྲིད་དེ་འཁྲབ་སྟོན་བྱས་པའི་འཇར་འགོག་དམག་འཁྲུག་གི་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་འཇར་འགོག་དམག་འཁྲུག་དུས་སྐབས་སུ་ཡུལ་དམག་གི་རུ་དཔོན་ཀྲའོ་ཀྲེན་ཐེན་ལགས་འཇར་འགོག་དམག་འཁྲུག་གི་དཔའ་བོར་གྱུར་པའི་གཏམ་རྒྱུད་བརྗོད་ཡོད། ཟློས་གར་དེ་སྤྱི་ལོ2015ལོའི་ཟླ9པའི་ཚེས7ཉིན་ཧོ་ནན་གྲོང་ཁྱེར་གྱི་འཕྲིན་ལམ་ཐོག་ཐོག་མར་བསྟན་པ་རེད།

རིགས་དབྱེ།  

《དམར་དམག་ལ་སྐྱེལ་མ་ཐེངས་བཅུར་གནང》

《དམར་དམག་ལ་སྐྱེལ་མ་ཐེངས་བཅུར་གནང》ཞེས་པ་ནི་དམར་དམག་རྒྱང་སྐྱོད་བྱས་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་ཆེད་ཕབ་སྐྲུན་བྱས་པའི་ཟློས་གར་ཞིག་ཡིན། པེ་ཅིང་ཞའོ་མཱ་པིན་ཐིང་ཀུང་སིས་ཕབ་སྐྲུན་དང་། མའོ་ཝུའེ་ཉིང་གིས་འཁྲབ་ཁྲིད། ཐུང་ཏ་ཝེ་དང་། ལིའུ་ཝེ། ཝང་ལེ། ཝང་ཆན། ཀྲང་ཧའོ་ཐེན་བཅས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་རེད།

རིགས་དབྱེ།  

《ཡའོ་ཧྲན་ཇག་འདུལ་ཆེན་པོ》

《ཡའོ་ཧྲན་ཇག་འདུལ་ཆེན་པོ》ཞེས་པ་ནི་ཇག་འདུལ་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། ཀྲང་གོ་ཆིང་གིས་འཁྲབ་ཁྲིད་དང་། ཝུན་ཀྲིང་རོན་དང་། ཝང་ཅ། ཏིང་ཧའེ་ཧྥུང་། མཱ་ཧྲི་ཧུང་སོགས་ཀྱིས་གཙོ་འཁྲབ་གནང་། ཟློས་གར་དེའི་ནང་དུ་བཅིངས་འགྲོལ་བྱས་པའི་དུས་འགོར་ཏ་ཡའོ་རི་བོར་གནས་པའི་ཇག་པ་རྩ་མེད་དུ་གཏོང་ཆེད། བཅིངས་འགྲོལ་དམག་གིས་ཧྥེ་ཧུའུ་ཡན་ལག་རུ་ཁག་ཆུང་ཆུང་ཞིག་མངགས་ནས་དགྲ་བོ་དང་འཐབ་རྩོད་བྱས་ཏེ་མཇུག་མཐར་ལས་འགན་ལེགས་འགྲུབ་བྱུང་བའི་བར་ཀྱི་གཏམ་རྒྱུད་ཅིག་བརྗོད་ཡོད།

རིགས་དབྱེ།  

《མཇུག་མཐའི་དམག་འཐབ》

《མཇུག་མཐའི་དམག་འཐབ》དེ་ཆིང་ཧྲི་བརྙན་འཕྲིན་སྨྱན་སྦྱོར་དང་ཅིན་ཀྲོན་སྨྱན་སྦྱོར་སོགས་ཀྱིས་མཉམ་དུ་ཕབ་སྐྲུན་དང་། ལིན་ཧྥུང་དང་ཝང་ཧྥེ་ཡིས་འཁྲབ་ཁྲིད། ཀའོ་ཡུན་ཞང་དང་ཆིའུ་ཚི་ཞོན་གྱིས་གཙོ་འཁྲབ་བྱས་པའི་འཇར་འགོག་དམག་འཁྲུག་གི་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་ཧུའུ་ནན་ནུབ་རྒྱུད་ས་ཁུལ་གྱི་ཀྲུང་གོའི་དམག་དཔུང་དང་དམངས་ཚོགས་ཀྱིས་མཉམ་དུ་འཇར་ཕན་བཙན་འཛུལ་དམག་ལ་འགོག་རྒོལ་བྱས་པའི་གཏམ་རྒྱུད་བརྗོད་ཡོད། ཟློས་གར་དེ་སྤྱི་ལོ2015ལོའི་ཟླ10པའི་ཚེས16ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཚན་བརྒྱད་པའི་ཐོག་བསྟན་པ་རེད།

རིགས་དབྱེ།  

《ནམ་ཡང་ཡལ་བ་མེད་པའི་གློག་རླབས》

《ནམ་ཡང་ཡལ་བ་མེད་པའི་གློག་རླབས》ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བརྒྱད་གཅིག་གློག་བརྙན་བཟོ་གྲྭས་ཕབ་སྐྲུན་དང་ཝང་ཕིང་གིས་འཁྲབ་ཁྲིད་བྱས་པའི་ཟློས་གར་གློག་བརྙན་ཞིག་ཡིན། གློག་བརྙན་དེའི་ནང་སྔོན་གཤེགས་དཔའ་བོ་ལི་པའེ་ཡི་བྱས་རྗེས་མ་དཔེར་བྱས་ནས་ཀྲུང་གུང་ཏང་ཡོན་ལི་ཞ་དགྲས་བཟུང་ས་ཁུལ་དུ་ཡིབ་ནས་གསར་བརྗེའི་བྱ་གཞག་ལ་ཚེ་སྲོག་འབུལ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《ལྐོག་གསོད》

ཟློས་གར་འདིའི་ནང་ལི་ཧོ་ནན་ནི་དམག་དཔུང་ནང་ཁུལ་དུ་ཡིབ་ནས་བསྡད་ཡོད་པའི་གུང་ཁྲན་ཏང་ཡིན་པ་དང་། ཐང་ཏུང་དང་དགྲ་ཟླ་ཡིན། ཐང་ཏུང་གིས་ལི་ཧོ་ནན་གྱིས་སྲུང་སྐྱོབ་བྱེད་པའི་མི་དེ་གསོད་ཆེད་ཁོ་དང་འཐབ་འཛིང་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

རིགས་དབྱེ།  

ངག་བསྡམས་དབང་ཆ།

ངག་བསྡམས་དབང་ཆ་ཞེས་པ་ནི་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་དང་ཞུ་སྦྱོར་ཕྱི་མ་བས་ཉེན་རྟོག་པའི་འདྲི་རྩད་དང་ལེན་བྱེད་པའམ་ཡང་ན་ཁྲིམས་རར་འདྲི་གཅོད་དང་ལེན་བྱེད་སྐབས་ཁ་རོག་གེར་བསྡད་ནས་ལན་མི་འདེབས་པའི་དབང་ཆ་ཡོད་པ་ལ་ཟེར། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཉེས་དོན་གཏུག་བཤེར་ཁྲོད་མང་ཆེ་བས་དོགས་ཡོད་ཉེས་ཅན་དང་ཞུ་སྦྱོར་ཕྱི་མ་བར་ངག་བསྡམས་དབང་ཆ་སྤྲད་པ་མ་ཟད། ཉེས་དོན་གཏུག་བཤེར་བྱེད་མཁན་གྱིས་རང་སྲུང་བྱེད་པར་སྤྱོད་པའི་གཏུག་བཤེར་དབང་ཆ་གལ་ཆེ་ཤོས་ཤིག་ཏུ་བརྩི་གིན་ཡོད།

རིགས་དབྱེ།  

ཐའེ་ལི་ཧྭ།

《ཐའེ་ལི་ཧྭ》ནི་ཏཱ་ལེན་ཐེན་ཀུ་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཀུའོ་ཅིང་ཡུའུ་ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་བརྩམས། ཁྲེན་ཧྲུའུ་དང་། ཝེ་ཙི། ཀྲང་ཧྲའོ་ཧྭ། དབྱང་ཀྲི་ཀང་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། ཟློས་གར་དེའི་ནང་ཅིན་ཧྲན་འབྲེལ་མཚམས་ཀྱི་བང་སོ་རྐུ་མཁན་ཚང་གི་བུ་མོའི་ལོ་ཟླའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་བརྗོད་ཡོད།

རིགས་དབྱེ།  

ཉིའེ་རོང་ཀྲེན།

《ཉིའེ་རོང་ཀྲེན》ནི་ཀྲོའུ་ཡོའུ་ཁྲའོ་ཡིས་འཁྲབ་ཁྲིད་བྱས་པའི་ལོ་རྒྱུས་ཀྱི་ཟློས་གར་ཞིག་ཡིན་པ་དང་། ལིན་ཡུང་ཅན་དང་། ཆི་ཧོན། ཝང་དབྱིན་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། ཟློས་གར་དེའི་ནང་དམག་སྤྱི་ཉིའེ་རོང་ཀྲེན་གྱི་སྐུ་ཚེ་ཧྲིལ་པོར་ཧྥ་རན་སིར་སློབ་སྦྱོང་དང་། ས་ཞིང་གསར་བརྗེ། འཇར་འགོག་དམག་འཁྲུག གོ་གུང་ནང་འཁྲུག རྒྱལ་ཁབ་བཙུགས་པ་བཅས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྗོད་ཡོད།

རིགས་དབྱེ།  

གཡུལ་སར་ཞུགས་པའི་ཡབ་སྲས།

《གཡུལ་སར་ཞུགས་པའི་ཡབ་སྲས》ཞེས་པ་ནི་ཧྭ་ཆིང་གིས་འཁྲབ་ཁྲིད་བྱས་པ་དང་། ཧྥན་ཝུའེ་དང་། ཀྲང་ཐུང་། དབྱི་ཧྲན། ཡན་ཞུའེ་ཅིན་བཅས་ཀྱིས་གཙོ་འཁྲབ་བྱས་པའི་འཇར་འགོག་དམག་འཁྲུག་གི་བརྗོད་བྱའི་བརྙན་འཕྲིན་ཟློས་གར་ཞིག་ཡིན།

རིགས་དབྱེ།  

ཁྲིམས་ར་འཚོག་མཚམས་འཇོག་པ།

ཁྲིམས་ར་འཚོག་མཚམས་འཇོག་པ་ནི་ཁྲིམས་རའི་འདྲི་གཅོད་གོ་རིམ་གནས་སྐབས་མཚམས་འཇོག་པ་ཡིན་ལ། ཁྲིམས་རའི་འདྲི་གཅོད་མི་སྣས་ངལ་གསོ་དང་མཉམ་གྲོས་བྱེད་པའམ་ཡང་ན་གནས་ཚུལ་གཞན་པ་བྱུང་སྐབས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཞིག་ཡིན།

རིགས་དབྱེ།  

འོད་ཀྱི་གྲིབ་མ།

《འོད་ཀྱི་གྲིབ་མ》ནི་ཀྲོའུ་ཅུན་ཧྥེང་གིས་འཁྲབ་ཁྲིད་བྱས་པ་དང་། ཁང་ཅེ་དང་། ཝུའུ་ཐིང་། ཀྲང་རུའོ་ཡུན། ཧུ་ཀྲེང་ཅུན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་འཇར་འགོག་དམག་འཁྲུག་གི་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་འཇར་འགོག་དམག་འཁྲུག་ལངས་པ་དེ་དུས་ཚོད་ཀྱི་འཁོར་རྟེན་དུ་བྱས་ནས་ཕུགས་བསམ་ལྡན་པའི་གཞོན་ནུ་ཁག་གཅིག་གིས་མདུན་ཕྱོགས་ཀྱི་གཡུལ་ས་དང་དགྲས་བཟུང་ས་ཁུལ་གྱི་དམིགས་བསལ་འཐབ་ཕྱོགས་ཐོག་དགྲ་བོ་དང་སྲོག་བསྡོས་འཐབ་འཛིང་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《གནམ་འོག་གི་སྤུན་ཟླ》

《གནམ་འོག་གི་སྤུན་ཟླ》ཞེས་པ་ནི་ཅང་ཞི་བརྙན་འཕྲིན་ཁང་བརྙན་འཕྲིན་ཟློས་གར་བཟོ་སྐྲུན་ལྟེ་གནས་ཀྱིས་ཕབ་སྐྲུན་བྱས་པ་དང་། ཧོང་ལི་ཅཱ་ཡིས་འཁྲབ་ཁྲིད་དང་ཧྲི་ཀྲུང་ཧྲན་གྱིས་འཁྲབ་གཞུང་བརྩམས་ཤིང་། ཉེ་ཡོན་དང་ཝུའུ་ཅན། ཏུང་ཡུང་། ཝང་ལི་ཁུ་བཅས་ཀྱིས་སྣེ་ཁྲིད་དེ་འཁྲབ་སྟོན་བྱས་པའི་བརྩེ་དུང་གི་ཟློས་གར་ཞིག་ཡིན་ལ། ཟློས་གར་དེའི་ནང་མཚེ་མ་སྤུན་གཉིས་སྐྱེས་མ་ཐག་སོ་སོར་ཁ་བཀར་ནས་གཅིག་གྲོང་གསེབ་ཏུ་འཚར་ལོངས་བྱུང་བ་དང་། ཅིག་ཤོས་མཐོ་རིམ་དམག་དཔོན་གྱི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་ཞིང་། ནར་སོན་རྗེས་ཁོ་གཉིས་སྟེས་དབང་གིས་ཕྲད་ནས་ཕན་ཚན་དགྲ་ཟླར་གྱུར་བ་མ་ཟད། ཐ་ན་ཁོ་གཉིས་དགའ་སའི་བུ་མོ་ཡང་མི་གཅིག་ཡིན་མོད། ཡིན་ནའང་གནད་འགག་གི་སྐབས་སུ་ཁོ་གཉིས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ནས་ཕ་རོལ་པོ་བསྐྱབས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

《ཁྱིམ་ཚང་གཅིག་ན་དམག་སྤྱི་གསུམ》

《ཁྱིམ་ཚང་གཅིག་ན་དམག་སྤྱི་གསུམ》ཞེས་པ་ནི་ཏུང་དབྱང་ཅིའུ་ཐེན་གློག་བརྙན་འཕྲིན་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་ཕབ་སྐྲུན་བྱས་པ་དང་སུན་པོ་ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་སྒྲིག་པའི་འགན་གཅིག་ལྕོགས་སུ་ཁུར་ཞིང་། ཡུའུ་ཞའོ་ཀོང་དང་དབྱང་ཧྲོའོ། ཀྲང་ཧུ། ཝུའུ་ཏའེ་ཉིང་སོགས་ཀྱིས་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ལ། ཟློས་གར་དེ་རུ་འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་དབྱང་ཚང་གི་བུ་སྤུན་གསུམ་གྱིས་གཡོ་འགུལ་ཆེ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཁྱིམ་ཚང་གཅིག་ཏུ་དམག་སྤྱི་གསུམ་འཛོམས་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད་པ་དང་། ཟློས་གར་དེ་སྤྱི་ལོ2012ལོའི་ཟླ7པའི་ཚེས28ཉིན་ཐོག་མར་བསྟན་པ་རེད།

རིགས་དབྱེ།  

《དྲང་བདེན་སྐྱོང་མཁན་ལ་འགྲན་ཟླ་མེད》

《དྲང་བདེན་སྐྱོང་མཁན་ལ་འགྲན་ཟླ་མེད》ཅེས་པ་ནི་ཀྲུང་གོའི་མཉམ་འབྲེལ་རིག་གནས་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིས་ཕབ་སྐྲུན་བྱས་པ་དང་། ཀྲང་ཀུའོ་ཆིང་གིས་འཁྲབ་ཁྲིད་དང་ཁྲེན་པའོ་ཀུའོ་དང་ཁྲེན་ཧྲུའུ། ཀྲང་མེང་། དབྱང་མེང་། ཡའོ་ཀང་། ཞིའུ་ཙུང་ཏི། སྨི་ཞུའེ་ཏུང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ལ། ཟློས་གར་དེ་རུ་ཧྥེང་ཐེན་ཁུའེ་ཡིས་དམག་འཐབ་ཀྱི་འོད་སྟོང་ལྡན་པའི་མི་ཚེའི་ཞིབ་བརྗོད་བྱས་ཡོད་ཅིང་། ཟློས་གར་དེ་སྤྱི་ལོ2012ལོའི་ཟླ9བའི་ཚེས3ཉིན་པེ་ཅིང་བརྙན་འཕྲིན་ཁང་དང་ཐེན་ཅིན་བརྙན་འཕྲིན་ཁང་། ཤར་ཕྱོགས་བརྙན་འཕྲིན་ཁང་། ཀྲེ་ཅང་བརྙན་འཕྲིན་ཁང་བཅས་ནས་ཕྱིར་གཏོང་བྱས།

རིགས་དབྱེ།  

གཡང་གཟར།

《གཡང་གཟར》ཞེས་པ་ནི་ཀྲང་ཅཱ་དབྱི་དང་སུང་ཅཱ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་མྱུལ་འཐབ་ཟློས་གར་ཆེན་པོ་ཞིག་ཡིན་ཞིང་། སྤྱི་ལོ2012ལོའི་ལོ་གསར་ལ་ཤར་ཕྱོགས་བརྙན་འཕྲིན་ཁང་དང་། ཐེན་ཅིན་བརྙན་འཕྲིན་ཁང་། ཧེ་ལུང་ཅང་བརྙན་འཕྲིན་ཁང་སོགས་ཀྱིས་ཐོག་མར་བསྟན། ཟློས་གར་དེ་ཆོན་ཡུང་ཞན་གྱིས་སྔོན་གྱི་གསར་རྩོམ་གཏམ་རྒྱུད་ལ་གཞིགས་ནས་བཅོས་སྒྲིག་བྱས་པ་དང་། གཏམ་རྒྱུད་དེ་སྤྱི་ལོ1938ལོའི་ཀྲུང་གོའི་བྱང་ཤར་དུ་བྱུང་བ་ཡིན།

རིགས་དབྱེ།