ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >འབག་བཟོ། >འཇིམ་བརྙན།

འདྲ་འབག

འདྲ་འབག་ནི་བརྐོ་བ་དང་ལུག་པ་དང་སྦྱོར་བ་ལ་སོགས་ཐབས་ཀྱིས་བཞེངས་པའི་གདོས་བཅས་ཀྱི་སྐུ་བརྙན་ལ་ཟེར། འདྲ་འབག་ལ་སྤྱིར་བཏང་རིལ་འབག་དང་ཕྱེད་འབག་རིགས་གཉིས་ཡོད། རིལ་འབག་ནི་སྐུ་འདྲའི་ངོས་གཞི་ཧྲིལ་པོ་བཞེངས་པའི་འདྲ་འབག་ཡིན་པ་དང་། ཕྱེད་འབག་ནི་གཞི་མའི་སྟེང་དུ་ངོས་གཞི་ཕྱེད་ཙམ་བཞེངས་བའི་འདྲ་འབག་ཡིན། འདྲ་འབག་སྒྱུ་རྩལ་ལ་ཡུལ་བཅས་ཀྱི་སྒྱུ་རྩལ་དང་། མཐོང་བཅས་ཀྱི་སྒྱུ་རྩལ་ལམ་རེག་བཅས་ཀྱི་སྒྱུ་རྩལ་ཡང་ཟེར།

རིགས་དབྱེ།  

ཀེ་རེ་སིའི་འབག་བཟོ།

ནུབ་ཕྱོགས་ཀྱི་རི་མོའི་སྲོལ་རྒྱུན་ཁྲོད་ཀེ་རེ་སིའི་འབག་བཟོ་ཡིས་གོ་གནས་གལ་ཆེན་ཟིན་ཡོད། ཀེ་རེ་སིའི་ལྷ་སྒྲུང་ནི་ཀེ་རེ་སིའི་འབག་བཟོ་ཡི་ཡོང་ཁུངས་ཡིན་ལ། འབག་བཟོའི་མི་སྣ་སོགས་གཙོ་བོ་ལྷ་སྒྲུང་ལས་ཐོན་པའི་མི་སྣ་ཡིན། དེ་ལས་ཀེ་རེ་སིའི་མི་དམངས་ཀྱིས་རང་བྱུང་ཁམས་དང་སྤྱི་ཚོགས་ལ་བཅངས་པའི་མཛེས་སྡུག་ལྡན་པའི་ཡིད་སྨོན་མཚོན་ཡོད།

རིགས་དབྱེ།  

སཱཙྪ།

སཱཙྪ་ནི་ལེགས་སྦྱར་སྐད་ཡིན་ལ་ཟུར་ཆག་ནས་ཚ་ཚ་ཞེས་གྲགས། བོད་སྐད་དུ་བསྒྱུར་ན་དམ་པའི་གཟུགས་བརྙན་ནམ། མཆོད་བརྙན་གྱི་དོན་ཡིན། འདི་ཐོག་མར་ལག་ལེན་ནི་མཆོད་རྟེན་ཆུང་ངུ་བཞེངས་པའི་ཆེད་དུ་ཡིན་ལ། འཇིམ་པ་ལ་པར་འདེབས་ཀྱི་ཐབས་ལ་བརྟེན་ཡོད། པར་ལ་ཡང་མཆོད་རྟེན་གཅིག་ཅན། མཆོད་རྟེན་ལྔ་ཅན་སོགས་ལྷ་དང་མཆོད་རྟེན་སོགས་ཀྱི་གཟུགས་བརྙན་ཆུང་བའི་བརྐོས་ཕོར་ནང་ས་སོགས་བླུགས་ཏེ་བཟོས་པ་ཞིག་གི་མིང་ཡིན།

རིགས་དབྱེ།  

ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན།

མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་ལ་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་པ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག་སྟེ། དུང་དཀར་ཚིག་མཛོད་ལས། སྤྱི་ལོའི་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གཙུག་ཁང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཟེར་བ་འདི་བལ་བོའི་ལྷ་བཟོ་མཁས་ཅན་ཁྲོ་བོ་ཞེས་པས་བཞེངས་པར་གྲགས་སོ། །

རིགས་དབྱེ།  

པཎ་ཆེན་རྫ་སྐུ།

པན་ཆེན་རྫ་སྐུ་ཞེས་པ་ནི། ཚོགས་པ་བཞིའི(གྲ་ནང་ཚོང་འདུས་ཚོགས་པ། གྲ་ནང་རྒྱ་གླིང་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་ཆོས་ལུང་ཚོགས་པ)ནང་བརྟེན་དུ་གྲགས་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་འདྲ་རྫ་སྐུ་ལས་གྲུབ་པ་ཞིག་ཡིན་ལ། རྩེ་ཕོ་བྲང་དང་གྲྭ་ནང་རྒྱལ་གླིང་ཚོགས་པར་ད་ལྟའང་པཎ་ཆེན་རྫ་སྐུ་དེ་དངོས་སུ་མཛལ་རྒྱུ་ཡོད། བཤད་སྲོལ་ལ་སྐུ་འདྲ་རེ་རེའི་བཞུགས་ཁྲིའི་མདུན་ངོས་སུ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སྣེ་ཁ་མི་འདྲ་བ་རེ་བཀོད་ཡོད་པར་གསུངས་སོ། །

རིགས་དབྱེ།  

བཀྲ་ཤིས་དོ་ཁ་མ།

བཀྲ་ཤིས་དོ་ཁ་མ་ནི་རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་ཡིན་ལ། མཚན་གཞན་ལ་བཀྲ་ཤིས་དུ་ཁ་ཞེས་ཞུ། དེ་ཡང་ཙོང་ཁ་པ་ཆེན་པོ་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་འོན་བཀྲ་ཤིས་རྡོ་མཁར་དུ་གདན་དྲངས་ནས་ཆོས་མང་དུ་གསུངས་པའི་དུས་དེར། དེའི་དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བདུན་བཞེངས་པ་ལ་རྗེ་རང་ཉིད་ཀྱིས་རབ་གནས་མཛད་པས་འདྲ་སྐུ་བཞེངས་པའི་གནས་ཀྱི་མིང་དེ་སྐུ་བརྙན་ལ་ཐོགས་པ་ཡིན་པར་བཤད་དོ། །

རིགས་དབྱེ།  

གུ་རུའི་སྐུ་ཚབ་རྟེན་ལྔ།

གུ་རུའི་སྐུ་ཚབ་རྟེན་ལྔ་ཅེས་པ་ནི་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན།

རིགས་དབྱེ།