དེང་རབས་ཞབས་བྲོ།

དེང་རབས་ཞབས་བྲོ་ནི་དུས་རབས་ཉི་ཤུ་བར་ནུབ་ཕྱོགས་ནས་དར་བའི་གནའ་བོའི་པ་ལིའི་ལྡོག་ཕྱོགས་ཀྱི་ཞབས་བྲོའི་རིགས་ཤིག་ཡིན། དེའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ནི་གནའ་གཞུང་པ་ལིའི་རྙིང་ཞེན་མཁྲེགས་འཛིན། དངོས་ཡོད་འཚོ་བ་དང་བྲལ་བ། དག་གཙང་གི་འཁྲབ་རྩལ་རྣམ་པ་ཅན་དུ་ཕྱོགས་པར་ངོ་རྒོལ་བྱེད་པ། གནའ་བོའི་པ་ལི་ཞབས་བྲོ་འཁྲབ་པའི་འགུལ་སྟངས་ཚད་ལས་བརྒལ་བའི་རེངས་འགྱུར་གྱི་འཆིང་རྒྱ་ལས་གྲོལ་དགོས་པའི་ལྟ་བ་བཏོན་ཡོད།

རིགས་དབྱེ།  

རྒྱལ་སྤྱིའི་ཚད་ལྡན་མཛའ་འབྲེལ་ཞབས་བྲོ།

རྒྱལ་སྤྱིའི་ཚད་ལྡན་མཛའ་འབྲེལ་ཞབས་བྲོ་ནི་ལུས་རྩལ་བྱ་འགུལ་ཁྲོད་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཕོ་མོ་ཟུང་ཆ་རུ་བསྡེབས་ནས་གོམ་པའི་འདེགས་འཇོག་གི་སྟངས་སྟབས་གཙོ་བོར་བཟུང་ནས་འཁྲབ་པའི་ལུས་རྩལ་འགྲན་སྡུར་ཞིག་ཡིན།

རིགས་དབྱེ།  

ཞབས་བྲོ་རིག་པ།

ཞབས་བྲོ་རིག་པ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན། གཙོ་བོ་ཞབས་བྲོའི་གཞུང་ལུགས་དང་། ཞབས་བྲོའི་ལོ་རྒྱུས། ཞབས་བྲོའི་གཟིགས་དཔྱད་སོགས་ཐད་ཀྱི་གཞི་རྩའི་ཤེས་བྱ་ཞིབ་འཇུག་དང་། ཞབས་བྲོ་སྣ་ཚོགས་ཀྱི་ལག་རྩལ་སྦྱོང་བརྡར་དང་ལེན་བྱེད་པ། སྒྱུ་རྩལ་སློབ་གླིང་དང་། སྒྱུ་རྩལ་ཚོགས་པ། རིག་གནས་ཕོ་བྲང་། ན་གཞོན་ཕོ་བྲང་སོགས་སྡེ་ཚན་དུ་ཞབས་བྲོ་སློབ་ཁྲིད་དང་མཛུབ་ཁྲིད་བྱེད་པ་སོགས་ཡིན། ཆེད་ལས་འདིའི་སློབ་ཡུན་ནི་ལོ་བཞི་ཡིན།

རིགས་དབྱེ།