ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རོལ་དབྱངས། >རོལ་ཆས།

གླིང་བུ།

གླིང་བུ་ལ་དག་ཡིག་གསར་བསྒྲིགས་ལས། སྦུ་གུའི་རྣམ་པ་ཅན་སྟེང་ན་བུ་ག་དྲུག་ཡོད་པའི་འབུད་རྒྱུའི་རོལ་མོ་ཞིག་གི་མིང་སྟེ། དེ་སྨྱུག་མས་བཟོས་པ་མང་ཤོས་ཡིན། ཞེས་གསུངས།

རིགས་དབྱེ།  

གན་ཆག

གན་ཆག་ཅེས་པ་ནི་བོད་ཀྱི་གླུ་གར་རྩེད་མོའི་སྐབས་རམས་འདེགས་རོལ་ཆར་བཀོལ་བའི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

གཎྜི།

གཎྜི་ནི་བརྡུང་བྱའི་རོལ་མོའི་ཁོངས་སུ་གཏོགས་པ་ཞིག་སྟེ། སྤྱིར་མི་རིགས་གཞན་ལའང་དར་སོ་ཆེ་ཞིང་། རྒྱ་ནག་གི་ལུགས་ལྟར་ན་ཉ་ཁོག་ཅེས་བརྗོད་ཅིང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

ཡང་ཆིན།

ཡང་ཆིན་ནི་རྒྱུད་རྡུང་རོལ་མོའི་རྣམ་གྲངས་ཤིག་སྟེ། «ཀྲུང་གོའི་རོལ་མོའི་ཚིག་མཛོད» ཅེས་པའི་རྒྱ་ཡིག་གི་དཔར་མའི་ཤོག་ངོས450ནང་དེའི་མིང་གི་རྣམ་གྲངས་ལ་དྷ་ཆིན(打琴)ཞེས་ཟེར། དེའི་སྔོན་གྱི་གཟུགས་ནི་པར་སིག་དང་ཨ་རབ་རྒྱུད་དུ་དར་སོ་ཆེ་བའི་གནའ་རབས་རྒྱུད་རྡུང་རོལ་མོ་ཡིན་སྐད་ཅེས་བྱུང་འདུག

རིགས་དབྱེ།  

རེ་མ།

རེ་མ་ཞེས་པ་ནི་འཐེན་དཀྲོལ་རོལ་མོའི་རྣམ་གྲངས་ཤིག་སྟེ། དེ་ནམ་བྱུང་གི་ལོ་རྒྱུས་ཞིབ་པར་མི་གསལ་ཡང་འབྲེལ་ཡོད་རོལ་མོར་ཉམས་ཞིབ་གནང་མཁན་ཚོས་ཉིང་ཁྲི་ས་ཁུལ་རྨེ་རུ་ཤང་གི་ཨ་ཕོ་བློ་བརྟན་ལ་བཅར་འདྲི་ཞུས་འབྲས་སུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

དྲིལ་ལེབ།

དྲིལ་ལེབ་ནི་ཀྲུང་གོའི་གནའ་རབས་རོལ་ཆས་གཙོ་ཤོས་ཤིག་ཡིན། དྲིལ་བུའི་རིགས་ཤིག་རེད། དེ་ནི་ཀྲོའུ་ནུབ་མའི་སྐབས་སུ་དར་བ་ཡིན་ལ། ཁྲུན་ཆིའུ་ཀྲན་གོའི་སྐབས་ནས་ཆིན་རྒྱལ་རབས་བར་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད། ལོ་རབས་མི་འདྲ་བའི་དབང་གིས་དྲིལ་ལེབ་ཀྱི་བཟོ་དབྱིབས་ཀྱང་རྣམ་པ་སྣ་ཚོགས་ཡིན། ཡིན་ཡང་། དྲིལ་ལེབ་ཀྱི་སྟེང་ན་རི་མོ་སྤུལ་ལེགས་ཅན་དག་བྲིས་ཡོད་པ་རེད།

རིགས་དབྱེ།  

རྔ།

དེ་ཡང་རྔ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆོས་འཇིག་རྟེན་གྱི་སྒྱུ་རྩལ་ཐད་གལ་ཆེའི་གནས་བབ་བཟུང་ཡོད་པའི་རོལ་ཆ་ཞིག་ཡིན་ལ། ཆོས་ལུགས་ཀྱི་གར་འཆམ་དང་། དམངས་ཁྲོད་ཀྱི་བྲོ་ཤོན་སོགས་ནི་རྔ་དང་འབྲེལ་བ་དམ་ཟབ་མཆིས་པས། དམངས་ཁྲོད་ངག་རྒྱུན་དུ་ཡང་རྔ་རོལ་ལ་བསྟེན་ནས་འཆམ་ཞེས་ཤོད་རྒྱུན་ཆགས་ཡོད།

རིགས་དབྱེ།  

ཤུ།

སྤྱིར་ཤུ་ཞེས་པ་ནི་སོ་རྐན་གཉིས་ཀྱི་བར་ནས་བྱུང་བའི་ཚིག་མེ་བརྡ་གཏོང་གི་སྒྲ་ལ་ཟེར་ཞིང་། དེའི་མིང་གི་རྣམ་གྲངས་ལ་སིའམ་བཤུག་པ་ཞེས་སོགས་ཀྱང་བྱུང་བར་མ་ཟད། ཤུ་གླུ་ལ་བཤུག་གླུའམ་སི་གླུ་ཞེས་ཀྱང་བརྗོད་སྲོལ་ཡོད།

རིགས་དབྱེ།  

སིལ་སྙན།

སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་སྟེ། བོད་ཀྱི་ཆོས་ལུགས་སོགས་ཀྱི་ཆོ་ག་སྤེལ་དུས་བཀོལ་བའི་རོལ་མོའི་བྱེ་བྲག་མེད་དུ་མི་རུང་བ་ཞིག་ཡིན།

རིགས་དབྱེ།  

གློག་རྡུལ་རོལ་ཆ།

གློག་རྡུལ་རོལ་ཆ་ནི་དུས་རབས20པའི་ལོ་རབས50པར་བྱུང་ཞིང་དར་བའི་རོལ་མོ་གསར་པ་ཞིག་ཡིན་པ་དང་། གློག་གི་ཐབས་ཀྱིས་སྐད་སྒྲ་འདོན་པ་དང་སྤུད་པའི་ཐོག་ནས་བཟོས་པའི་རོལ་ཆ་སྤྱི་ལ་ཟེར།

རིགས་དབྱེ།  

པི་ཝང་།

པི་ཝང་ནི་རྒྱུད་ཅན་གྱི་རོལ་མོའི་རིགས་ཤིག་གི་མིང་། རྒྱ་སྐད་དུ་ཕིས་ཕ་ཟེར། ཡུལ་སྐད་དུ་ཧར་ཟེར་ཞིང་། རྒྱ་གར་སྐད་དུ། འེར་ཧུ་ཟེར་བའི་རོལ་མོ་རྒྱུད་ཅན་ལའང་པི་ཝང་ཟེར་བ་ཡོད་པར་གསུངས་ལ་སྔགས་ཆས་རྣམ་བཤད་ལས། བདུན་པ་པི་ཝང་ནི། ད་ལྟ་ཡུལ་གྲུ་ཀུན་ན་དར་སོ་ཆེ་བ་གླུ་བ་གླུ་མ་ཕལ་བ་དག་གིས་ཀྱང་སྦྲེང་བཞིན་པ་དེའོ། །

རིགས་དབྱེ།  

འཁར་རྔ།

འཁར་རྔ་ནི་རྒྱུ་འཁར་བ་དང་ལི་ལས་བརྡུངས་པའི་ཕྱེད་རྔ་ཟླུམ་པོ་ཁ་ར་ཅན་ཞིག་སྟེ། ཚད་ལ་ངེས་པ་ཆེན་པོ་མེད་པར་ཆེ་ཆུང་སྣ་ཚོགས་པའོ། །

རིགས་དབྱེ།  

བོད་ཀྱི་སྒྲ་སྙན།

སྒྲ་སྙན་ནི་སྤྱིར་རྒྱུ་ཤིང་ལས་གྲུབ་པ་དང་། དེ་ཡང་ཀ་པེད་ཕྱེད་བཤགས་བཏང་བ་ལྟ་བུའི་རྫིང་དང་། ཕྲ་ཞིང་རིང་བའི་མདའ། གུག་གུག་སྒོར་ཕྱེད་གཟུགས་ཀྱི་རྟ་མགོ་སོགས་ཀྱིས་གྲུབ་པ་དང་། དེ་མིན་ད་དུང་རྒྱུད་སྐུད་དང་། སྒ གཅུས་ཕུར། སེན་ལྡེ། འཐེན་ཐག་སོགས་ཀྱིས་གྲུབ་ཡོད།

རིགས་དབྱེ།  

གྷན་དྷེ།

གྷན་དྷེ་ནི་མདོ་སྔགས་གཉིས་ཀར་སྤྱོད་པའི་རོལ་མོ་ཞིག་ཡིན་ཞིང་། དེའི་རྒྱུ་ནི་ཙན་དན་དང་བིལ་བ། པ་ལཱ་ཤ་དང་ཙན་དན་དམར་པོ་ལྟ་བུ་དང་། འོ་སེ་ལ་སོགས་དང་། ཚད་དབྱིབས་སྲིད་དུ་སོར་བརྒྱད་བཅུ་རྩ་བཞི། ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས། ཟུར་གཞིར་བརྒྱད་གཞོགས་སོར་གཉིས་གཉིས་དང་ལྡན་པ། རྩེ་མོ་གཉིས་སྦལ་བའི་མགོ་འདྲ་བ་སོགས་འདུལ་བ་ལས་གསལ།

རིགས་དབྱེ།  

ཐུན་དུང་།

དེ་ནི་གཙོ་བོ་ཁམས་ཕྱོགས་སུ་གྲྭ་སའི་ཐུན་ཚད་ལ་རྐང་གླིང་ངམ་ཤིང་དང་རྭ་སོགས་ལས་བཟོས་པའི་རོལ་ཆ་ཐུན་དུང་ཞེས་པ་ཞིག་གཏོང་རྒྱུ་ཡོད་པ་དེ་ཡིན།

རིགས་དབྱེ།  

མི་རིགས་རོལ་ཆའི་རུ་ཁག

མི་རིགས་རོལ་ཆའི་རུ་ཁག་ལ“མི་རིགས་འབུད་དཀྲོལ་རོལ་ཆའི་རུ་ཁག”ཀྱང་ཟེར།“ དེ་ནི་མི་བཅུ་ཕྲག་ཁ་ཤས་ནས་བརྒྱ་ལྷག་ཙམ་ལས་གྲུབ་ཡོད།

རིགས་དབྱེ།