ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རོལ་དབྱངས། >གཞན་དག

དམག་དཔུང་རོལ་མོ་ཚོགས་པ།

དམག་དཔུང་རོལ་མོ་ཚོགས་པ་ནི་དུས་རབས18པའི་སྨད་ལ་བྱུང་དང་། གཙོ་བོར་རག་སྦུག་རོལ་ཆས་དང་། ཤིང་སྦུག་རོལ་ཆས། རྡུང་དཀྲོལ་རོལ་ཆས་བཅས་ཀྱིས་གྲུབ་པའི་དམག་དཔུང་གི་རོལ་མོ་ཚོགས་པ་ལ་ཟེར།

རིགས་དབྱེ།  

མཉམ་དཀྲོལ་རོལ་དབྱངས་ཚོགས་པ།

སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། ཡོ་རོབ་དང་འཛམ་གླིང་ཡོངས་སུ་དར་ཁྱབ་བྱུང་། མཉམ་དཀྲོལ་རོལ་དབྱངས་ཚོགས་པ་ནི་སྤྱིར་བཏང་རོལ་ཆས་ཚོ་ཁག4ཡིས་གྲུབ་ཡོད་པ་ནི་རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག རག་སྦུག་རོལ་ཆས་ཚོ་ཁག རྡུང་དཀྲོལ་རོལ་ཆས་ཚོ་ཁག་བཅས་ཡིན།

རིགས་དབྱེ།  

རོལ་མོ་བཀོད་འདོམས་པ།

རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར། བཀོད་སྒྲིག་འཁྲབ་སྦྱོང་དང་འཁྲབ་སྟོན་ལ་བཀོད་འདོམས་བྱས་ཏེ་རྩོམ་པ་པོའི་དགོངས་དོན་མཚོན་པར་བྱེད་པ་རེད།

རིགས་དབྱེ།  

སྦུར་པ་རོལ་མོ་ཚོགས་པ།

དུས་རབས20པའི་ལོ་རབས60པར། དབྱིན་ཇིའི་ལེ་ཝེར་ཕུལ་གྲོང་ཁྱེར་གྱི་གཞོན་ནུ་བཞི་ཡིས་གྲུབ་པའི་རོལ་མོའི་སྟེགས་བུའི་སྟེང་དུ་ཚ་རླབས་ཤིག་སྤྲོས་ནས་འཛམ་གླིང་ཡོངས་ལ་དར་ཁྱབ་བྱུང་བ་རེད། རོལ་མོ་ཚོགས་པ་དེའི་ཁོངས་མི་ཚོ་ནུབ་ཕྱོགས་ཀྱི་གཞོན་ནུ་ཚོའི་དད་རྟེན་ཆགས་པས་མི་ཚད་དར་མ་དང་བགྲེས་སོང་ཁག་ཅིག་གི་སེམས་པ་ཡང་བཀུག་ཡོད་པ་རེད་ལ། ཐ་ན་དབྱིན་ཇིའི་རྒྱལ་མོས་ཁོང་ཚོ་ལ་སྐུ་དྲག་གི་ཐོབ་ཐང་བསྩལ་བ་རེད།

རིགས་དབྱེ།  

སྦུབ་སིལ་དཀྲིལ་ཚུལ་བདུན།

《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་སྦུབ་སིལ་དཀྲིལ་ཚུལ་བདུན་བསྟན་ཡོད།

རིགས་དབྱེ།  

རོལ་དབྱངས་རིག་པ།

རོལ་དབྱངས་རིག་པ་ནི་རོལ་དབྱངས་ལ་ཞིབ་འཇུག་བྱེད་པའི་གཞུང་ལུགས་རིག་ཚན་ཡོངས་ཀྱི་སྤྱི་མིང་ཡིན་ལ། རོལ་དབྱངས་རིག་པའི་སྤྱིའི་ལས་འགན་ནི་རོལ་དབྱངས་དང་འབྲེལ་བ་ཡོད་པའི་སྣང་ཚུལ་སྣ་ཚོགས་བརྒྱུད་ནས་དེ་དག་གི་ངོ་བོ་དང་ཆོས་ཉིད་གསལ་བཤད་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

གཞས་གདངས་རྩོམ་པ་དང་གཞས་གདངས་རྩོམ་པའི་ལག་རྩལ་གཞུང་ལུགས།

གཞས་གདངས་རྩོམ་པ་དང་གཞས་གདངས་རྩོམ་པའི་ལག་རྩལ་གཞུང་ལུགས་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

རོལ་དབྱངས་འཁྲབ་སྟོན་རིག་པ།

རོལ་དབྱངས་འཁྲབ་སྟོན་རིག་པ་ནི་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་ལས་གྲུབ་པའི་སྒྱུ་རྩལ་རང་བཞིན་གྱི་ཆེད་ལས་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ཁྲུང་གླུ།

ཁྲུང་གླུ་ནི་ཕལ་ཆེ་བ་བུད་མེད་ཀྱིས་གཏོང་ལེན་བྱེད་ཀྱི་ཡོད་ཅིང་། རྟེན་འབྲེལ་སྐབས་སུ་ཆེད་དུ་བཀོད་པའི་ཆང་གཞས་ཞེས་པ་དེ་ཡིན།

རིགས་དབྱེ།  

གླུ་དབྱངས་ཟློས་གར།

གླུ་དབྱངས་ཟློས་གར་ནི་རོལ་མོ་དང་ཟློས་གར། ཞབས་བྲོ་དང་གར་སྟེགས་རི་མོ་ལ་སོགས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཡིན།

རིགས་དབྱེ།  

དམངས་ཁྲོད་རོལ་དབྱངས།

དམངས་ཁྲོད་རོལ་དབྱངས་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གི་སྤྱི་ཚོགས་འཚོ་བའི་ལག་ལེན་ཁྲོད་དུ་གསར་གཏོད་བྱས་པ་ཞིག་ཡིན་ལ། དེ་དག་གི་ཁྱབ་ཁོངས་གཞི་རྒྱ་ཆེ་བ་དང་རྣམ་གྲངས་ཧ་ཅང་མང་པོ་ཡོད།

རིགས་དབྱེ།  

ཆོས་ལུགས་རོལ་དབྱངས།

ཆོས་ལུགས་རོལ་དབྱངས་ཞེས་པ་ནི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་སོ་སོ་དང་འབྲེལ་ཡོད་ཀྱི་རོལ་དབྱངས་རྣམས་ལ་བརྗོད་པ་ཡིན་ཞིང་། དེ་དག་གཙོ་བོ་ནི་གདོད་མའི་དུས་རབས་ནས་དར་བའི་བོན་དང་འབྲེལ་ཡོད་ཀྱི་རོལ་དབྱངས་ཁག་དང་། བསྟན་པ་སྔ་དར་གྱི་དུས་སུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་རོལ་དབྱངས་དང་བསྟན་པ་ཕྱི་དར་གྱི་དུས་སུ་དར་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་འབྲེལ་ཡོད་ཀྱི་རོལ་དབྱངས་ཁག་རྣམས་ཡིན།

རིགས་དབྱེ།  

རྟེན་འབྲེལ་གྱི་གླུ།

རྟེན་འབྲེལ་གླུ་ཞེས་པ་ནི་བཀྲ་ཤིས་པའི་བྱ་བར་རྟེན་འབྲེལ་གྱི་མཚན་རྟགས་བཟང་པོ་ཡོང་ཆེད་དུ་གཏོང་ལེན་བྱས་པའི་གླུ་གཞས་ཤིག་ཡིན་ལ། དེ་ཡང་གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་པའི་རྟེན་འབྲེལ་དང་། དགོན་པར་བླ་མ་དགེ་འདུན་འཛོམས་པའི་རྟེན་འབྲེལ། སྐུ་མཁར་དུ་རྒྱལ་བློན་རྣམས་འཛོམས་པའི་རྟེན་འབྲེལ། ཁང་ཁྱིམ་དུ་ཕ་མ་སྤུན་མཆེད་འཛོམས་པའི་རྟེན་འབྲེལ། གླུ་གར་འཁྲབ་སར་གཞོན་ནུ་ཕོ་མོ་འཛོམས་པའི་རྟེན་འབྲེལ་བཅས་དགའ་དགའ་སྐྱིད་སྐྱིད་ངང་བླངས་བའི་གླུ་ཞིག་ཡིན།

རིགས་དབྱེ།  

གཞུང་གླུ།

གཞུང་གླུ་ནི་ལ་དྭགས་རྒྱལ་རབས་བྱུང་རྗེས། རྒྱལ་བོའི་ཕོ་བྲང་ནང་དུ་རྒྱལ་བློན་ལྷན་རྒྱས་བཞུགས་གྲལ་བསྒྲིགས་ནས་ཕན་ཚུན་བསྟོད་གླུ་ལེན་སྲོལ་ཡོད་པ་དེ་ཡིན་ལ། སྲོལ་དེ་རྗེས་སུ་དམངས་ཁྲོད་དུ་དར་ནས་བག་སྟོན་རྟེན་འབྲེལ་སྐབས་ཕོ་མོ་ལྷན་རྒྱས་འཛོམས་སར་ཡང་ལེན་གྱི་ཡོད་པ་ཡིན།

རིགས་དབྱེ།  

རྟ་ཐུང་།

རྟ་ཐུང་ཞེས་པ་ནི་གཞས་ཆེན་དང་འདྲ་ཡང་འཁྲབ་ཡུལ་དང་འཁྲབ་ཆས་སོགས་ཅུང་མི་འདྲ་བ་ཞིག་ཡོད། དེའང་རྟ་ཐུང་གཏོང་སྐབས་ཡུལ་འགའ་ཞིག་ཏུ་འཁྲབ་མཁན་གྱི་སྨད་ལ་སྨད་གཡོག་ནག་པོ་གྱོན་པ་དང་། ལག་གཡོན་མའི་པང་གདན་ལྷེབ་མར་འཁྱེར་བའང་ཡོད།

རིགས་དབྱེ།  

ཁྲུང་གླུ།

ཁྲུང་གླུ་ནི་ཕལ་ཆེ་བ་བུད་མེད་ཀྱིས་གཏོང་ལེན་བྱེད་ཀྱི་ཡོད་ཅིང་། རྟེན་འབྲེལ་སྐབས་སུ་ཆེད་དུ་བཀོད་པའི་ཆང་གཞས་ཞེས་པ་དེ་ཡིན།

རིགས་དབྱེ།  

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ

《ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ》ནི་གནའ་བོའི་ཀེ་རི་སེའི་གླུ་གཞས་ཤིག་ཡིན་ཞིང་། ཀེ་རི་སེའི་མི་སཱ་མ་ལཱ(Spirou Samara)ཡིས་དབྱངས་བརྩམས་པ་དང་ཕཱ་ལ་མ་སི(Kostis Palamas)ཡིས་ཚིག་བརྩམས་པ་ཡིན་མོད། འོན་ཀྱང་སྐབས་དེར་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གླུར་ད་དུང་གཏན་འཁེལ་བྱས་མེད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་སྟེགས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས།

《སྤྱི་ལོ2022ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་སྟེགས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས》ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁང་གི་སྒྲིག་བཟོ་བྱས་ནས་བསྟན་པའི་དགོང་ཚོགས་ཡིན། དགོང་ཚོགས་ཀྱིས་ཐུན་མོང་མ་ཡིན་པའི་རིག་རྩལ་སྤུས་དག་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ། གྲོང་གསེབ་དར་རྒྱས། སྣོད་བཅུད་ཤེས་དཔལ། དགུན་དུས་ཨོ་རྩལ་འགྲན་ཚོགས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་སོགས་བརྗོད་བྱ་གཙོ་བོ་གལ་ཆེན་མཚོན་པར་བྱས་ཡོད།

རིགས་དབྱེ།  

མི་རིགས་རོལ་དབྱངས་ཕྱོགས་ཁག

མི་རིགས་རོལ་དབྱངས་ཕྱོགས་ཁག་ཅེས་པ་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཡོ་རོབ་གླིང་གི་རོལ་དབྱངས་ལས་རིགས་སུ་དར་བ་དང་། འབྱོར་ལྡན་གྲལ་རིམ་གྱི་མི་རིགས་རིང་ལུགས་ཀྱི་རིག་གནས་ལས་འགུལ་དང་འབྲེལ་བ་དམ་པོ་ཡོད་པའི་རོལ་མོ་བ་ཁག་གཅིག་ལ་ཟེར།

རིགས་དབྱེ།  

མི་རིགས་མཐུན་སྒྲིལ་ལ་བསྟོད་པ།

《མི་རིགས་མཐུན་སྒྲིལ་ལ་བསྟོད་པ》 ཞེས་པ་ནི་ཀའོ་ཧྲོའུ་ཞིན་དང་ཝང་ཞའོ་ཞྭ་ཡིས་གཞས་ཚིག་བརྩམས་པ་དང་། དབྱང་དབྱི་ཏན་དང་ཡུའུ་ལི་ཁྲུན་གྱིས་དབྱངས་བརྩམས། གླུ་གཞས་དེ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་རབ་ཏུ་འཁོལ་བ་ཞིག་ཡིན་པས་རང་རྒྱལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད་པས། དེ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མཐུན་སྒྲིལ་དང་། འབད་བརྩོན། ཀྲུང་ཧྭ་དར་རྒྱས་བཅས་ལ་བསྔགས་བརྗོད་བྱེད་པའི་བརྗིད་ཉམས་ལྡན་པའི་བསྟོད་གླུ་ཞིག་རེད། གླུ་གཞས་ལ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་གཞས་ལག་ཁྱེར་གཅིག་སྡུད་དཔྱད་འདེམས་བྱེད་རིང་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

རིགས་དབྱེ།  

པེ་ཅིང་ཀྲུང་ཧྲན་སྤྱི་གླིང་རོལ་དབྱངས་ཁང་།

པེ་ཅིང་ཀྲུང་ཧྲན་སྤྱི་གླིང་རོལ་དབྱངས་ཁང་དེ་འཛམ་གླིང་ཐོག་ཆེས་ཆ་ཚང་ཤོས་ཀྱི་གནའ་བོའི་ཕོ་བྲང་སྟེ་གོང་མའི་ཕོ་བྲང་གི་འཛུགས་སྐྲུན་ཚོགས་པའི་ཁྲོད་དུ་གནས་ཡོད་པ་དང་། གསོན་ཤུག་དང་བསིལ་ཁང་གི་གནའ་བོའི་བར་ཁྱམས་ཀྱི་གོང་མ་ཚང་གི་སྐྱེད་ཚལ་དུ་གནས་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3720ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ11800ཟིན་ཡོད།

རིགས་དབྱེ།  

གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད།

《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་ནི་སྤྱི་ལོ1943ལོར་ཚའོ་ཧུའོ་ཞིང་གིས་པེ་ཕིང(པེ་ཅིང)ཧྥང་ཧྲན་ཆུས་ཞྭ་ཡུན་ལིང་ཞང་ཐང་ཧྲང་གྲོང་ཚོར་གསར་རྩོམ་བྱས་པའི་གླུ་གཞས་ཤིག་ཡིན་པ་དང་། རི་འགོག་དམག་འཁྲུག་དུས་སྐབས་སུ་གྲོང་ཚོ་དེ་ཕིང་ནུབ་ཀྱི་གནས་གཞིའི་ས་ཁུལ་གྱི་མདུན་ཕྱོགས་ས་ཁུལ་ཡིན། སྤྱི་ལོ2015ལོའི་ཟླ8པའི་ཚེས26ཉིན། གླུ་གཞས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས“ང་ཆེས་དགའ་བའི་རི་འགོག་དམག་འཁྲུག་གི་གླུ་གཞས་ཆེན་པོ་བཅུ”རུ་བཅུག སྤྱི་ལོ2019ལོའི་ཟླ6པར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་གླུ་གཞས100”ནང་བཅུག

རིགས་དབྱེ།  

རོལ་མོའི་བརྩམས་ཆོས།

དེ་ནི་པར་དབང་གི་སྲུང་སྐྱོབ་ཐོབ་པའི་སྒྲ་སྐྱེད་སྣ་ཚོགས་ཡོད་པའི་སྡེབ་སྒྲིག(རོལ་དབྱངས)དང་། ཡིག་རིགས(སྙན་ཚིག་གམ་གླུ་ཚིག)ཡོད་པའམ་ཡང་ན་སྒྲིག་སྦྱོར་བྱས་མེད་པ། རོལ་ཆས་དང་མིའི་སྐད་སྒྲའི་ཐོག་ནས་སྒྱུ་རྩལ་གྱི་བརྩམས་ཆོས་འཁྲབ་སྟོན་བྱེད་པར་ཟེར།

རིགས་དབྱེ།