ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། > ལས་ཁུངས།

ཁྲལ་དོན་ཅུའུ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་གཉེར་ཁྲལ་ལེན་བྱ་བའི་ཐད་གཏོགས་ལས་ཁུངས་ཤིག་ཡིན། ཁྲལ་ལེན་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། ཁྲལ་ལེན་ཁྲལ་བསྡུ་དོ་དམ་ལམ་ལུགས་བཅོས་བསྒྱུར་རྩ་འཛུགས་ལག་བསྟར་དང་། ནང་འདྲེན་ཕྱིར་གཏོང་གི་ཚོང་ཟོག་གི་ཁྲལ་ལེན་དང་ཕྱིར་གཏོང་ཁྲལ་སློག་གི་བྱེད་སྒོ་བསྒྲུབ་པ་སོགས་ཀྱི་ལས་སྒོ་ཞིག་ཡིན།

རིགས་དབྱེ།  

ཁྲིམས་ཁང་།

ཁྲིམས་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་སྤྱི་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཡིན། གཙོ་བོ་འདྲི་གཅོད་བྱེད་སྒོ་བརྒྱུད་ནས་ཉེས་ཆད་གཅོད་པ་དང་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱས་ནས་དྲང་བཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་པ་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ་ནི་སྤྱི་ལོ1978ལོར་གསར་འཛུགས་བྱས་པ་དང་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ཤིང་། འབྲེལ་ཡོད་སྤྱི་ཚོགས་ཀྱི་སྲིད་འཛིན་ལས་རིགས་འོས་འགན་གཙོ་བོ་ཡིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཅིག་ཡིན། དམངས་སྲིད་ཀྱི་བྱ་བ་ནི་མི་དམངས་ཀྱི་འཚོ་བ་འགན་སྲུང་དང་བཅོས་བསྒྱུར་བྱས་ནས་སྤྱི་ཚོགས་དོ་དམ་ཤུགས་སྣོན་དང་གསར་གཏོད་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་ཞབས་ཞུ་སྒྲུབ་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཇགས་ལ་སྐུལ་འདེད་བྱེད་པ་ཡིན།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ།

ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནི་ཀྲུང་གུང་ཀྲུང་དབྱང་གིས་འདུ་ཤེས་རྣམ་པའི་སྐོར་གྱི་བྱ་བའི་ཕྱོགས་བསྡུས་འགན་འཁྲི་གཙོ་གཉེར་བྱེད་པའི་ལས་ཁུངས་ཤིག་ཡིན། ལས་ཁུངས་འདི་རིག་གནས་གསར་བརྗེའི་སྐབས་སུ་མེད་པར་བཟོས་པ་དང་། སྤྱི་ལོ1976ལོའི་ཟླ་བཅུ་བར་ཀྲུང་དབྱང་གིས་ཐག་གཅོད་བྱས་ནས་སླར་ཡང་སླར་གསོ་བྱས་པ་ཡིན།

རིགས་དབྱེ།  

བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ།

བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ནི་སྲིད་གཞུང་གིས་ཚོང་རའི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་བྱ་བ་གཙོ་བོ་གཉེར་བའི་སྡེ་ཁག་ཅིག་ཡིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》གཞིར་བཟུང་ནས་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་གསར་འཛུགས་བྱས་པ་དང་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན།

རིགས་དབྱེ།  

མི་དོན་ཅུའུ།

མི་དོན་ཅུའུ་ནི་སྲིད་གཞུང་གི་འགན་ནུས་སྡེ་ཁག་ཅིག་ཡིན་ཞིང་། དེའི་མངའ་འོག་ཏུ་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་གོ་གནས་བཅོས་བསྒྱུར་གཞུང་ལས་ཁང་། མི་དོན་བཀོད་སྒྲིག་མ་རྐང་འཛིན་ཤོག ཤེས་ལྡན་མི་སྣ་བརྗེ་རེས་ལྟེ་གནས། མི་ཤུགས་ཐོན་ཁུངས་སོགས་ཡོད།

རིགས་དབྱེ།  

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་རིག་གནས་ལས་དོན་ལས་ཁུངས་ཡིན་ཞིང་། དེ་ནི་ཀྲོའུ་ཨེན་ལའེ་ཙུང་ལི་ཡིས་ཆོག་མཆན་གནང་ནས་གསར་འཛུགས་བྱས་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་སྡེ་ཁག་གཅིག་པུ་ཡིན། དེས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད། མི་རིགས་རིག་གནས་དར་སྤེལ་དང་དར་རྒྱས་སུ་གཏོང་བ། མི་རིགས་སྐད་ཡིག་གི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་སོགས་ཀྱི་ཕྱོགས་ལ་བྱས་རྗེས་ཆེན་པོ་འཇོག་པ་ཡིན།

རིགས་དབྱེ།  

ཞིབ་དཔྱོད་ཁང་།

ཞིབ་དཔྱོད་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་ཡོངས་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཤིག་ཡིན་ཞིང་། མི་དམངས་ཞིབ་དཔྱོད་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་སྡེ་ཁག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་། དམག་དོན་ཞིབ་དཔྱོད་ཁང་སོགས་ཆེད་མངགས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གསར་འཛུགས་བྱས་ཡོད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོབ་བྱེད་ཆེད་ཞིབ་དཔྱོད་སྡེ་ཁག་ངེས་པར་དུ་འབྲེལ་བ་དམ་པོར་ཡིན་པ་དང་གཅིག་གྱུར་རང་བཞིན་ཡིན་དགོས།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་། དེས་འགྲིམ་འགྲུལ་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ཚུལ་འགན་ལ་ཁུར་ནས་སྟབས་བདེ་དང་ཤར་མར་འགྲོ་ཐུབ་པ། བདེ་འཇགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེལ་འདྲེན་མ་ལག་གྲུབ་པར་བྱེད་པ་ཡིན།

རིགས་དབྱེ།  

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཚུལ་སྡེ་ཁག་ཅིག་ཡིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པའི་འགན་ཁུར་ཡོད་པ་དང་མི་རིགས་གཞུང་ལུགས་ཞིབ་འཇུག་དང་མི་རིགས་བྱ་བ་དང་མི་རིགས་སློབ་གསོ་སྤེལ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱེད་པར་ལྟ་སྐུལ་དང་ལག་བསྟར་བྱེད་པ། གྲངས་ཉུང་མི་རིགས་ཁེ་ཕན་སྲུང་སྐྱོང་གི་བྱ་བཞག་ཐམས་ཅད་ལ་ལྟ་སྐུལ་བྱེད་པ་ཡིན།

རིགས་དབྱེ།  

ལས་ཁུངས་ཀྱི་ཏང་ཨུ།

ལས་ཁུངས་ཀྱི་ཏང་ཨུ་ནི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཁྲོད་གསར་འཛུགས་བྱས་པའི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ཡིན། ལས་ཁུངས་ཀྱི་ཏང་ཨུ་ཡིས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་དང་ཡང་ན་ཏང་གི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བྱ་བ་བསྒྲུབ་པ་དང་དུས་མཚུངས་སུ་རང་སྡེ་ཁག་གི་ཏང་ཙུའུ་ཡི་མཛུབ་སྟོན་དང་ལེན་བྱེད་དགོས།

རིགས་དབྱེ།  

ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་།

ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཡི་མིང་ཆ་ཚང་ནི་ཀྲུང་གུང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཏང་གི་ཀྲུང་དབྱང་མངགས་གཏོང་ལས་ཁུངས་ཤིག་ཡིན་ལ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བར་འགོ་ཁྲིད་མཛད་པ་ཡིན། ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ་ནི་ཀྲུང་དབྱང་གིས་བསྐོ་བཞག་བྱེད་པ་ཡིན།

རིགས་དབྱེ།  

ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་།

ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་ནི་རྒྱལ་ཡོངས་ཀྱི་ས་ཡོམ་བྱ་བར་དོ་དམ་བྱེད་པའི་ལས་དོན་ལས་ཁུངས་ཤིག་ཡིན། ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་ནི་སྤྱི་ལོ1971ལོར་གསར་འཛུགས་བྱས་པ་དང་དེ་སྔ་མིང་ལ་རྒྱལ་ཁབ་ས་ཡོམ་བརྟག་དཔྱད་ཁང་ཟེར་བ་དང་། སྤྱི་ལོ1998ལོ་ནས་བཟུང་མིང་དེ་ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་ཞེས་པ་རུ་བསྒྱུར། མིག་སྔའི་ས་ཡོམ་བརྟག་དཔྱད་ཁང་ཡི་ལས་ཐོག་ཅུའུ་ཀྲང་ནི་ཁྲིན་ཅན་མིན་ཡིན།

རིགས་དབྱེ།  

བཅིངས་འགྲོལ་རྗེས་ཀྱི་རྔ་བའི་སྤྱི་བདེ།

སྤྱི་ལོ1953ལོ་དང1956ལོར། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་སྲིད་གཞུང་སྤྱི་བདེ་ཁྲུའུ་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཁྲུའུ་ཞེས་མིང་དུ་བསྒྱུར་པ་དང་། སྤྱི་ལོ1974ལོའི་ཟླ9བར། སྤྱི་བདེ་ཅུས་ཞེས་བསྒྱུར་བ་རེད།

རིགས་དབྱེ།  

རྔ་བ་ཁུལ་བཅིངས་འགྲོལ་རྗེས་ཀྱི་ཞིབ་དཔྱོད།

སྤྱི་ལོ1952ལོའི་ཟླ1པོར། ཁྲོན་ཞི(川西)མི་དམངས་ཞིབ་དཔྱོད་གཞུང་ལས་ཁང་མའོ་རྫོང་ཡན་ལག་ཁང་བཙུགས་ཤིང་། ལོ་དེའི་ལོ་མཇུག་ཏུ་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་གཞུང་ལས་ཁང་ཞེས་མིང་བསྒྱུར། སྤྱི་ལོ1954ལོར། མའོ་རྫོང་ནས་ལྷ་རྒྱལ་གླིང་དུ་གནས་སྤོས་ཏེ། མིང་ཡང་ཞིབ་དཔྱོད་ཁང་ཞེས་བསྒྱུར། སྤྱི་ལོ1955ལོར། རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་ཞེས་མིང་བསྒྱུར། སྤྱི་ལོ1958ལོར་ལྷ་རྒྱལ་གླིང་ནས་འབར་ཁམས་སུ་གནས་སྤོས་པ་དང་། ཁུལ་ནང་གི་རྫོང་སོ་སོར་མི་དམངས་ཞིང་དཔྱོད་ཁང་བཙུགས།

རིགས་དབྱེ།  

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན། དེའི་རྒྱུན་གནས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དམིགས་བསལ་སྲིད་འཛིན་ཁུལ། དམག་དཔུང་བཅས་ཀྱིས་བདམས་པའི་འཐུས་མི་ལས་གྲུབ། གྲངས་ཉུང་མི་རིགས་སོ་སོ་ཚང་མར་འཐུས་མིའི་ཁ་གྲངས་འོས་འཚམ་རེ་ཡོད་དགོས། (《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལས་དྲངས) རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འགན་དབང་སྤྱོད་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ལོ་རེར་ཐེངས་རེ་འཚོག་པ་དང་། དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུ་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་སྙམ་པའམ། ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་ལྔ་ཆ་གཅིག་ཡན་གྱིས་གྲོས་མགོ་བཏོན་ཚེ། སྐབས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་བསྡུས་ཆོག

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི(བསྡུས་ན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟེར)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ་ཡིན་ལ། རྒྱལ་ཁབ་སྒྲིག་གཞིའི་ཡ་གྱལ་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བརྒྱུད་ནས་ཐོན་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ལ“རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང”ཞེས་ཟེར་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་སྟེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་འཛུགས་ལས་ཁུངས་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཀྲུང་དབྱང་དམག་ཨུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། བསྡུས་མིང་ལ་ཀྲུང་དབྱང་དམག་ཨུའམ་རྒྱལ་ཁབ་དམག་ཨུ་ཟེར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གཏན་འབེབས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དམག་དོན་ཇུས་འདོན་དང་མཛུབ་སྟོན་ལས་ཁུངས་ཤིག་ཡིན།

རིགས་དབྱེ།  

ཆེས་མཐོའི་མི་དམངས་ཁྲིམས་ཁང་།

ཆེས་མཐོའི་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ10པའི་ཚེས22ཉིན་བཙུགས་པ་དང་། གཞུང་ལས་ཐོག་ཁང་དེ་ད་ལྟ་པེ་ཅིན་གྲོང་ཁྱེར་མཁར་ཤར་ཁུལ་གྱི་འགྲིམ་འགྲུལ་སྲང་ལམ་ཨང27པར་གནས་ཡོད།

རིགས་དབྱེ།  

རྒྱལ་ཁབ་ལས་ཁུངས།

རྒྱལ་ཁབ་ལས་ཁུངས་ནི་རྒྱལ་ཁབ་ཀྱིས་རང་གི་འགན་ནུས་མངོན་འགྱུར་བྱེད་ཆེད་བཙུགས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མ་ལག་ཆ་ཚང་ཞིག་གི་སྤྱི་མིང་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་ནི་ཇུས་འདོན་ལས་རོགས་དང་འཁོར་སྐྱོད་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་རྒྱལ་ཡོངས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་གཏན་ལས་དོན་གཙོ་སྐྱོང་དང་འགན་འཁུར་བྱ་ཡུལ་བཅས་ཡིན།

རིགས་དབྱེ།  

རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་།

རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་།(བསྡུས་མིང་ལ་རྒྱལ་ཁབ་གནོད་སེལ་ཨུ་ལྷན) མིང་དངོས་ལ་ཀྲུང་གོ་རྒྱལ་སྤྱིའི་གནོད་སེལ་ཨུ་ཡོན་ལྷན་ཁང་ཟེར་ཞིང་། སྤྱི་ལོ2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆོག་མཆན་ཐོབ་སྟེ་ད་ལྟའི་མིང་འདིར་བསྒྱུར། དེའི་འོས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་གནོད་སེལ་བྱ་བའི་ཐབས་ཕྱོགས་དང་སྲིད་ཇུས། འཆར་འགོད་བཅས་གཏན་འབེབས་དང་ཞིབ་འཇུག་བགྱིས་ཏེ། མཐུན་སྦྱོར་ངང་ཚབས་ཆེའི་གནོད་སེལ་བྱ་འགུལ་སྤེལ་བ་དང་། ས་གནས་ཀྱི་གནོད་སེལ་བྱ་བར་མཛུབ་སྟོན་གནང་བ། རྒྱལ་སྤྱིའི་གནོད་སེལ་བྱ་བའི་འབྲེལ་འདྲིས་དང་མཉམ་འབྲེལ་གོང་དུ་སྤེལ་རྒྱུ་དེ་ཡིན། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་བྱ་བར་དམངས་སྲིད་པུའུ་ཡིས་འགན་འཁུར་བ་ཡིན།

རིགས་དབྱེ།  

མི་དོན་ཡིག་ཚགས།

མི་དོན་ཡིག་ཚགས་ནི་ཀྲུང་གོའི་མི་དོན་དོ་དམ་ལམ་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དེ་ནི་མི་སྒེར་གྱི་ཐོབ་ཐང་དང་། སློབ་གཉེར་བརྒྱུད་རིམ། བསླབ་པ་རྒན་གཞོན་བཅས་ཀྱི་བདེན་དཔང་ཡིན་ལ། མི་སྒེར་གྱི་གླ་ཕོགས་ཁེ་བཟང་། ངལ་རྩོལ་འགན་སྲུང་། རྩ་འཛུགས་ཀྱི་འབྲེལ་བ་བཅས་དང་འབྲེལ་བ་དམ་པོ་ཡོད་པས། བཅའ་ཁྲིམས་ཀྱི་ཕན་ནུས་ལྡན་པ་དང་། མི་ཚེའི་བཤུལ་ལམ་བཀོད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། མི་ཞིག་གི་བརྒྱུད་རིམ་དང་། ཆབ་སྲིད་ཀྱི་རྣམ་པ། ཀུན་སྤྱོད་ཀྱི་སྤྱོད་ཚུལ་སོགས་མི་སྒེར་གྱི་གནས་ཚུལ་ཟིན་ཐོར་འགོད་པའི་ཡིག་ཆའི་རྒྱུ་ཆ་དང་། དཔང་ཡིག་དང་གཞི་འཛིན་ས། དཔྱད་གཞིའི་ནུས་པ་བཅས་ཀྱི་ཐོག་ནས་མི་སྒེར་གྱི་དངོས་སྒྱུར་རིམ་པ་གཏན་འཁེལ་དང་། གོ་མིང་སྙན་ཞུ། རྒན་གསོའི་འགན་བཅོལ་གཉེར་བ་སོགས་ཀྱི་འབྲེལ་ཡོད་དཔང་ཡིག་འབྲི་སྐབས་ཡིག་ཚགས་བེད་སྤྱོད་བྱེད་དགོས།

རིགས་དབྱེ།  

རྒྱལ་ཁབ་ཀྱི་ལས་ཁུངས།

རྒྱལ་ཁབ་ཀྱི་ལས་ཁུངས(Stateorgans)ནི་རྒྱལ་ཁབ་ཀྱི་དོ་དམ་དང་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ལ་ཟེར་ཞིང་། དེའི་ནང་རྒྱལ་ཁབ་ཀྱི་གཙོ་བདག་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། དམག་དོན་ལས་ཁུངས་བཅས་ཚུད་ཡོད།

རིགས་དབྱེ།  

གཞུང་ཞབས་པ།(རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་པའི་མི་སྣ)

གཞུང་ཞབས་པའི་མིང་ཡོངས་ལ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཟེར་ཞིང་། རྒྱལ་ཁབ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ། རྒྱལ་ཁབ་ཀྱི་སྤྱིའི་ཐོན་ཁུངས་གཅིག་གྱུར་གྱིས་དོ་དམ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་འོས་འགན་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཞིག་ཡིན། ཀྲུང་གོའི་གཞུང་ཞབས་པ་ཞེས་པ་ནི་ཁྲིམས་ལྟར་གཞུང་གི་ལས་འགན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ནང་བཅུག་པ། རྒྱལ་ཁབ་ནོར་སྲིད་ཀྱིས་གླ་ཕོགས་དང་ཕན་བདེ་སྤྲོད་པའི་ལས་དོན་མི་སྣར་ཟེར། གཞུང་ཞབས་པའི་ལས་གནས་ལ་ལས་གནས་ཀྱི་ངོ་བོ་དང་། ཁྱད་ཆོས། དོ་དམ་བཅས་ཀྱི་དགོས་མཁོར་གཞིགས་ནས་ཕྱོགས་བསྡུས་དོ་དམ་རིགས་དང་། ཆེད་ལས་ལག་རྩལ་རིགས། སྲིད་འཛིན་ཁྲིམས་སྒྱུར་རིགས་སོགས་དབྱེ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས་ལ་གཞིགས་ནས་དེའི་གོ་གནས་དམིགས་བསལ་གྱི་རང་བཞིན་ལ་ལོགས་སུ་དོ་དམ་བྱ་དགོས། མི་དོན་ཅུའུ་ཡིས་ཟླ5ཚེས30ཉིན་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2015ལོའི་ལོ་འཁོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། སྤྱི་ལོ2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་གཞུང་ཞབས་པ་ཁྲི719ཡོད་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་གིས《གཞུང་ཞབས་པའི་གོ་གནས་དང་གོ་གནས་རིམ་པའི་གཏན་འབེབས》པར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་དང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རིགས་དབྱེ།  

རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས།

རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཐད་གཏོགས་ལས་ཁུངས་ཤིག་ཡིན།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ(བསྡུས་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེན་ཟེར)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མིའི་གྲས་ཤིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་ཁོངས་མི་ཡིན།

རིགས་དབྱེ།  

དམིགས་བསལ་སྲིད་འཛིན་ས་ཁུལ།

དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་སྲིད་འཛིན་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་འདྲ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་གི་མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་ལས་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རྐང་འཛིན་པའི་སློབ་གྲྭ་མཐོ་ཤོས་དང་། ཏང་ཀྲུང་དབྱང་ཐད་གཏོགས་ཀྱི་སྡེ་ཚན་གལ་ཆེན། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་ལ་སློབ་སྦྱོང་དང་། ཞིབ་འཇུག དྲིལ་སྒྲོག་བཅས་བྱེད་སའི་གཡུལ་ས་གལ་ཆེན་དང་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བའི་བཞུ་ཐབ་གལ་ཆེན་ཞིག་ཡིན་ལ། ཏང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ལས་ཁུངས་བཅས་རེད། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྔ་མིང་ནི་སྤྱི་ལོ1933ལོའི་ཟླ3པར་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་རུའེ་ཅིན་གྱི་མར་ཁེ་སི་གུང་ཁྲན་རིང་ལུགས་སློབ་གྲྭ་བཙུགས་པ་དེ་རེད། སྤྱི་ལོ1935ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་དང་མཉམ་དུ་ཧྲའན་ཞིའི་བྱང་རྒྱུད་དུ་འབྱོར་རྗེས་ཀྲུང་དབྱང་ཏང་གི་སློབ་གྲྭར་མིང་བསྒྱུར། སྤྱི་ལོ1943ལོའི་ཟླ3པ་ནས་སྤྱི་ལོ1949ལོའི་ཟླ3པའི་བར་མའོ་ཙེ་ཏུང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་བཞེས། སྤྱི་ལོ1947ལོར། ཀྲུང་དབྱང་ཏང་གི་སློབ་གྲྭ་ཡན་ཨན་ནས་ཕྱིར་འཐེན་བྱས། 1948ལོར། ཀྲུང་གུང་ཀྲུང་དབྱང་གིས་མཐོ་རིམ་ཏང་གི་སློབ་གྲྭ་འཛུགས་རྒྱུ་ཐག་གིས་བཅད་པ་དང་། མིང་ལ་མར་ལེ་སློབ་གླིང་ཞེས་བཏགས། ལུའུ་ཧྲའོ་ཆིས་ཡོན་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར། པེ་ཕིང་བཅིངས་འགྲོལ་བྱས་རྗེས། སློབ་གླིང་དེ་པེ་ཕིང་དུ་སྤོས་པ་རེད། སྤྱི་ལོ1955ལོར་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་མཐོ་རིམ་ཏང་གི་སློབ་གྲྭར་མིང་བསྒྱུར། སྤྱི་ལོ1966ལོའི་རྗེས་ཀྱི“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་གཉེར་མཚམས་བཞག སྤྱི་ལོ1977ལོར་བསྐྱར་གསོ་བྱས་ནས་ད་ལྟའི་མིང་ལ་གཏན་འཁེལ་བྱས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྔ་གཞུག་ཏུ། ཧུའུ་ཡའོ་པང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་བྱ་བར་གཙོ་སྐྱོང་བྱེད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་མིང་དུ་གྲགས་པའི་བདེན་དོན་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་ཆེན་པོ་བྱེད་པར་སྐུལ་འདེད་བྱས་ཏེ། ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སླར་གསོ་དང་། ཏང་ཡོངས་ཀྱི་བྱ་བའི་ལྟེ་བ་སྤོ་བསྒྱུར་མངོན་འགྱུར་བྱེད་པར་ནུས་པ་གལ་ཆེན་བཏོན་པ་རེད། སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》བཀྲམས་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གསར་པ་བཙུགས་པ་དང་ལས་ཁུངས་གཅིག་ལ་སྒོ་བྱང་བཀལ་ནས་ཏང་ཀྲུང་དབྱང་གི་ཐད་གཏོགས་བྱ་ལས་ཚན་པར་བརྩིས་པ་རེད། སྤྱི་ལོ2019ལོའི་ཟླ9པར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་ཞིབ་བཞི་པས ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱས་པ་རེད།

རིགས་དབྱེ།