དམངས་བདེ་ཞབས་ཞུ་ལྟེ་གནས།

དམངས་བདེ་ཞབས་ཞུ་ལྟེ་གནས་ནི་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་སྡེ་རུ་གསར་དར་གྱི་མི་དམངས་ལ་ཞབས་ཞུ་དང་ཞིང་ལས་ལ་ཞབས་ཞུ། གྲོང་གསེབ་ཀྱི་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་རྩ་འཛུགས་ཀྱི་སྡེ་ཁག་ཅིག་ཡིན། ཞབས་ཞུའི་རྣམ་གྲངས་ནི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་དང་ཞིང་སྐྱོར་ཞིང་ཕན། ཞིང་དར་གྱི་མ་དངུལ་ཁ་གསབ། དབང་བོ་སྐྱོན་ཅན་གྱི་དབང་ཡིག་ལེན་པ། སྤྱི་ཚོགས་ཀྱི་རོགས་སྐྱོར། ལག་རྩལ་གསོ་སྦྱོང་། འཆར་ལྡན་བུ་སྐྱེས་ཀྱི་ཞབས་ཞུ། ལས་ཞུགས་ལ་རོགས་སྐྱོར། བྱེད་སྒོ་གསར་སྤེལ། ཞིང་ལས་ཚན་རྩལ་ཁྱབ་སྤེལ་སོགས་ཡོད་དོ། །

རིགས་དབྱེ།  

རྒྱལ་ཁབ་གསར་སྤེལ་དངུལ་ཁང་།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་སྤྱི་ལོ1994ལོའི་ཟླ་གསུམ་པར་གསར་འཛུགས་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན། མིག་སྔར་རྒྱལ་ཡོངས་སུ་ཡན་ལག་དངུལ་ཁང32དང་འཐུས་ཚབ་ཁང་བཞི་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་འཛུགས་བྱས་པ་ནས་བཟུང་། མགོ་མཇུག་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁོག་སྙོམ་སྒྲིག་གི་འགན་འཁྲི་འདོན་སྤེལ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་གྲུབ་ཚུལ་ཐབས་ཇུས་རང་བཞིན་གྱི་སྙོམ་སྒྲིག་ལ་རྒྱབ་སྐྱོར། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རྨང་གཞི་ལ་དུས་ཡུན་རིང་བོར་མ་དངུལ་འཇོག་པའི་ཁྱབ་ཁོངས་ཁྲོད་གཙོ་ཤུགས་དངུལ་ཁང་གི་ནུས་པ་ཐོན་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་གསར་འཛུགས་བྱས་པའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྡེ་ཁག་ཅིག་ཡིན།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ལས་འཛིན་ལས་ཁུངས་ཡིན་པ་དང་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཙུང་ལི་དང་ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱིས་གྲུབ་པ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་སོ་སོས་པུའུ་ཀྲང་དང་ཀྲུའུ་རིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་རེད།

རིགས་དབྱེ།  

སྤྱི་བདེ་ཅུས།

སྤྱི་བདེ་ཅུའུ་ནི་སྤྱི་བདེ་སྡེ་ཁག་གི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་ཞིང་། སྤྱི་བདེ་བྱ་བ་གཙོ་གཉེར་གནང་བའི་སྲིད་གཞུང་འོག་གསར་འཛུགས་བྱས་པའི་འགན་ནུས་ལས་ཁུངས་ཤིག་ཡིན། དེས་ས་གནས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་སྡེ་ཁག་འགོ་ཁྲིད་ཉིས་བརྩེགས་ཀྱི་བཀོད་འདོམས་ལ་ཉན་དགོས།

རིགས་དབྱེ།  

སྲིད་གཞུང་།

སྲིད་གཞུང་ནི་རྒྱལ་ཁབ་སྤྱི་བའི་སྲིད་འཛིན་གྱི་དབང་ཆའི་མཚོན་རྟགས་དང་། ཐེག་པའི་གཞི་དང་དངོས་ཡོད་བྱ་སྤྱོད་ཀྱི་གཞི་ཞིག་ཡིན། སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་བཀའ་རྒྱ་དང་སྲིད་འཛིན་ཇུས་ཐག སྲིད་འཛིན་གྱི་སྒྲིག་ཁྲིམས། སྲིད་འཛིན་ཁྲིམས་འཛིན། སྲིད་འཛིན་གྱི་ཁྲུན་ཐག་གཅོད་པ། སྲིད་འཛིན་ཆད་གཅོད་དང་སྲིད་འཛིན་ལྟ་ཞིབ་སོགས་ནི་ངེས་པར་དུ་རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཀྱི་རྩ་དོན་དང་མཐུན་དགོས།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།

ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་ནི་སྔར་མར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང(ཐོག་མའི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་ཁོངས་སུ་གཏོགས)ཞེས་པ་དེ་ཡིན་ཞིང་། དེ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཤིག་ཀྱང་ཡིན། སྤྱི་ལོ2016ལོའི་ཟླ1པོའི་ཚེས10ཉིན་དམག་ཨུ་ལས་ཁུངས་ཀྱིས་ལེགས་སྒྲིག་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དུ་འཛུགས་རྒྱུའི་གཏན་འཁེལ་བྱས།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ2018ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》ཞེས་པ་གཞིར་བཟུང་ནས་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་གི་མངག་གཏོང་སྒྲིག་གཞི་ཞིག་ཡིན། སྤྱི་ལོ2019ལོའི་ཟླ9པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་བའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལ་གཟིགས་ཞིབ་བྱས།

རིགས་དབྱེ།  

ཀྲུང་དབྱང་ཡིག་ཚགས་ཁང།

ཀྲུང་དབྱང་ཡིག་ཚགས་ཁང་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཡིག་ཚགས་ཁང་ཡིན། གཞུང་ཚབ་ཁང་དེ་ནི་པེ་ཅིང་གི་ནུབ་འདབས་སུ་ཡོད་ཅིང་། སྤྱི་ལོ1959ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་ཁང་དེ་དངོས་སུ་བཙུགས་པ་དང་སྤྱི་ལོ1959ལོར་ལེགས་པར་བསྐྲུན་ཟིན། རྒྱལ་ཁབ་བཙུགས་པའི་རྗེས་སུ་བྱུང་བའི་ཡིག་ཚགས་ཁང་དང་པོ་ཡིན། འགྲེམས་ཁང་དེའི་ལས་འགན་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཁབ་ཀྲུང་དབྱང་ལས་ཁུངས་ཀྱིས་ཡུན་རིང་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་གལ་ཆེན་དག་བདག་གཉེར་བྱེད་རྒྱུ་དང་། བཅིངས་འགྲོལ་མ་བཏང་གོང་གི་ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཀྱི་གསར་བརྗེའི་ལོ་རྒྱུས་ཡིག་ཚགས་འཚོལ་བསྡུ་དང་ཉར་ཚགས་བྱས་པ་བརྒྱུད་ཡིག་ཚགས་ལེགས་སྒྲིག་དང་། ཞིབ་འཇུག དྲིལ་བསྒྲགས། སྤྱི་ཚོགས་ལས་རིགས་ཁག་ཏུ་བེད་སྤྱོད་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཁག་ལ་ཞབས་འདེགས་ཞུས་ཡོད། དེ་བཞིན་དུ་ཡིག་ཚགས་ཁང་དེའི་ནང་དུ་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ་སོགས་ཀྱི་ཕྱག་བྲིས་ཕྱག་བསྟར་མ་དང་། ཀྲུང་གོ་གསར་བ་འཛུགས་སྐྲུན་བྱས་པའི་ཡིག་ཚགས་སོགས་ཡོད། ཀྲུང་དབྱང་ཡིག་ཚགས་ཁང་བཙུགས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་ནི་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་དང་། པུའུ་རིམ་པ་གཞོན་པའི་ལས་ཁུངས་ཤིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་བཙུགས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ཡིས་དོ་དམ་བྱ་རྒྱུར་གཏན་འཁེལ་བྱས།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ནི། ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་ཇེ་ཆུང་དུ་གཏོང་བའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཏོར་བཤིག་རང་བཞིན་གྱི་ས་ཡོམ་གྱི་དགོས་མཁོ་མྱུར་སྒྲུབ་དང་བཀོད་འདོམས་ནུས་པ་ཆེ་རུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་ཡོམ་འགོག་གནོད་སེལ་བཅའ་ཁྲིམས》 དང་། 《གཏོར་བཤིག་རང་བཞིན་གྱི་ས་ཡོམ་མཁོ་བསྟུན་སྲོལ་ཡིག》 《རྒྱལ་ཁབ་ཀྱི་གཏོར་བཤིག་རང་བཞིན་གྱི་ས་ཡོམ་མཁོ་བསྟུན་སྔོན་ཇུས》བཅས་གཞིར་བཟུང་སྟེ། སྤྱི་ལོ2000ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་ལས་དོན་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཉིས་འཛུགས་རྒྱུ་གཏན་འབེབས་བྱས།

རིགས་དབྱེ།  

ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། (བསྡུས་མིང་ལ་ཀྲུང་དབྱང་གསང་སྲུང་གཞུང་དོན་ཁང)ཟེར་ཞིང་། རྒྱལ་ཁབ་གསང་སྲུང་ཅུའུ་ཡིས་སྒྲིག་གཞི་ལྡན་པའི་ངང་སྒོ་བྱང་བཀལ་ནས་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་སྒྲིག་གཞིར་བཅུག་སྟེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔྱད་ཡིག་གི་གསང་བའི་རིམ་པ་ཞིབ་བཤེར་གཏན་འབེབས་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་པར་དོན་འཁྱོལ་ཡོང་བ་དང་། ལྟ་སྐུལ། གྱོད་གཞི་ཞིབ་བཤེར་ཐག་གཅོད། སྲིད་འཛིན་ཐག་གཅོད་སོགས་ཀྱི་བྱ་བ་བསྒྲུབ་དགོས། དྲ་སྦྲེལ་ཆ་འཕྲིན་ཅན་གྱི་གཞུང་དོན་སྒྲུབ་པའི་དུས་རབས་སུ་སླེབས་པ་ནས་བཟུང་། དོ་དམ་ཁྱབ་ཁོངས་ནང་གི་ཏང་སྲིད་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ཆ་འཕྲིན་བདེ་འཇགས་དང་། ལག་རྩལ་གྱི་གསང་བ་ལྐོག་ཤོར་ལ་སྔོན་འགོག་དང་གསང་སྲུང་བྱ་ཐབས་དམ་སྲུང་། སྒྲིག་ཆས་ལ་ཞིབ་བཤེར་བཅས་བྱ་རྒྱུ་དེ་ནི་རིམ་པ་ཁག་གི་གསང་སྲུང་ཅུའུ་ཡི་རྒྱུན་ལྡན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

རྒྱལ་ཁབ་ལྕགས་ལམ་ཅུས།

རྒྱལ་ཁབ་ལྕགས་ལམ་ཅུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་ཡིས་དོ་དམ་བྱས་ཡོད་པའི་རྒྱལ་ཁབ་ཅུས་ཀྱི་ཁོངས་སུ་གཏོགས་ཤིང་། པུའུ་རིམ་གཞོན་པའི་ལས་ཁུངས་ཤིག་ཡིན། སྤྱི་ལོ2013ལོའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་གཞན་སྒྱུར་གྱི་ཇུས་གཞི》གཞིར་བཟུང་ནས། དེ་སྔའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་པུའུ་ཡི་ལས་ཁུངས་ཁག་གཅིག་གི་མིང་བསྒྱུར་ནས་བསྐྱར་འཛུགས་བྱས་ཤིང་།(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་པུའུ་ཡི་ལས་ཁུངས་གཞན་དག་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་ཟི་རུ་སོར་འཇོག་བྱས)སྤྱི་ལོ2014ལོའི་ཟླ1པོར་སྒོ་བྱང་བཀལ་ནས་ཀྲུང་གོའི་ལྕགས་ལམ་ཅུས་དངོས་སུ་བཙུགས།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉས་ལས་གོང་འཕེལ་ཁང་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་གྱུར་པ་རེད། སྤྱི་ལོ2019ལོའི་ཟླ9པར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་བསྟུན་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་གི་ཏང་རྩ་འཛུགས་ལ་རྒྱུན་དུ་སྐོར་གཟིགས་བྱས།

རིགས་དབྱེ།  

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ(StateAdministratiratofTaxatia)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་བསྡུའི་ལས་དོན་གཙོ་གཉེར་བྱེད་མཁན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན་པ་མ་ཟད་པུའུ་རིམ་པ་ཞིག་ཀྱང་ཡིན། སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམས་སྤེལ་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས་ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁབ་ཀྱི་ཁྲལ་དང་། ས་གནས་དཔྱ་ཁྲལ་གྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཁོངས་གཏོགས་ས་ཁོངས་ནང་གི་ཁྲལ་འབབ་དང་ཁྲལ་མིན་ཡོང་འབབ་སོགས་ཀྱི་ཞིབ་ཕྲའི་འགན་ཁུར་ཡོད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས་ནི། སྤྱི་ལོ2008ལོར་བསྐྱར་སྒྲིག་བྱས་ནས(པུའུ་རིམ་པ་གཞོན་པ)བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དོ་དམ་བྱས་ཡོད་པའི་རྒྱལ་ཁབ་ཅུས་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཤིག་ཡིན་ཞིང་། སྲོལ་རྒྱུན་གྱི་གོ་བ་ལེན་སྟངས་ཐད་ཀྱི་སྦྲག་སྲིད་ཅུས(ད་ལྟའི་ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སི)དང་རྩ་བ་ནས་མི་འདྲ་བའི་ལས་ཁུངས་གཉིས་ཡིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་རྒྱལ་སྤྱིའི་སྦྲག་སྲིད་རྩ་འཛུགས་ཀྱི་ནང་དུ་ཞུགས་ནས། སྲིད་གཞུང་བར་གྱི་སྦྲག་སྲིད་ལས་དོན་ཐག་གཅོད་བྱེད་པ་དང་། སྦྲག་སྲིད་ཀྱི་ཕྱི་ཕྱོགས་མཉམ་ལས་དང་འབྲེལ་འདྲིས་ཕྱོགས་ཀྱི་སྲིད་ཇུས་བཟོས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་པ། སྦྲག་སྲིད་ཀྱི་ཕྱི་དོན་གྱི་བྱ་བ་བཅས་ཐག་གཅོད་བྱེད་དགོས། གཏན་འབེབས་བྱས་པ་ལྟར་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་བྱེད་པ་དང་། སྦྲག་སྲིད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་འགན་ལེན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྦྲག་སྲིད་ལས་རིགས་ཀྱི་ཞབས་ཞུའི་རིན་གོང་གི་སྲིད་ཇུས་དང་གཞི་རྩའི་སྦྲག་སྲིད་ལས་སྒོའི་རིན་གོང་གི་ཚད་གཞིའི་གྲོས་འགོ་བཏོན་ནས་ལག་བསྟར་དུ་འདེབས་པར་ལྟ་སྐུལ་བྱེད་དགོས། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ནང་ཁུལ་གྱི་སྒྲིག་གཞི་ལ། ཕྱི་དོན་སི་དང་། སྲིད་ཇུས་ཁྲིམས་སྲོལ་སི། ཡོངས་ཁྱབ་ཞབས་ཞུ་སི། ཁྲོམ་རའི་ལྟ་སྐུལ་དོ་དམ་སི། མི་དོན་སི་བཅས་ལས་ཁུངས5ཡོད།

རིགས་དབྱེ།  

མཚོ་སྲུང་ཨུ་ཡོན་ལྷན་ཁང་།

མཚོ་སྲུང་ཨུ་ཡོན་ལྷན་ཁང་ནི་ཕྱི་དགྲ་དང་མཚོ་ཇག་ལ་ངོ་རྒོལ་བྱེད་པར་དམིགས་ཏེ་སྤྱི་ལོ1941ལོའི་ཟླ1པོའི་ཚེས4ཉིན་བཙུགས།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནི་ནོར་སྲིད་པུའུ་རུ་བཙུགས་ཡོད་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ནོར་སྲིད་པུའུ་ཁྲལ་སྲིད་སིའི་སི་ཀྲང་བཅས་ཀྱི་འགན་ཁུར་ཡོད།

རིགས་དབྱེ།  

རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་།

རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་མཐུན་ལས་ཁུངས་ཀྱི་ཞིབ་ཕྲའི་ལས་དོན་ལྟར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང(འཕྲོད་བསྟེན་པུའུ་སྤྱི་ལོ2013ལོའི་ཟླ3པ་དང་རྒྱལ་ཁབ་འཆར་ལྡན་བུ་བཙའི་ཁང་དང་ཟླ་སྒྲིལ་བཏང་ཡོད)སོགས་ཀྱི་བྱ་བ་བསྒྲུབ་པར་འགན་ཁུར་ཡོད་ཅིང་། དེ་མིན་ད་དུང་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་བཙུགས་ཡོད།

རིགས་དབྱེ།  

རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་།

​རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་ནི་རང་རྒྱལ་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་དབུ་ཁྲིད་མཛད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད། སྤྱི་ལོ2001ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པ་ཞིག་ཡིན་ལ། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཞིབ་ཕྲའི་ལས་དོན་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འགན་འཁུར་དགོས།

རིགས་དབྱེ།  

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་།

དམངས་ཡོངས་ཀྱི་འོས་འགན་ལ་དམིགས་ཤིང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། སྤྱི་ལོ1982ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད་དེ། སྤྱི་ལོ1988ལོར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་ཞེས་པར་མིང་བསྒྱུར།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིག་གནས་ཐོན་དབང་ཅུས།

རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་ཡིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་དང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱས་ཡོད་པའི་པུའུ་རིམ་གཞོན་པའི་ལས་ཁུངས་ཤིག་ཡིན། གཙོ་བོ་རིག་གནས་བདག་དབང་སྲུང་སྐྱོབ་ཀྱི་བྱ་བར་འགན་འཁུར་རྒྱུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་པ། ཚོང་རྟགས་དང་། ཆེད་ཁེ། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་ཐོ་འགོད་དང་སྲིད་འཛིན་ཐག་གཅོད་ཀྱི་འགན་འཁུར་དགོས་པ་དང་། ཚོང་རྟགས་དང་ཆེད་ཁེ་བཅས་ཀྱི་ཁྲིམས་མཐུན་གྱི་བྱ་བར་མཛུབ་ཁྲིད་གནང་དགོས།

རིགས་དབྱེ།  

ལྟ་ཞིབ་ལས་ཁུངས།

ལྟ་ཞིབ་ལས་ཁུངས་ནི་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་དེའི་ལས་བྱེད་མི་སྣའི་བྱ་བ་དང་། སྤྱི་དབང་བཀོལ་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ལས་བྱེད་མི་སྣ། རྒྱལ་ཁབ་ཀྱི་གཞུང་དོན་ལས་བྱེད་པའི་བྱ་བར་ལྟ་སྐུལ་དང་ཞིབ་དཔྱོད། ཡོ་བསྲང་ཞུ་གཏུག་བྱེད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན་ལ། ཀྲུང་གོ་གསར་བ་འཛུགས་པའི་ཐོག་མའི་སྐབས་སུ། སྲིད་དོན་ཁང་གིས་མི་དམངས་ལྟ་ཞིབ་ལས་ཁུངས་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད། ཕྱིས་སུ་སྲིད་དོན་ཁང་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་བསྒྱུར་བ་དང་། མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་དེ་རྒྱལ་ཁབ་ལྟ་ཞིབ་པུའུ་རུ་བསྒྱུར། སྤྱི་ལོ1959ལོའི་ཟླ4པར་ལྟ་ཞིབ་པུའུ་མེད་པར་བཏང་། སྤྱི་ལོ1987ལོའི་སྐབས་དྲུག་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས18པ་རུ་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་ལམ་ལུགས་བསྐྱར་གསོ་དང་གཏན་འཁེལ་བྱེད་དགོས་པ་བཏོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ་བཙུགས། ལྟ་ཞིབ་ལས་ཁུངས་ནི་ཆེད་དུ་རྒྱལ་ཁབ་ཀྱི་ལྟ་ཞིབ་འགན་ནུས་འཁུར་བའི་ལས་ཁུངས་ཡིན། སྤྱི་དབང་བཀོལ་བའི་གཞུང་དོན་ལས་བྱེད་ཐམས་ཅད་ལ་ལྟ་ཞིབ་བྱས་ནས། འགན་ཐོག་ཁྲིམས་འགལ་དང་འགན་ཐོག་ཉེས་གསོག་ལ་ཞིབ་བཤེར་བྱས་ནས། སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་ལས་ཀ་ལག་བསྟར་བྱེད་ཀྱིན་ཡོད། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་དང་ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད། སྤྱི་ལོ2018ལོའི་ཟླ3པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་རྩ་ཁྲིམས་བསྒྱུར་བཅོས་ཀྱི་རྩ་གནད་ལ་གྲོས་འཆམ་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་། ལྟ་ཞིབ་པུའུ་སོར་འཇོག་མི་བྱེད་པར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་སུ་བཅུག ལྟ་ཞིབ་ལས་ཁུངས་ནི་སྲིད་འཛིན་ལས་ཁུངས་མིན་པར་ཆབ་སྲིད་ལས་ཁུངས་ཡིན་ནོ།།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་ཅུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ནི་སྤྱི་ལོ1952ཟླ8པར་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་བསྟུན་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་བཙུགས་པ་ཡིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་ཞིང་། རྒྱལ་ཡོངས་ཀྱི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་བྱ་བར་འགོ་ཁྲིད་བྱེད་བཞིན་ཡོད་ཅིང་། བསྡོམས་རྩིས་བྱ་བའི་ཁྲིམས་སྲོལ་དང་། བསྡོམས་རྩིས་བསྒྱུར་བཅོས་དང་བསྡོམས་རྩིས་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་འཆར་འགོད་དང་དེ་བཞིན་དུ་རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་བཟོ་འགོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་བྱ་བར་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བསྡོམས་རྩིས་བཅའ་ཁྲིམས་དང་མཐུན་པར་ཁྲིམས་སྲོལ་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་གཅོད་གྲོས་མཐུན་ལས་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ1986ལོའི་ཟླ5པའི་ཚེས16ཉིན་བཙུགས་པ་དང་། སྐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ཞེས་འབོད་ཅིང་། སྤྱི་ལོ1993ལོའི་ཟླ12པའི་ཚེས28ཉིན་ནས་བཟུང་མིང་དེ་ད་ལྟའི་མིང་ལ་བསྒྱུར། འགོ་ཁྲིད་ཚོགས་ཆུང་དེ་ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བློ་མཐུན་ཧུའུ་ཁྲུན་ཧྭ་ཡིས་འགན་བཞེས་ཡོད་ཅིང་། ཁོངས་མིའི་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། སློབ་གསོ་པུའུ། དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་པུའུ། འཕྲོད་བསྟེན་པུའུ། མི་འབོར་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། བསྡོམས་རྩིས་ཅུའུ་བཅས་ཡོད།

རིགས་དབྱེ།  

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང(ChineseAcadmyofSocialSciences,CASSS)ནི་ཀྲུང་གུང་ཀྲུང་དབྱང་གིས་ཐད་ཀར་འགོ་ཁྲིད་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་ལ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཆེས་མཐོའི་རིག་གཞུང་ལས་ཁུངས་དང་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཡིན། དེ་སྔོན་གྱི་ལས་ཁུངས་ནི་སྤྱི་ལོ1955ལོར་བཙུགས་པའི་ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡིན། སྤྱི་ལོ1977ལོའི་ཟླ5པའི་ཚེས7ཉིན་ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པ་བརྒྱུད་ནས། ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་རྨང་གཞིའི་སྟེང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དངོས་སུ་བཙུགས། ཏང་ཀྲུང་དབྱང་གིས་ཚན་རིག་ཁང་དེར་བཏོན་པའི་ངེས་གནས་ཆེན་པོ་གསུམ་ནི། མར་ཁེ་སིའི་རིང་ལུགས་ཀྱི་གཡུལ་ས་བརྟན་པོ་དང་། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཆེས་མཐོའི་ཞིབ་འཇུག་ཁང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་བསམ་བློའི་བང་མཛོད་དང་བློ་འདོན་ཚོགས་པ་བཅས་ཡིན། སྤྱི་ལོ2016ལོའི་ཟླ11པའི་བར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་སློབ་ཁུལ་ཆེན་པོ6དང་། ཞིབ་འཇུག་ཁང40ཙམ་དང་། འགན་ནུས་སྡེ་ཁག10 ཐད་གཏོགས་ལས་ཁུངས8 ཐད་གཏོགས་ཀུང་སི2 དངོས་ཚན་མིན་པའི་ཞིབ་འཇུག་ལྟེ་གནས180ལྷག་ཡོད། རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་ཚོགས་པ105བཅས་གཙོ་གཉེར་བྱས་ཡོད་པར་མ་ཟད། ཀྲུང་གོའི་ས་གནས་ལོ་རྒྱུས་ཀྱི་མཛུབ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚབ་གཉེར་ཡང་བྱས་ཡོད། སློབ་གླིང་ཡོངས་སུ་རིམ་པ་གཉིས་པ་དང་གསུམ་པའི་རིག་ཚན300ཙམ་ཡོད་ལ། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན120ཡོད་པ་རེད། སློབ་གླིང་ཡོངས་ཀྱི་ལས་བྱེད་པའི་མི་གྲངས4200ལྷག་ཙམ་དང་། ཚན་རིག་ཞིབ་འཇུག་ལས་སྒོའི་མི་སྣ3200ལྷག་ཙམ་ཡོད་ལ། དེའི་ཁྲོད་དུ་མཐོ་རིམ་ཆེད་ལས་མི་སྣ1676ཡོད། རིག་གཞུང་ཚན་ཁག་གི་ཨུ་ཡོན61དང་གཟི་བརྗིད་རིག་ཚན་གྱི་ཨུ་ཡོན133ཡོད། ཞིབ་འཇུག་སློབ་མའི་སློབ་གླིང་དུ་སློབ་ཞུགས་སློབ་མ3100ལྷག་ཡོད། ཨ་རིའི་པིན་ཤིས་ཧྥ་ཉི་ཡ་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2014ལོའི་གོ་ལ་ཧྲིལ་པོའི་རིག་མཛོད་སྙན་ཞུའི》ཁྲོད་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཨང20པའི་གྲུབ་འབྲས་བླངས་པ་བརྒྱུད་ནས“གོ་ལ་ཧྲིལ་པོའི་རིག་མཛོད་སྟོབས་ལྡན50”ཡི་ཁྲོད་དུ་ཚུད། སྤྱི་ལོ2015ལོའི་ཟླ་དང་པོར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས“རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩེར་སོན་རིག་མཛོད་ཡིན་པའི་ཀྲུང་གོའི་ལེགས་ཆ་འདོན་སྤེལ་བྱས་ནས། དེ་ཉིད་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་འཛམ་གླིང་གི་གྲགས་ཅན་རིག་མཛོད་ཅིག་ཏུ་འགྱུར་བར་བྱེད་དགོས”ཞེས་བསྟན། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་ཁང་བཙུགས། སྤྱི་ལོ2019ལོའི་ཟླ9པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུར་ཐག་བཅད།

རིགས་དབྱེ།  

རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་།

​སྤྱི་ལོ2010ལོའི་ཟླ1པོའི་ཚེས27ཉིན། ཀྲུང་གོ་སྲིད་གཞུང་དྲ་བའི་སྟེང་ཁྱབ་བསྒྲགས་བྱས་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་སྐོར་གྱི་བརྡ་ཐོའི་》ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུས་ཁུངས་འཐབ་ཇུས་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་ཆེད། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གཏན་འབེབས་བྱས་པ་དང་། འདི་ནི་ཀྲུང་གོའི་ཚད་གཞི་ཆེས་མཐོ་ཤོས་ཀྱི་ནུས་ཁུངས་ལས་ཁུངས་ཡིན། སྤྱི་ལོ2013ལོའི་ཟླ7པའི་ཚེས11ཉིན་ལས་ཁུངས་ཀྱི་སྒྲིག་གཞི་དང་མི་སྣའི་འགྱུར་ལྡོག་བྱུང་ཚུལ། ལས་ཀའི་དགོས་མཁོ་བཅས་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་དང་མི་སྣར་ལེགས་སྒྲིག་བྱ་རྒྱུ་གཏན་འབེབས་བྱས།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་ནི། སྤྱི་ལོ2003ལོའི་ཟླ10བའི་ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤེལ་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་སྐོར་གྱི་བརྡ་ཐོ》ལྟར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་གཏན་འཇགས་སྒོས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པ་བརྒྱུད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཅུའུ་བཙུགས་ཤིང་། ལས་ཁུངས་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་གྱུར་པ་རེད། གསུམ་ནས་ཇུས་གཞི་དེ་ལ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་ནུས་འོག་བཀོད་སྒྲིག་དང་། སྒྲིག་གཞི། མི་སྣའི་སྒྲིག་ཁོངས་བཅས་གཏན་འབེབས་བྱེད་བཞིན་ཡོད།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་པུའུ་རིམ་པས་ཆེད་དུ་བཙུགས་པའི་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་མ་རྩ་འཇོག་མཁན་ལ་འགན་འཁྲི་བསྒྲུབ་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་འདོམས་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀུང་ཟིའི་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་མ་རྩ་འཇོག་མཁན་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་དང་བསྐྱར་སྒྲིག་བྱེད་པར་ཁྲིད་སྟོན། ལྟ་སྐུལ་དོ་དམ་ཁེ་ལས་ལ་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་འཕར་བར་ལྟ་སྐུལ་བྱས་ནས་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱབ་སྟེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དེ་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀུང་ཟིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། གཞུང་ལ་དབང་བའི་དཔལ་འབྱོར་གྱི་གྲུབ་ཚུལ་ལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ལོ2018ལོའི་ཟླ3པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཁག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བཅུག་ཡོད།

རིགས་དབྱེ།