ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >རྟེན་རྫས་ཁང་།

གདོང་ཚང་གསུང་རབ་རྟེན་མཛོད་ཁང་།

སྨུག་པོ་གདོང་ཚང་ངམ། མིང་གཞན་གདོང་གསེར་འཕྲུ་ཚང་དང་། ད་ལྟ་ཡོངས་གྲགས་སུ་གདོང་ཚང་ཟེར་ཞིང་། ཁྱིམ་རྒྱུད་དེས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་རིང་མོར་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་ཀྱིས། མི་རབས་ནས་མི་རབས་ལ་གསར་གཞེངས་དང་རྒྱུད་འཛིན་བྱས་པའི་གདོང་ཚང་རྒྱལ་བའི་གསུང་རབ་ཀྱིས་གཙོས་པའི་རྩ་ཆེའི་ནང་རྟེན་རྣམས་ཀྱིས་གྲུབ་པའི་ཁྱིམ་ཚང་གི་རྟེན་མཛོད་ཁང་ཞིག་ཡིན།

རིགས་དབྱེ།  

ཉལ་ཐའི་དམག་འཁྲུག་རྟེན་རྫས་བཤམས་མཛོད་ཁང་།

ཉལ་ཐའི་དམག་འཁྲུག་རྟེན་རྫས་བཤམས་མཛོད་ཁང་ནི་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་ཧུའུ་མོན་དུ་གནས་པ་དང་དེ་ནི་དྲན་གསོའི་རང་བཞིན་དང་རྗེས་ཤུལ་རང་བཞིན་ཟུང་འབྲེལ་གྱི་ཆེད་དོན་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན།

རིགས་དབྱེ།  

ཧུའུ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།

ཧུའུ་ནན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཁའེ་ཕུའུ་ཆུས་ཀྱི་ཤར་རླུང་ལམ་ཨང་50པར་གནས་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་དང་། ཀྲུང་དབྱང་ས་གནས་ཀྱིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་རིམ་པའི་གཙོ་གནད་རྟེན་རྫས་བཤམས་མཛོད་ཁང་བརྒྱད་ཀྱི་གྲས། ཧུའུ་ནན་ཞིང་ཆེན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལོ་རྒྱུས་སྒྱུ་རྩལ་རིགས་ཀྱི་རྟེན་རྫས་བཤམས་སྟོན་ཁང་ཆེ་ཤོས་ཤིག་ཡིན། ཧུའུ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ཆིན་ཀོང་ཞུའུ་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1897ལོར)བསྐྲུན་པ་དང་། ད་ལྟའི་འགྲེམས་ཁང་ནི་ཁང་གསར་པ་ཡིན་ལ། སྤྱི་ལོ2017ལོའི་ཟླ11པའི་ཚེས29ཉིན་སྤྱོད་འགོ་ཚུགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.9ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.1ཡོད། སྤྱི་ལོ2020ལོའི་ཟླ4པའི་དངོས་མང་བཤམས་སྟོན་ཁང་གི་གཞུང་ཕྱོགས་དྲ་བའི་ཐོག་མངོན་པར་གཞིགས་ན། ཧུའུ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.7ཡོད་པ་དང་། བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི18ལྷག་ཙམ་ཡོད། ལྷག་པར་དུ་ཁྲང་ཧྲ་མ་ཝང་ཏུའེ་ཧན་གྱི་བང་སོ་ནས་ཐོན་པའི་རིག་དངོས་དང་། ཡིག་རིས། ཉེ་རབས་དང་དེང་རབས་ཀྱི་རིག་དངོས་སོགས་ཡོད།

རིགས་དབྱེ།  

《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་དྲུག》ཁྱབ་བསྒྲགས་བྱེད་ཡུལ།

《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་དྲུག》ཅེས་པ་ནི་རང་རེའི་དམག་དཔུང་གི་སྐད་གྲགས་ཆེ་བའི《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་བརྒྱད》ཞེས་པ་དེའི་འབྱུང་ཁུངས་ཡིན་ཞིང་། དམར་དམག་གི་དུས་སྐབས་སུ་བློ་མཐུན་མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་ལ་འགོ་ཁྲིད་གནང་སྐབས་བཏོན་པའི་བླང་བྱ་ཡིན།

རིགས་དབྱེ།  

ཧོ་ལུང་རྗེས་དྲན་ཁང་།

ཧོ་ལུང་རྗེས་དྲན་ཁང་ནི་ཧུང་ཅ་ཀོན་གྱི་ཧོ་ལུང་གཞིས་རྙིང་ཁ་སྤྲོད་དུ་གནས་ཤིང་། སང་ཀྲི་རྫོང་གྲོང་དང་བར་ཐག་སྤྱི་ལེ13ཡོད། 2016ལོའི་ཟླ12པར་ཧོ་ལུང་རྗེས་དྲན་ཁང་དེ《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་མིང་ཐོ》ནང་ཚུད།

རིགས་དབྱེ།  

ཅང་ནན་གྲུ་གཟིངས་བཟོ་སྐྲུན་དངོས་མང་བཤམ་སྟོན་ཁང་།

ཅང་ནན་གྲུ་གཟིངས་བཟོ་སྐྲུན་དངོས་མང་བཤམས་སྟོན་ཁང་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཚན་རྩལ་ལོ་རྒྱུས་ཀྱི་བསྡུས་རིས་ཤིག་ཡིན་པ་མ་ཟད་ཀྲུང་གོའི་ཉེ་རབས་དང་དེང་རབས་བཟོ་ལས་ལོ་རྒྱུས་ཀྱི་བསྡུས་རིས་ཤིག་ཀྱང་ཡིན། ཅང་ནན་གྲུ་གཟིངས་དངོས་མང་བཤམས་སྟོན་ཁང་དུ་ལོ་རྒྱུས་ཀྱི་པར་རིས་དང་། སྤྱི་ལོ1865ལོ་ནས་ད་བར་ཀྲུང་གོའི་ཉེ་རབས་དམག་དོན་བཟོ་ལས་དང་གྲུ་གཟིངས་བཟོ་སྐྲུན་གྱི་ཧྲང་ཧེའི་རུ་གནས་པའི་དུས་རབས་གསུམ་ལ་བརྒལ་བའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། ད་ལྟ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཡིན།

རིགས་དབྱེ།  

ཀྲེ་ཅང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།

ཀྲེ་ཅང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དེ་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཁུལ་དུ་གནས། སྤྱི་ལོ1929ལོར་བསྐྲུན་པ་དང་། མིང་ལ“ཀྲེ་ཅང་ཞིང་ཆེན་ལི་ཞི་ཧུའུ་དངོས་མང་བཤམས་སྟོན་ཁང”ཞེས་འབོད། ཀྲེ་ཅང་ཞིང་ཆེན་ནང་ཁུལ་དུ་ཉར་ཚགས་དང་། བཤམས་སྟོན། ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཚན་རིག་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། སྤྱི་ལོ1993ལོར། ཀྲེ་ཅང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གསར་བ་འཛུགས་སྐྲུན་བྱས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ20400ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7360ཡོད། ལོ་རྒྱུས་རིག་དངོས་ཁང་དང་དཀར་ཡོལ་ཁང་། དཔེ་ཁང་། དངུལ་སྒོར་ཁང་། ལུའི་ཞ་ཀོང་སྒྱུ་རྩལ་ཁང་། ཁྲང་ཧྲུའུ་ཧུང་མཛེས་རྩལ་ཁང་སོགས་འགྲེམས་ཁང་བཅུ་གསར་དུ་བསྣན་པ་རེད། ཀྲེ་ཅང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་ཡིན། སྤྱི་ལོ2018ལོའི་ཟླ10པའི་ཚེས11ཉིན“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི”མིང་ཐོར་བདམས་པ་རེད།

རིགས་དབྱེ།  

ཀྲུང་གོ་ནན་ཅིང་ཡུན་ཅིན་རྟེན་རྫས་བཤམས་མཛོད་ཁང་།

ནན་ཅིང་ཡུན་ཅིན་རྟེན་རྫས་བཤམས་མཛོད་ཁང་ནི་ནན་ཅིང་གྲོང་ཁྱེར་ཅན་ཡེ་ཆུས་ཁྲ་ཐིང་སྲང་ལམ་ཤར་མའི་སྒོ་རྟགས་ཨང240པར་གནས་པ་དང་། དེ་ནི་ཀྲུང་གོའི་ཡུན་ཅིན་ཆེད་ལས་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་ཁབ་ཀྱི་རིམ་གསུམ་རྟེན་རྫས་བཤམས་མཛོད་ཁང་གི་གྲས་ཡིན། ཀྲུང་གོ་ནན་ཅིང་ཡུན་ཅིན་རྟེན་རྫས་བཤམས་མཛོད་ཁང་ནི་དེ་སྔའི་སྤྱི་ལོ1984ལོར་བསྐྲུན་པའི་ཀྲུང་གོའི་དར་གོས་བཟོ་རྩལ་བཤམས་སྟོན་ཁང་དེ་ཡིན། དེ་ནི་ཤེས་བྱ་དང་། ལྟ་སྐོར། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་དར་གོས་འཐག་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་པ་དང་ཅང་སུའུ་ཞིང་ཆེན་ནན་ཅིང་ཡུན་ཅིན་བཟོ་རྩལ་ཞིབ་འཇུག་ཐོན་སྐྱེད་ཚོད་ལྟའི་ལྟེ་གནས་ཀྱིས་གཙོ་གཉེར་བྱས། ཡུན་ཅིན་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གིས་ཡུན་ཅིན་འཐག་བཟོ་རྩལ་དང་། མིང་ཆིང་གི་དར་གོས་སྤུས་ལེགས་དངོས་པོ། ཀྲུང་གོའི་གནའ་རབས་དར་གོས་འཐག་རིག་དངོས་ཀྱི་འདྲ་བཟོས་དངོས་རྫས་དང་དེ་བཞིན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དར་གོས་འཐག་པ་སོགས་འགྲེམས་སྟོན་བྱས།

རིགས་དབྱེ།  

འཇར་དམག་ཧུའུ་ཐོའུ་བཙན་རྫོང་གནའ་ཤུལ་བཤམས་མཛོད་ཁང་།

འཇར་དམག་ཧུའུ་ཐོའུ་བཙན་རྫོང་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་དེ་ཧེ་ལུང་ཅང་ཞིང་ཆེན་ཧུའུ་ལིན་གྲོང་ཁྱེར་ཧུའུ་ཐོའུ་གྲོང་རྡལ་ཧུའུ་ཏུང་ཧྲན་དུ་གནས་པ་དང་ཧུའུ་ལིན་ལྟེ་གནས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ65ཡོད་པ་རེད། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་ཉེས་དཔང་དང་འཛམ་གླིང་དམག་ཆེན་གཉིས་པའི་མཐའ་མའི་དམག་འཐབ་ཀྱི་ཆེད་དོན་རྣམ་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་རེད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས། རྟེན་རྫས་བཤམས་མཛོད་ཁང་དེ་སྤྱི་ལོ1999ལོའི་ཟླ4པར་དངོས་སུ་ལས་འགོ་བརྩམས་པ་དང་། སྤྱི་ལོ2000ལོའི་ཟླ6པ་ནས་འགྲེམས་སྟོན་མཛེས་བཟོའི་ལས་གྲྭ་སྤེལ་འགོ་བཙུགས་ཤིང་། སྤྱི་ལོ2001ལོའི་ཟླ་8པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད། སྤྱི་ལོ2017ལོའི་ཟླ་དང་པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཡུལ་སྐོར་ཅུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཚན་པས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་ནང་ཚུད་ཡོད།

རིགས་དབྱེ།  

རིག་གནས་གསར་བའི་ལས་འགུལ་རྗེས་དྲན་ཁང་།

རིག་གནས་གསར་བའི་ལས་འགུལ་རྗེས་དྲན་ཁང་ནི་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ལྔ་བཞིའི་ཁྲོམ་གཞུང29པ་རུ་གནས་ཡོད། ཐོག་ཁང་དམར་པོ་དེ་ནི་སྤྱི་ལོ1918ལོར་བསྐྲུན་པ་དང་པེ་ཅིང་སློབ་ཆེན་གྱི་གནས་རྙིང་ཡིན་པ་དང་། དུས་རབས་ཉི་ཤུ་པའི་དུས་འགོའི་ཀྲུང་གོའི་རིག་གནས་གསར་བའི་ལས་འགུལ་གྱི་དཔུང་སྒར་ཡིན།

རིགས་དབྱེ།  

ལི་ཏཱ་ཀྲའོ་ཡི་གཞིས་རྙིང་།

ལི་ཏཱ་ཀྲའོ་ཡི་གཞིས་རྙིང་ནི་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཝུན་ཧྭ་ཧུའུ་ཐུང་ཨང24པར་གནས་ཡོད་པ་དང་། པེ་ཅིང་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་དང་། གྲོང་ནུབ་ཁུལ་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཅས་ཡིན།

རིགས་དབྱེ།  

ཀྲུང་གོའི་པར་འདེབས་དངོས་མང་བཤམས་སྟོན་ཁང་།

ཀྲུང་གོའི་པར་འདེབས་དངོས་མང་བཤམས་སྟོན་ཁང(China Printing Museum)ནི་པེ་ཅིང་གྲོང་ཁྱེར་ཏཱ་ཞིན་ཆུས་ཧོང་ཚུན་ཞིན་ཧྭ་བྱང་ལམ་ཨང25པར་གནས་པ་དང་། དེ་ནི་འཛམ་གླིང་ཐོག་གི་པར་འདེབས་ཆེད་ལས་དངོས་མང་བཤམས་སྟོན་ཁང་ཆེ་ཤོས་ཡིན།

རིགས་དབྱེ།  

ཀོང་ཞི་མི་རིགས་དངོས་མང་བཤམས་སྟོན་ཁང་།

ཀོང་ཞི་མི་རིགས་དངོས་མང་བཤམས་སྟོན་ཁང་ནི་ནན་ཉིང་གྲོང་ཁྱེར་ཆིང་ཞིའུ་རི་བོའི་མཛེས་ལྗོངས་ཁུལ་གྱི་ཆིང་ཧོའེ་ལམ་ཨང11པར་གནས་པ་དང་། ས་ཁྱོན་ལ་མུའུ130ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར2.5བཏང་བ་དང་། ཀོང་ཞི་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་ཀོང་ཞིའི་མི་རབས་ནས་མི་རབས་བར་གནས་སྡོད་བྱེད་པའི་མི་རིགས12ཀྱི་སྲོལ་རྒྱུན་རིག་གནས་ཉར་ཚགས་དང་། ཞིབ་འཇུག མངོན་སྟོན་བཅས་ཀྱི་ལས་འགན་གཙོ་བོར་བྱས་པ་དང་ཆབས་ཅིག་ཀོང་ཞི་མཐའ་འཁོར་ཞིང་ཆེན་གྱི་མི་རིགས་ཁག་དང་ཨེ་ཤེ་ཡ་ཤར་ལྷོའི་མི་རིགས་ཁག་གི་རིག་གནས་ཞིབ་འཇུག་དང་། རིག་དངོས་དཔྱད་གཞི་ཉར་ཚགས། དྲིལ་བསྒྲགས་འགྲེམས་སྟོན་བཅས་ལ་ཡང་ལྟ་རྟོག་བྱས་ཡོད།

རིགས་དབྱེ།  

ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།

ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཆི་ལི་ཧོ་ཆུས་ཤིས་ཅིན་ནུབ་ལམ་ཨང3པར་གནས་པ་དང་། ཀན་སུའུ་ཞིང་ཆེན་གྱི་གཞི་ཁྱོན་ཅུང་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་ལ། དེ་ནི་སྤྱི་ལོ1956ལོར་བསྐྲུན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.1ལྷག་ཙམ་ཟིན། འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.3ལྷག་ཙམ་ཟིན་ཡོད། ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ལོ་རྒྱུས་རིག་དངོས་དང་ཉེ་རབས་དང་དེང་རབས་ཀྱི་རིག་དངོས། མི་རིགས་ཀྱི་རིག་དངོས། གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་དང་དེ་བཞིན་མ་དཔེ་ཁྲི35ལྷག་ཙམ་ཉར་ཚགས་བྱས་ཡོད། ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དེ་སྤྱི་དམངས་ལ་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་སློབ་གསོ་སྤེལ་ཡུལ་གཙོ་བོར་གྱུར་ཡོད། སྔ་རྗེས་སུ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བདམས་ཐོན་བྱུང་བ་རེད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་དུ་རིམ་སྤོར་བྱས་པ་རེད། སྤྱི་ལོ2018ལོའི་ཟླ་བཅུ་པར་སྤྱི་ལོ2018ལོའི“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི”ཞེས་མིང་བཏགས།

རིགས་དབྱེ།  

ཀྲུང་གོའི་ཡི་གེ་དངོས་མང་བཤམས་སྟོན་ཁང་།

ཀྲུང་གོ་ཡི་གེའི་དངོས་མང་བཤམས་སྟོན་ཁང་ནི་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་མི་དམངས་ལམ་ཆེན་ཤར་མའི་ཨང656པར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པའི་རིག་དངོས་སྲུང་སྐྱོབ་དང་བཤམས་སྟོན། ཚན་རིག་ཞིབ་འཇུག་གི་ནུས་པ་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་ཆེད་དོན་རྟེན་རྫས་བཤམས་སྟོན་ཁང་ཞིག་ཡིན་ལ། ཀྲུང་གོའི་ཡི་གེ་བརྗོད་བྱ་གཙོ་བོར་བྱས་པའི་དངོས་མང་བཤམས་སྟོན་ཁང་ཐོག་མ་དེའང་ཡིན། དངོས་མང་བཤམས་སྟོན་ཁང་དེ་ནི་དེང་རབས་ཀྱི་འཛུགས་སྐྲུན་ཁྱད་ཆོས་དང་དབྱིན་ཧྲང་ཕོ་བྲང་གི་ཉམས་འགྱུར་ལྡན་པའི་དེང་རབས་ཀྱི་བཟོ་སྐྲུན་རྣམ་པ་ཞིག་ཡིན་པ་དང་། དེ་ནི་ཡིག་ཁང་དང་ཐང་ཆེན། ཚང་ཅེ་ཁང་། ཚན་རིག་ཁྱབ་གདལ་ཁང་། ཞིབ་འཇུག་ལྟེ་གནས་སོགས་ལས་གྲུབ་པ་དང་། སྤྱིའི་རྒྱ་ཁྱོན་ལ་མུའུ143ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ34500ཡོད་པ་རེད། ཁྱོན་བསྡོམས་རིག་དངོས4123ཡོད་པའི་ནང་རིམ་པ་དང་པོའི་རིག་དངོས305ཡོད་པ་དེ་དག་རུས་བརྐོས་ཡི་གེ་དང་གསེར་ཡིག ཡིག་ཆ་བསྡུས་མ། དར་གོས་དཔེ་དེབ། རྒྱ་ཡིག་གི་བྱུང་འཕེལ་ལོ་རྒྱུས། གྲངས་ཉུང་མི་རིགས་ཀྱི་ཡི་གེ འཛམ་གླིང་གི་ཡི་གེ་སོགས་ཕྱོགས་མང་པོ་ཡོད་པ་རེད། སྤྱི་ལོ2007ལོའི་ཟླ11པའི་ཚེས29ཉིན། ཀྲུང་གོའི་ཡི་གེའི་དངོས་མང་བཤམས་སྟོན་ཁང་གི་དུས་ཐེངས་དང་པོའི་ལས་གཞི་ལས་མགོ་བརྩམས་པ་དང་། སྤྱི་ལོ2009ལོའི་ཟླ11པའི་ཚེས26ཉིན་དངོས་སུ་སྒོ་ཕྱེ་བ་རེད། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་རྟེན་གཞི་ཁག་དང་པོ་ཡིན་པ་དང་། སྤྱི་ལོ2020ལོའི་ཟླ12པར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་ཁག་བཞི་པར་དཔྱད་བསྡུར་གཏན་འབེབས་བྱས་པ་རེད།

རིགས་དབྱེ།  

ཧུ་ཕུའུ་རྫོང་དངོས་མང་བཤམས་སྟོན་ཁང་།

ཧུ་ཕུའུ་རྫོང་དངོས་མང་བཤམས་སྟོན་ཁང་དེ་སྤྱི་ལོ1978ལོའི་ཟླ9པའི་ཚེས20ཉིན་བཙུགས་ཤིང་། འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2344ཡོད་པ་དང་། ཕྱོགས་བསྡུས་ཐོག་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1800ཟིན། ས་འོག་ནས་བཏོན་པ་དང་རྒྱུད་འཛིན་བྱས་པའི་རིག་དངོས་ཁག5000ལྷག་ཙམ་ཉར་ཚགས་བྱས་པའི་ནང་ཟངས་ཀྱི་གློག་སྒྲོན་དང་ཟངས་ཀྱི་མཛོད། ཟངས་ཀྱི་ཐེམ་བྱང་། རྐང་བ་གསུམ་ཅན་གྱི་སྡེར་མ་སོགས་ཁག5“རྒྱལ་ཁབ་ཀྱི་ས་འོག་ནས་ཐོན་པའི་རིག་དངོས་འགྲེམས་སྟོན”དང་སྦྲགས་སྔ་རྗེས་སུ་འཇའ་ཕན་དང་ཁྭ་ན་ཏ་སོགས་རྒྱལ་ཁབ་ཁག་ཏུ་འགྲེམས་སྟོན་བྱས། དངོས་མང་བཤམས་སྟོན་ཁང་དེ་ནི་ས་གནས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་དང་རྫོང་རིག་གནས་ཅུའུ་ཡི་ཁོངས་སུ་གཏོགས།

རིགས་དབྱེ།  

ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྟེན་རྫས་བཤམས་མཛོད་ཁང་།

ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་ལོ2006ལོར་བསྐྲུན་པ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.2ཡོད། དེ་ནི་འཛམ་གླིང་ཐོག་བོད་ཀྱི་རིག་གནས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་གཅིག་པུ་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བཟང་པོའང་ཡིན་པ་རེད།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་།

མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་ནི་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཞིན་ཉིང་ཐང་ཆེན་གྱི་ཤར་ཕྱོགས་སུ་གནས་པ་དང་། དེ་ནི་མཚོ་སྔོན་གྱི་དེང་རབས་ཅན་གྱི་ནུས་པ་ལྡན་པའི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་ཆེ་གྲས་དང་པོ་དེ་ཡིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གི་ཁོངས་སུ་གཏོགས་པ་དང་། ཞིང་ཆེན་རིམ་པའི་སྤྱི་ཕན་རིགས་དང་པོའི་བྱ་གཞག་ཚན་པ་ཡིན་པས་ས་ཆའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17000དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ20800ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་སྤྱི་ལོ1957ལོར་གྲབས་འཛུགས་བྱས་པ་དང་སྤྱི་ལོ1986ལོའི་ཟླ9པར་དངོས་སུ་བཙུགས་པ་དང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད། སྤྱི་ལོ2017ལོའི་ཟླ་དང་པོར་ཀྲུང་གོ་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་ལ་བདམས་པ་རེད།

རིགས་དབྱེ།  

ཁྲུང་ཆིང་རང་བྱུང་དངོས་མང་བཤམས་སྟོན་ཁང་།

ཁྲུང་ཆིང་རང་བྱུང་དངོས་མང་བཤམས་སྟོན་ཁང་ནི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། དེ་སྔ་ནི་སྤྱི་ལོ1930ལོར་སྐུ་ཞབས་ལུའུ་ཙུའོ་ཧྥུའུ་ཡིས་གསར་དུ་བཙུགས་པའི“ཀྲུང་གོ་ནུབ་རྒྱུད་ཚན་རིག་ཁང”ཡིན། དེ་བཞིན་སྤྱི་ལོ1943ལོར་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་སྒྲིག་གཞི་བཅུ་ལྷག་ཙམ་གྱིས་མཉམ་འབྲེལ་ཐོག་བཙུགས་པའི“ཀྲུང་གོའི་ནུབ་རྒྱུད་རྟེན་རྫས་བཤམས་མཛོད་ཁང”ཡིན་པ་རེད། སྤྱི་ལོ1949ལོ་ནས་བཟུང་སྔ་རྗེས་སུ་ལྷོ་ནུབ་མི་དམངས་ཚན་རིག་ཁང་དང་། ལྷོ་ནུབ་རྟེན་རྫས་བཤམས་མཛོད་ཁང་གི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་། ཁྲུང་ཆིང་གྲོང་ཁྱེར་གྱི་རང་བྱུང་པུའུ་བཅས་སུ་བསྒྱུར། སྤྱི་ལོ1981ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་ཞེས་པར་བསྒྱུར། སྤྱི་ལོ2018ལོའི་ཟླ10པར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིར་བདམས་པ་རེད། སྤྱི་ལོ2020ལོའི་ཟླ5པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ཆེ་གྲས་བཅུའི་སྤུས་དག་ཐོན་རྫས་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

རྨ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་།

རྨ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་རེབ་གོང་ལམ་ཨང52པར་གནས། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4910ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2983ཡོད། བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ960ལྷག་ཙམ་ཡོད་པས་ས་གནས་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། སྤྱི་ལོ1985ལོའི་ཟླ6པར་རྨ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ་དང་། དེའི་ནང་དུ་ཉར་རྫས་ཀྱི་རིགས་ལ་ཐང་ག་དང་། ཐང་རྙིང་། འཚེམ་དྲུབ། འཇིམ་སྐུ། ཤིང་བརྐོས། རྡོ་བརྐོས་རི་མོ། རྫ་ཆས། དཀར་ཡོལ། གནའ་གཞུང། ཡིག་འཕྲིན། ཡིག་གཟུགས། ལྕགས་རིགས་སྐུ་བརྙན་སོགས་ཡོད། སྤྱི་ལོ2019ལོའི་ལོ་མཇུག་བར་བཤམས་སྟོན་ཁང་ནང་ཉར་ཚགས་བྱས་པའི་དངོས་རྫས1705ཡོད་པའི་ནང་རྩ་ཆེའི་རིག་དངོས83ཡོད།

རིགས་དབྱེ།  

ཀྲེན་ཧའེ་ཁོའུ་མཚོ་སྲུང་གནའ་ཤུལ།

ཀྲེན་ཧའེ་ཁོའུ་མཚོ་སྲུང་གནའ་ཤུལ་ནི་ཤར་རྒྱ་མཚོའི་འགྲམ་གྱི་ཡུང་ཅང་ཁོའུ་རུ་གནས་ཡོད་པས།“ཀྲེ་གཉིས་ཀྱི་སྒོ་མོ་”དང་།“ཧའེ་ཐེན་ཞུང་ཀྲེན”ཞེས་འབོད་ཅིང་། དེ་ནི་རང་རྒྱལ་ཤར་ལྷོའི་མཚོ་རྒྱུད་མི་དམངས་ཀྱིས་མཚོ་ཇག་འགོག་པ་དང་། དབྱིན་འགོག ཧྥ་འགོག འཇར་འགོག་བཅས་ཀྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་མཚོ་སྲུང་གི་ལོ་རྒྱུས་གནའ་ཤུལ་ཡོད།

རིགས་དབྱེ།  

ཡུས་ཡའོ་གྲོང་ཁྱེར་ཧུ་མུའུ་ཏུའུ་གནའ་ཤུལ་དངོས་མང་རྟེན་རྫས་ཁང་།

ཧུ་མུའུ་ཏུའུ་གནའ་ཤུལ་ནི་ཀྲུང་གོའི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་གདོད་མའི་གནའ་ཤུལ་ཞིག་ཡིན་པ་དང་། ཧང་ཀྲོའུ་མཚོ་ཁུག་གི་ལྷོ་ངོགས་དང་སི་མིང་རི་བོའི་བྱང་ངོས་ཀྱི་ཡའོ་ཅང་མཚོ་འགྲམ་དུ་གནས། གནའ་ཤུལ་ཁྲོད་ནས་ཐོན་པའི་སྲོག་ཆགས་ཀྱི་རུས་པ་འབོར་ཆེན་ཞིག་གསལ་འབྱེད་བྱས་པ་བརྒྱུད་སྲོག་ཆགས་ཀྱི་རིགས61ལ་གཏོགས། སྤྱི་ལོ2018ལོའི་ཟླ10པར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་རྟེན་གཞིར་བདམས།

རིགས་དབྱེ།  

ནང་སོག་དངོས་མང་བཤམས་སྟོན་ཁང་།

ནང་སོག་དངོས་མང་བཤམས་སྟོན་ཁང་ནི་ནང་སོག་ཧུའུ་ཧུ་ཧའོ་ཐུ་གྲོང་ཁྱེར་ཞིན་ཁྲེང་ཆུས་ཞིན་ཧྭ་ཤར་ཁྲོམ་གཞུང་དུ་གནས་པ་དང་། ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་བཙུགས་པའི་ཆེས་སྔ་ཤོས་ཀྱི་དངོས་མང་བཤམས་སྟོན་ཁང་གི་གྲས་ཤིག་ཀྱང་ཡིན།

རིགས་དབྱེ།  

ཐེན་ཅིན་ཚན་རྩལ་ཁང་།

ཐེན་ཅིན་ཚན་རྩལ་ཁང་ནི་ཐེན་ཅིན་གྲོང་ཁྱེར་གྱི་རིག་གནས་ལྟེ་གནས་ཁུལ་དུ་གནས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་རང་བཞིན་གྱི་ཚན་རིག་ཁྱབ་སྤེལ་གྱི་སྒྲིག་བཀོད་ཅིག་ཡིན་ལ། སྤྱི་ལོ1995ལོར་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་ཤིང་སྤྱི་ལོ2008ལོའི་ཟླ9པར་དེ་གའི་རྒྱུན་འགྲེམས་ཚོམས་ཆེན་དེ་ཉིད་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་ཕྱེས། ཐེན་ཅིན་ཚན་རྩལ་ཁང་དངོས་སུ་བཙུགས་པ་ནས་བཟུང་ལོ་ངོ་ཉི་ཤུའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ36དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད500ལྷག་ནང་དུ་འདུས་པའི་ལྟད་མོ་བ་ཁྲི་དགུ་བརྒྱ་ལྷག་ལ་སྣེ་ལེན་བྱས་ཤིང་། སྔ་རྗེས་སུ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་སྤེལ་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ལོ་ཆུང་གཞོན་ནུའི་ཚན་རྩལ་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཀྱི་མིང་བཏགས་གནང་བ་མ་ཟད། རྒྱལ་ཡོངས་ཚན་རིག་ཁྱབ་སྤེལ་བྱ་བའི་སྔོན་ཐོན་ཐུན་མོང་དང་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྔོན་ཐོན་ལས་ཁུངས། ཐེན་ཅིན་གྲོང་ཁྱེར་གྱི་དཔེ་སྟོན་ཐུན་མོང་སོགས་གཟི་བརྗིད་མཚན་སྙན70ལྷག་ཐོབ་ཡོད་ལ། རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡང་ཡིན།

རིགས་དབྱེ།  

ནན་ཅིང་རྟེན་རྫས་བཤམས་སྟོན་ཁང་།

ནན་ཅིང་རྟེན་རྫས་བཤམས་སྟོན་ཁང་ནི་ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་ཀྲུང་ཧྲན་ཤར་ལམ་ཨང321པར་གནས་ཤིང་། ཀྲུང་གོའི་རྟེན་རྫས་བཤམས་སྟོན་ཁང་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། ཀྲུང་གོས་གསར་དུ་འཛུགས་སྔ་ཤོས་ཀྱི་རྟེན་རྫས་བཤམས་སྟོན་ཁང་དང་ཀྲུང་གོའི་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཕྱོགས་བསྡུས་རིགས་ཀྱི་རྟེན་རྫས་བཤམས་སྟོན་ཁང་ཞིག་ཡིན། སྤྱི་ལོ2018ལོའི་བར་ནན་ཅིང་རྟེན་རྫས་བཤམས་སྟོན་ཁང་དུ་ཉར་ཚགས་དངོས་པོའི་རིགས432768(ཆ་ཚང)དང་རྩ་ཆེའི་རིག་དངོས371032(ཆ་ཚང)ཡོད།

རིགས་དབྱེ།  

སི་ཁྲོན་དང་ཧྲའན་ཞི་གསར་བརྗེ་བརྟེན་གཞིའི་རྟེན་རྫས་བཤམས་མཛོད་ཁང་།

སི་ཁྲོན་དང་ཧྲའན་ཞི་གསར་བརྗེ་བརྟེན་གཞིའི་རྟེན་རྫས་བཤམས་མཛོད་ཁང་ནི་སི་ཁྲོན་དང་ཧྲའན་ཞི་གསར་བརྗེའི་སུའུ་ཝེ་ཨེད་ས་ཁུལ་གྱི་གསར་བརྗེའི་རིག་དངོས་དང་ལོ་རྒྱུས་ཉར་ཚགས་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པའི་ཆེད་དོན་ཁང་ཞིག་ཡིན། འགྲེམས་སྟོན་ཁང་དེ་ནི་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་པ་ཀྲོའུ་ཆུས་སུ་བཙུགས་ཡོད།

རིགས་དབྱེ།  

ཏ་ཐུང་རྡོ་སོལ་གཏེར་ཁའི་རྐྱེན་ལམ་དུ་ཤོར་བའི་གཏེར་འདོན་བཟོ་པའི“བེམ་རོ་ཁྲི”ཡི་འགྲེམས་སྟོན་ཁང་།

“བེམ་རོ་ཁྲི”ནི་ཏ་ཐུང་རྡོ་སོལ་གཏེར་ཁའི་འགྲེམས་སྟོན་ཁང་གི་མིང་གཞན་ཞིག་ཡིན་པ་དང་། དེར་འཇར་པན་ཇག་དམག་གིས་ཀྲུང་གོར་བཙན་འཛུལ་བྱེད་རིང་གནོད་འཚེ་བཏང་བའི་གཏེར་འདོན་བཟོ་པའི་ཕུང་པོ་ཤོང་བའི་བྲག་ཕུག་གཉིས་ཡོད་པས་མིང་དེ་ལྟར་ཐོགས། སྤྱི་ལོ1962ལོར་འགྲེམས་ཁང་བཙུགས་པ་ནས་བཟུང་སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་དུ་མྱ་ངན་བྱེད་མཁན་ཁྲི་བརྒྱ་ལྷག་ཙམ་ལ་སྣེ་ལེན་ཞུས་ནས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར།

རིགས་དབྱེ།  

ནང་སོག་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་ཁང་།

ནང་སོག་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཞིན་ཁྲེང་ཁུལ་གྱི་བྱང་སྐོར་གཉིས་པའི་ལམ་ཏེ་ཀྲོའུ་ཡིང་གྲོང་ཚོའི་ཤར་རྒྱུད་དུ་གནས་ཡོད། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་ཆེད། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ1963ལོ་ནས་བཟུང་ནང་སོག་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་བསྐྲུན་འགོ་ཚུགས། བང་སོ་ཁང་གི་རྒྱ་ཁྱོན་ལ་མུའུ214ཡོད་པ་དང་འཛུགས་སྐྲུན་གྱི་སྒྲིག་བཀོད་གཙོ་བོར་མྱ་ངན་ཞུ་བའི་ཚོམས་ཆེན་དང་། སྣེ་ལེན་ཁང་། སྔོན་གཤེགས་དཔའ་བོའི་ཚེ་གང་གི་དྲན་གསོ་ཁང་། རུས་ཐལ་ཁང་སོགས་ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ལྷག་ཙམ་ཟིན་ཡོད། སྤྱི་ལོ2005ལོའི་ཟླ11པར་ནང་སོག་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར་ཁྱབ་བསྒྲགས་བྱས། སྤྱི་ལོ2001ལོའི་ཟླ5པར་དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་ཀྱི་གཙོ་གནད་སྔོན་གཤེགས་དཔའ་བོའི་དྲན་གསོའི་འཛུགས་སྐྲུན་དངོས་པོ་སྲུང་སྐྱོང་ཚན་པར་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ཧྥུའུ་ཧྲུན་ཉེས་ཅན་བཙོན་ཁང་གནས་རྙིང་བཤམས་སྟོན་ཁང་།

ཧྥུའུ་ཧྲུན་ཉེས་ཅན་བཙོན་ཁང་གི་གནས་རྙིང་བཤམས་སྟོན་ཁང་དེ་ཧྥུའུ་ཧྲུན་གྲོང་ཁྱེར་ཀའོ་ཨེར་རི་འདབས་སུ་གནས་ཤིང་། ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཁུལ་ཉིང་ཡོན་སྲང་ལམ་གྱི་སྒོ་རྟགས་ཨང43པར་གནས་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ20000ལྷག་ཙམ་ཡོད། སྤྱི་ལོ1956ལོའི་ཟླ6པ་ནས་སྤྱི་ལོ1964ལོའི་ཟླ3པའི་བར་བཙོན་འཇུག་བྱས་པའི་འཇར་པན་གྱི་དམག་འཁྲུག་ཉེས་ཅན་ཚང་མ་ཁག་བགོས་ཀྱིས་གློད་གྲོལ་བཏང་ནས་རང་རེའི་རྒྱལ་ཁབ་དུ་ལོག་པ་དང་། སྤྱི་ལོ1959ལོའི་ཟླ12པ་ནས་སྤྱི་ལོ1975ལོའི་ཟླ3པའི་བར་བཙོན་འཇུག་བྱས་པའི་མན་ཇུ་རྒྱལ་ཁབ་རྫུས་མའི་དམག་འཁྲུག་གི་ཉེས་ཅན་དང་གོ་མིན་ཏང་གི་དམག་འཁྲུག་གི་ཉེས་ཅན་ཡང་དུས་བགོས་ཁག་བགོས་ཀྱིས་གློད་འགྲོལ་བཏང་བ་རེད།

རིགས་དབྱེ།  

ལེའོ་ཉིང་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་ལོ་རྒྱུས་འགྲེམས་སྟོན་ཁང་།

བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་ལོ་རྒྱུས་འགྲེམས་སྟོན་ཁང་ནི་ལེའོ་ཉིང་ཞིང་ཆེན་པུན་ཞི་མན་ཇུ་རིགས་རང་སྐྱོང་རྫོང་ཞའོ་ཧྲི་ཁྲེང་ཧོ་ཤར་འགྲམ་དུ་གནས་ཡོད། ལིའོ་ཉིང་ནི་བྱང་ཤར་འཇར་འགོག་མཉམ་འབྲེལ་བྱ་འགུལ་གྱི་ས་ཁོངས་གཙོ་བོ་ཞིག་ཡིན་ལ། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་ལོ་རྒྱུས་འགྲེམས་སྟོན་ཁང་དེ་སྤྱི་ལོ2005ལོའི་ཟླ7པའི་ཚེས29ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5040ཟིན་པའི་ནང་འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ3000ཡོད། ཁྱོན་གོ་རིམ་ཚོམས་ཆེན་དང་། འགྲེམས་ཁང་གཙོ་བོ། སྔོན་གཤེགས་དཔའ་བོའི་ཚོམས་ཆེན་བཅས་ཁག་གསུམ་ཡོད་པ་དང་འགྲེམས་ཁང12ཡོད་པ་རེད།

རིགས་དབྱེ།