ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >ཕྱི་འབྲེལ།

ཕྱི་འབྲེལ།

ཕྱི་འབྲེལ་ནི་རྒྱུན་པར་རྒྱལ་ཁབ་ཅིག་གི་རྒྱལ་སྤྱིའི་སྟེང་གི་བྱེད་སྒོ་ལ་གོ་ཞིང་། དཔེར་ན་རྒྱལ་སྤྱིའི་རྩ་འཛུགས་དང་ཚོགས་འདུ་ལ་ཞུགས་སྐབས་སུ་ཕན་ཚུན་ཕོ་ཉ་མངགས་ནས་གྲོས་མོལ་བྱེད་པ་དང་ཆིངས་ཡིག་འཇོག་པ་སོགས་ཡིན། རྒྱལ་ཁབ་ཀྱིས་ཞི་བདེའི་ཐབས་ཤེས་ཀྱིས་ཕྱི་ཕྱོགས་ལ་བདག་དབང་གི་བྱེད་སྒོ་སྤྱོད་པ་ཡིན་ཞིང་། རྒྱུན་དུ་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་འབྲེལ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་ལ་གོ་བ་ཡིན།

རིགས་དབྱེ།  

ཕྱི་ཕྱོགས་ཉོ་ཚོང་བདག་གཉེར་བྱེད་མཁན།

ཕྱི་ཕྱོགས་ཉོ་ཚོང་བདག་གཉེར་བྱེད་མཁན། བཅའ་ཁྲིམས་ལྟར་བཟོ་ཚོང་ཐོ་འགོད་དམ་ཡང་ན་ལས་གཉེར་འགྲོ་ལུགས་གཞན་དག་བསྒྲུབས་དགོས། ཕྱི་ཕྱོགས་ཉོ་ཚོང་བདག་གཉེར་བྱེད་མཁན་ཞེས་པ་ནི་ཁྲིམས་ལྟར་བཟོ་ཚོང་ཐོ་འགོད་དམ་ཡང་ན་ལས་གཉེར་གྱི་འགྲོ་ལུགས་གཞན་དག་སྒྲུབ་པ་དང་། ཕྱི་ཕྱོགས་ཉོ་ཚོང་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་ལྟར་ཕྱི་ཕྱོགས་ཉོ་ཚོང་བདག་གཉེར་བྱེད་སྒོ་སྤེལ་བའི་ཁྲིམས་མི་དང་རྩ་འཛུགས་གཞན་ནམ་མི་སྒེར་བཅས་ལ་ཟེར།

རིགས་དབྱེ།  

རྒྱལ་སྤྱིའི་སློབ་ཆེན་མཐུན་ཚོགས།

རྒྱལ་སྤྱིའི་སློབ་ཆེན་མཐུན་ཚོགས་ཀྱི་བསྡུས་མིང་ལ“IAU”ཞེས་འབོད་པ་དང་། “རྒྱལ་སྤྱིའི་སློབ་ཆེན་ཅུའུ”ཡང་ཟེར། དེ་ནི་མཐོ་རིམ་སློབ་གསོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྲིད་གཞུང་མིན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། མཐུན་ཚོགས་དེ་སྤྱི་ལོ1950ལོར་བཙུགས་པ་དང་། ཚོགས་པའི་ས་གནས་ཧྥ་རན་སེའི་ཕ་རི་སིར་བཙུགས་ཡོད། དམིགས་ཡུལ་ནི་རྒྱལ་སྤྱིའི་ཁྱབ་ཁོངས་ནང་གི་སློབ་ཆེན་དང་། རིགས་གཅིག་པའི་ཞིབ་འཇུག་ལས་ཁུངས། དེ་བཞིན་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་གཞན་དག་བར་གྱི་མཉམ་ལས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

རིགས་དབྱེ།