ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >ཁེ་ལས།

ཁྲོམ་རའི་དཔལ་འབྱོར།

ཁྲོམ་རའི་དཔལ་འབྱོར(དེར་ལ་རང་དབང་ཁྲོམ་རའི་དཔལ་འབྱོར་དང་ཡང་ན་རང་དབང་ཁེ་ལས་དཔལ་འབྱོར་ཞེས་ཀྱང་ཟེར) ནི་དཔལ་འབྱོར་གྱི་མ་ལག་ཅིག་ཡིན་པ་དང་། མ་ལག་འདི་ལྟ་བུའི་ཆ་རྐྱེན་འོག་ཐོན་རྫས་དང་ཞབས་ཞུའི་ཐོན་སྐྱེད་དང་ཉོ་ཚོང་དེ་རང་དབང་ཁྲོམ་རའི་རང་དབང་རིན་གོང་གི་སྒྲིག་གཞི་ཁོ་ནར་བརྟེན་ནས་བྱུང་གི་ཡོད་པ་ལས། འཆར་གཞི་ལྡན་པའི་དཔལ་འབྱོར་ལྟར་རྒྱལ་ཁབ་ཀྱི་ཁྲིད་སྟོན་ལ་བརྟེན་པ་ཞིག་མིན།

རིགས་དབྱེ།  

ཀྲུང་གོ་ཁེ་ལས་པའི་མཐུན་ཚོགས།

ཀྲུང་གོ་ཁེ་ལས་པའི་མཐུན་ཚོགས་ནི་སྤྱི་ལོ1984ལོའི་ཟླ་གསུམ་པར་གསར་འཛུགས་བྱས་པ་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་གསར་འཛུགས་བྱས་པ་ཅུང་སྔ་བ་དང་གཞི་ཁྱོན་ཅུང་ཆེ་བའི་རྒྱལ་ཡོངས་རང་བཞིན་གྱི་དཔལ་འབྱོར་གྱི་རྣམ་པའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། མཐུན་ཚོགས་ལ་ཚོགས་མི་ཁེ་ལས་ཁྲི་ལྔ་བཅུ་ལྷག་ཡོད་པ་དང་རྒྱལ་ཡོངས་ཐད་གཏོགས་ཁེ་ལས་ལས་ཁུངས་སྟོང་བཞི་དང་ལྔ་བརྒྱ་ལྷག་ཡོད།

རིགས་དབྱེ།  

ཁེ་ལས།

ཁེ་ལས་ནི་ཁེ་སྤོགས་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་སྣ་ཚོགས(ས་ཞིང་དང་ངལ་རྩོལ་ནུས་ཤུགས། མ་རྩ། ལག་རྩལ་དང་ཁེ་ལས་པའི་འཇོན་ཐང་སོགས)བཀོལ་སྤྱོད་བྱས་ནས་ཁྲོམ་རར་ཚོང་ཟོག་དང་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། གཉེར་སྐྱོང་རང་བདག་དང་ཁེ་གྱོང་རང་ཁུར། རང་ཚུགས་རྩིས་ཞིབ་ལག་བསྟར་བྱེད་པའི་ཁྲིམས་མི་དང་དེ་ལས་གཞན་པའི་སྤྱི་ཚོགས་དཔལ་འབྱོར་གྱི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

གསོལ་མགྲོན་ཁང་།

གསོལ་མགྲོན་ཁང་ནི་གཙོ་བོ་གནས་སྐོར་པ་རྣམས་ལ་དུས་ཡུན་ཐུང་ངུའི་ཞག་སྡོད་བྱེད་ས་འདོན་སྤྲོད་བྱེད་སའི་ས་གནས་ཤིག་ཡིན་ཞིང་། གསོལ་མགྲོན་ཁང་གིས་ཞག་སྡོད་འདོན་སྤྲོད་བྱེད་པ་ལས་གཞན། གནས་སྐོར་པ་རྣམས་ལ་གསོལ་ཁང་དང་ཆུ་རྐྱལ་རྫིང་བུ། བྱིས་པ་གཉོར་བ་སོགས་ཀྱི་ཞབས་ཞུ་ཡང་བསྒྲུབ་པ་རེད། གསོལ་མགྲོན་ཁང་ལ་ལ་རུ་ཚོགས་འདུའི་སྒྲིག་ཆས་ཀྱང་ཡོད་ཅིང་། ཚོང་དོན་སྡེ་ཁག་གི་ཚོགས་འདུ་འཚོགས་པའམ་ཡང་ན་གསར་འགོད་པའི་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་ཆོག་ལ། གསོལ་མགྲོན་ཁང་གི་གསོལ་སྟོན་ཁང་དུ་གཉེན་སྟོན་གྱི་མཛད་སྒོ་དང་གར་ཚོགས་སོགས་ཀྱི་བྱ་འགུལ་ཡང་སྤེལ་ཆོག་པ་ཡིན།

རིགས་དབྱེ།  

བློ་བཟང་ཚན་རྩལ།

བློ་བཟང་ཚན་རྩལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཐོག་ཏུ་གཞིས་ཆགས་ཡོད་ལ། བོད་ཁུལ་ནས་བོད་ཡིག་གློག་རྡུལ་ཐོན་རྫས་ཀྱི་ལྷུ་ཆས་སྒྲིག་སྦྱོར་ཐོན་སྐྱེད་ལྟེ་གནས་ཆེས་ཐོག་མ་དང་། བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཆེད་ལས་གཉེར་མཁན་གྱི་ལས་རིགས་ལག་རྩལ་སློབ་གྲྭའང་ཆེས་ཐོག་མ་དེ་ཡིན། བློ་བཟང་ཚན་རྩལ་གྱིས་ལས་རིགས་སློབ་གྲྭ་དང་། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས། བཟོ་གྲྭ། ཀུང་སི་བཅས་ཀྱི་འཕེལ་རྒྱས་བྱེད་ཐབས་བརྒྱུད་ནས། སློབ་གྲྭ་ནས་གཞུང་ལུགས་སྦྱོང་བ། བཟོ་གྲྭ་ནས་ལག་རྩལ་སྦྱོང་བ། ཀུང་སི་ནས་དོ་དམ་སྦྱོང་བ། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ནས་ལས་གཞི་གསར་སྤེལ་གྱི་ལས་ཀ་གཉེར་བའི་འཕེལ་རྒྱས་ཕྱོགས་ལ་བརྩོན་བཞིན་ཡོད།

རིགས་དབྱེ།  

715ལས་ཀའི་ལམ་ལུགས།

དེ་ནི་གཟའ་འཁོར་གཅིག་ལ་ཉིན7དང་། ཉིན་གཅིག་ལ་དུས་ཚོད15ཡི་རིང་ལས་ཀ་བྱེད་པའི་ལམ་ལུགས་ཤིག་ལ་ཟེར།

རིགས་དབྱེ།  

སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ།

སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ལ་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ། སྔོན་ཐོན་ཁེ་ལས་རིག་གནས་འཛུགས་སྤེལ་སོགས་ཀྱི་ལས་འགན་གཙོ་བོ་དྲུག་ཡོད།

རིགས་དབྱེ།  

ཁེ་ལས་རྐྱང་པ།

ཁེ་ལས་རྐྱང་པ་ཞེས་པ་ནི་བཟོ་གྲྭ་གཅིག་གམ་ཡང་ན་ཚོང་ཁང་གཅིག་ལས་གྲུབ་པའི་ཁེ་ལས་ལ་ཟེར། ཁེ་ལས་རྐྱང་པའི་གཉེར་སྐྱོང་ཁྱབ་ཁོངས་དང་ཐོན་རྫས་ཀྱི་སྐུད་པ་ཧ་ཅང་དོག་པ་དང་། གཞི་ཁྱོན་ཆུང་བ། ཆེད་ལས་ཅན་གྱི་ཆུ་ཚད་མཐོ་བ་བཅས་ཡིན།

རིགས་དབྱེ།  

རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་བྱེད་སྒོ།

དེ་ནི་འབྱུང་འགྱུར་ལོ་གསུམ་གྱི་ནང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་བསྒྱུར་གྱི“1+N”སྲིད་ཇུས་མ་ལག་དང་རྩེ་རིམ་ཇུས་འགོད་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ཨར་ལས་དཔེ་རིས་ཤིག་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཁག་སླར་ཡང་གཏིང་ཟབ་ཏུ་བཏང་བ་ཞིག་ཀྱང་ཡིན།

རིགས་དབྱེ།  

ཁེ་ལས་ལམ་ལུགས།

ཁེ་ལས་ལམ་ལུགས་ནི་ཁེ་ལས་རྩ་འཛུགས་དང་། གཉེར་སྐྱོང་། དོ་དམ་སོགས་བྱ་སྤྱོད་རབ་དང་རིམ་པའི་ཚད་གཞི་དང་དཔེ་དབྱིབས་སྐོར་གྱི་སྤྱི་མིང་ཡིན། ཁེ་ལས་ལམ་ལུགས་ཞེས་པ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ཆགས་པའི་ཁེ་ལས་ཀྱི་དཔལ་འབྱོར་འབྲེལ་བར་ཟེར།

རིགས་དབྱེ།  

ཁེ་ལས་ཀྱི་ཡིད་རྟོན་གདེང་འཇོག

ཁེ་ལས་ཀྱི་ཡིད་རྟོན་གདེང་འཇོག་ཅེས་པ་ནི་ཁེ་ལས་སམ་ཡང་ན་ཚན་པ་དཔྱད་འདེམས་བྱ་ཡུལ་དུ་བྱས་ནས་སྤེལ་བའི་ཡིད་རྟོན་གདེང་འཇོག་གི་བྱེད་སྒོ་ཞིག་ཡིན།

རིགས་དབྱེ།  

རིན་ཐང་སྦྲེལ་ཐག་དོ་དམ།

རིན་ཐང་སྦྲེལ་ཐག་དོ་དམ་གྱི་ཐ་སྙད་ནི་ལས་སྒྲུབ་དོ་དམ་ཐབས་ཇུས་བསྒྱུར་བ་དང་རྩ་འཛུགས་ལེགས་སྒྲིག་བྱས་ནས་ནུས་ལྡན་རང་བཞིན་དང་ལས་ཆོད་ཆེ་བའི་འཐབ་ཇུས་ཀྱི་གོ་གནས་སུ་ལེགས་སྒྲིག་བྱས་ཏེ། ཐོན་སྐྱེད་བྱས་པའི་འགྲན་རྩོད་ཀྱི་གོ་སྐབས་རེ་རེ་བེད་སྤྱོད་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

འཁོར་རྒྱུག་རང་བཞིན་གྱི་མ་རྩ།

འཁོར་རྒྱུག་རང་བཞིན་གྱི་མ་རྩ་ནི་དངུལ་ཁང་གི་འཁོར་རྒྱུག་རྒྱུ་ནོར་ལ་ཟེར་བ་དང་། དེའི་ནང་གཙོ་བོ་དངུལ་སྨར་དང་ཚད་བརྒལ་གྲབས་དངུལ་གྱི་བཅོལ་དངུལ་སོགས་ཚུད་ཡོད། མི་སྒེར་གྱི“འཁོར་རྒྱུག་རང་བཞིན་གྱི་མ་རྩ”ཞེས་པ་ནི་གཙོ་བོ་མི་སྒེར་རམ་ཡང་ན་ཁྱིམ་ཚང་གི་མིག་སྔའི་དངུལ་སྨར་དང་དུས་ཚོད་ངེས་མེད་ཀྱི་བཅོལ་དངུལ་སོགས་ག་དུས་ཡིན་ཡང་དངུལ་བསྒྱུར་ཆོག་པའི་མ་དངུལ་ལ་ཟེར་བ་དང་། མི་གཅིག་གམ་ཡང་ན་ཁྱིམ་ཚང་གི་འཁོར་རྒྱུག་རང་བཞིན་གྱི་བསྡུར་ཚད་ལ་དཔྱད་དཔོག་བྱེད་པའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

འཁོར་རྒྱུག་རང་བཞིན་ཀྱི་ཁེབས་ཚད།

འཁོར་རྒྱུག་རང་བཞིན་གྱི་ཁེབས་ཚད་ཀྱི་དམིགས་ཡུལ་ནི། ཚོང་ལས་དངུལ་ཁང་གིས་གཏན་འཁེལ་བྱས་པའི་འཁོར་རྒྱུག་རང་བཞིན་གྱི་གནོན་ཤུགས་ཚབས་ཆེན་གྱི་གནས་ཚུལ་འོག་འདང་ངེས་དང་འགྱུར་ཡོད་འགོག་རྐྱེན་མེད་པའི་སྤུས་ལེགས་འཁོར་རྒྱུག་རང་བཞིན་གྱི་མ་རྩ་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ། དངུལ་སྨར་དེ་དག་ལ་འགྱུར་ལྡོག་བཏང་ནས་འབྱུང་འགྱུར་གྱི་ཉིན་སུམ་ཅུ་ཡི་འཁོར་རྒྱུག་རང་བཞིན་གྱི་དགོས་མཁོ་སྐོང་རྒྱུ་དེ་རེད།

རིགས་དབྱེ།  

ཚོང་འགྲུལ་པའི་དོ་དམ།

ཚོང་འགྲུལ་པའི་དོ་དམ་ཞེས་པ་ནི་ཚོང་འགྲུལ་པའི་འབྲེལ་བའི་དོ་དམ་གྱི་བསྡུས་མིང་ལ་ཟེར་ཡང་ཆོག་སྟེ། ཕྱི་ཡིག་ཏུCRMཟེར། དེའི་གོ་དོན་གཙོ་བོ་ནི་ཚོང་འགྲུལ་པའི་དཔྱད་ཡིག་ཞིབ་ཕྲར་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད་ཚོང་འགྲུལ་པའི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ནས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན།

རིགས་དབྱེ།  

འགན་ནུས་ཅན་གྱི་རྩ་འཛུགས་སྒྲིག་གཞི།

འགན་ནུས་ཅན་གྱི་རྩ་འཛུགས་སྒྲིག་གཞི་ལUཅན་གྱི་རྩ་འཛུགས་ཀྱང་ཟེར། Uཅན་གྱི་རྩ་འཛུགས་ནི་དུས་རབས་གོང་མའི་དུས་མགོར་ཧྥ་ཡུའེ་ཨེར་གྱིས་གཉེར་སྐྱོང་བྱེད་པའི་རྡོ་སོལ་གཏེར་ཁ་ཀུང་སིས་སྤྱི་ཁྱབ་ཅིང་ལིའི་འགན་འཁུར་སྐབས་བཙུགས་པའི་རྩ་འཛུགས་ཀྱི་གྲུབ་ཚུལ་རྣམ་པ་ལས་བྱུང་བ་ཡིན་པས། དེར“ཧྥ་ཡུའེ་ཨེར་གྱི་དཔེ་དབྱིབས”ཀྱང་ཟེར། དེ་ནི་འགན་ནུས་ལ་གཞིགས་ནས་སྡེ་ཁག་གི་ལས་བགོས་རྩ་འཛུགས་བྱེད་པ་སྟེ། ཁེ་ལས་ཀྱི་མཐོ་རིམ་ནས་གཞི་རིམ་དུ་སླེབས་པ་ཚང་མས་འགན་ནུས་གཅིག་མཚུངས་འཁུར་བའི་དོ་དམ་ལས་སྒོ་དང་མི་སྣ་སྡེབ་སྒྲིག་བྱས་ཏེ་དེ་མཚུངས་ཀྱི་དོ་དམ་སྡེ་ཁག་དང་དོ་དམ་གོ་གནས་བཀོད་སྒྲིག་བྱེད་པ་ཡིན། ཐོན་སྐྱེད་ཀྱི་རྣམ་གྲངས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཚོང་ར་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བ་དེ་ཐོན་རྫས་ཀྱི་རིགས་སྣ་མི་འདྲ་བ་དང་ཚོང་རའི་རྣམ་པ་མི་འདྲ་བར་གཞིགས་ནས་སོ་སོར་ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཏུ་འགྱུར་བ་དང་ཁེ་གྱོང་རང་ཁུར་གྱི་བྱ་གཞག་པུའུ་ལམ་ལུགས་འཛུགས་དགོས།

རིགས་དབྱེ།  

ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་རྒྱལ་ཁོངས་ཁེ་ལས་ཀྱི་ལམ་ལུགས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་རྒྱལ་ཁོངས་ཁེ་ལས་ཀྱི་ལམ་ལུགས་ནི་དམིགས་བསལ་བ་ཞིག་སྟེ། ཏང་གི་འགོ་ཁྲིད་དེ་ཀུང་སི་བཅོས་སྐྱོང་བྱེད་པའི་ལྷུ་ཚིགས་ཁག་ནང་ཐེ་ཞུགས་བྱེད་པ་དང་། ཁེ་ལས་ཀྱི་ཏང་རྩ་འཛུགས་དེ་ཀུང་སི་བཅོས་སྐྱོང་བྱེད་པའི་སྒྲིག་གཞིའི་ནང་ཐེ་ཞུགས་བྱེད་པ། ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞིའི་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཁྲིམས་གཏན་འཁེལ་བའི་གནས་བབ་གསལ་སྟོན་དང་དོན་འཁྱོལ་བྱེད་པ། རྩ་འཛུགས་དོན་འཁྱོལ་དང་། ལས་བྱེད་པ་གནས་ལ་འཁེལ་བ། འགན་འཁྲི་ཁ་གསལ། ལྟ་སྐུལ་ནན་པོ་བཅས་བྱེད་ཐུབ་པ་ཞིག་ཡིན།

རིགས་དབྱེ།  

ཁེ་ལས་ཡན་ལག་ལས་ཁུངས།

ཁེ་ལས་ཡན་ལག་ལས་ཁུངས་ལ་རྣམ་པ་གཉིས་ཡོད་དེ། རིགས་གཅིག་ནི་ཡན་ལག་ཀུང་སི་དང་། གཅིག་ནི་དོན་གཅོད་ཁང་ཡིན། ཡན་ལག་ཀུང་སིས་གཉེར་སྐྱོང་བྱེད་སྒོ་སྤེལ་ཆོག་ཀྱང་། དོན་གཅོད་ཁང་གིས་སྤྱིར་བཏང་དུ་སྤྱི་ཁྱབ་ཀུང་སིའི་ལས་གཉེར་ཁྱབ་ཁོངས་ནང་གི་ལས་སྒོ་འབྲེལ་གཏུག་བྱེད་སྒོ་ཁོ་ན་སྤེལ་དགོས།

རིགས་དབྱེ།  

དམངས་གཉེར་ཁེ་ལས།

དེ་ནི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཡོད་ཚད་ལ་ཟེར།

རིགས་དབྱེ།  

གཞུང་དབང་ཁེ་ལས་བསྒྱུར་བཅོས།

གཞུང་དབང་ཁེ་ལས་བསྒྱུར་བཅོས་བྱ་རྒྱུ་ནི་ཀྲུང་དབྱང་གིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྟོབས་ལྡན་དང་ཆེ་རུ་གཏོང་བའི་བྱེད་ཕྱོགས་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན་ཞིང་། གཞུང་དབང་ཁེ་ལས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་ན། རྒྱལ་ཁབ་ལ་དབང་བའི་མ་རྩའི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་ཕན་པ་དང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བར་ཕན་པ། རྒྱལ་ཁབ་ལ་དབང་བའི་མ་རྩའི་བྱེད་ནུས་ཆེ་རུ་གཏོང་བར་ཕན་པ་བཅས་ཡིན་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་བྱ་རྒྱུ་དེ་བསྒྱུར་བཅོས་ཀྱི་ཐོག་མའི་འཚོལ་ཞིབ་དང་། ལམ་ལུགས་གསར་གཏོད། དེ་བཞིན་གཏིང་ཟབ་ཏུ་སྤེལ་བ་བཅས་དུས་རིམ་གསུམ་དུ་དབྱེ་ཆོག

རིགས་དབྱེ།  

དངུལ་སྨར་གྱི་ཉིན་རེའི་རྩིས་ཐོ།

དངུལ་སྨར་གྱི་ཉིན་རེའི་རྩིས་ཐོ(Cash Journal)ནི་དངུལ་གཉེར་མི་སྣས་ཞིབ་བཤེར་བྱས་ནས་ནོར་འཁྲུལ་མེད་པའི་དངུལ་སྨར་གཏོང་ལེན་གྱི་འཛིན་ཡིག་ལ་གཞིགས་ནས་གོ་རིམ་ལྟར་ཐོ་འགོད་བྱས་པའི་རྩིས་ཐོ་ལ་ཟེར། སྤྱིར་བཏང་དུ་དངུལ་སྨར་གཏོང་ལེན་གྱི་ཐོ་འགོད་ལ་གོ་བ་སྟེ། དཔེར་ན་སྔར་བས་ཞིབ་ཕྲར་དབྱེ་ན། དངུལ་སྨར་ཡོང་འབབ་ཀྱི་ཉིན་རེའི་རྩིས་ཐོ་དང་དངུལ་སྨར་སྤྲད་པའི་ཉིན་རེའི་རྩིས་ཐོ་ལ་དབྱེ་ཆོག དངུལ་སྨར་གྱི་ཉིན་རེའི་རྩིས་ཐོ་དེ་ཉིན་རྒྱུན་གྱི་མཛོད་ཉར་དངུལ་སྨར་གྱི་ཡོང་འབབ་དང་། འགྲོ་སྒོ་དང་ལྷག་དངུལ་གྱི་གནས་ཚུལ་མཚོན་པའི་དམིགས་བསལ་ཉིན་རེའི་རྩིས་ཐོ་ཞིག་ཡིན། ལས་ཁུངས་ཀྱི་དངུལ་གཉེར་མི་སྣས་ཞིབ་བཤེར་བྱས་ནས་འཁྲུལ་མེད་ཀྱི་དངུལ་སྨར་གཏོང་ལེན་དང་དངུལ་སྤྲོད་འཛིན་ཡིག དངུལ་ཁང་ནས་དངུལ་ལེན་པའི་དངུལ་གཏོང་འཛིན་ཡིག་བཅས་ལ་གཞིགས་ནས་རེ་རེ་བཞིན་ཐོ་འགོད་བྱས་པའི་རིགས་ཡིན་ལ། རྩིས་ཐོ་བདེ་འཇགས་དང་ཆ་ཚང་ཡོང་བར་འགན་ལེན་བྱེད་ཆེད། དངུལ་སྨར་གྱི་ཉིན་རེའི་རྩིས་ཐོ་ངེས་པར་དུ་འཛེར་དེབ་རྣམ་པའི་འབྲི་དེབ་སྟེང་འགོད་དགོས།

རིགས་དབྱེ།  

རྒྱལ་སའི་རྒྱལ་དབང་ཁེ་ལས་སྒོ་དབྱེའི་ཉིན་མོ།

“རྒྱལ་སའི་རྒྱལ་དབང་ཁེ་ལས་སྒོ་དབྱེའི་ཉིན་མོ”ནི་པེ་ཅིང་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་རྒྱལ་སའི་དཔལ་ཡོན་གཞུང་དོན་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བྱེད་སྒོ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་རྒྱ་ཆེའི་གྲོང་མིས་རྒྱལ་དབང་ཁེ་ལས་ལ་སྔར་བས་རྒྱུས་ལོན་དང་། ཤེས་རྟོགས། རྒྱབ་སྐྱོར་བཅས་བྱ་རྒྱུ་དེ་རེད། སྤྱི་ལོ2019ལོའི་ཟླ6ཚེས2ཉིན“རྒྱལ་སའི་རྒྱལ་དབང་ཁེ་ལས་སྒོ་དབྱེའི་ཉིན་མོ”སྐབས་བཞི་པ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཐེངས་འདིའི་བྱེད་སྒོའི“འོད་སྟོང་འཕྲོ་བའི་ལོ་ངོ་བདུན་ཅུའི་རིང་སླར་ཡང་ལེའུ་གསར་པ་བརྩམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད།

རིགས་དབྱེ།  

ལམ་ལུགས་དཔལ་འབྱོར་རིག་པ།

ལམ་ལུགས་དཔལ་འབྱོར་རིག་པ་ནི་དུས་རབས19པའི་མཇུག་དང་དུས་རབས20པའི་མགོར་ཨ་རི་ནས་བྱུང་བའི་དཔལ་འབྱོར་རིག་པའི་གྲུབ་མཐའ་ཞིག་ཡིན་ཞིང་། སྲོལ་འབྱེད་པ་ནི་ཨ་རིའི་དཔལ་འབྱོར་རིག་པའི་མཁས་དབང་ཐོར་ཟི་ཐན་བན་རྦེ་ལིན་ཡིན།

རིགས་དབྱེ།  

དམངས་ཀྱིས་བྱ་གཞག་སྐྲུན།ཀུན་གྱིས་གསར་གཏོད་བྱེད།

“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད”ཅེས་པ་ནི་སྤྱི་ལོ2014ལོའི་ཟླ9བའི་དབྱར་ཁར་ཏ་ཝོ་སི་གླེང་སྟེགས་ཐོག་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་གསུང་བཤད་ལས་བྱུང་བ་ཞིག་རེད། ལི་ཁེ་ཆང་གིས་བསྟན་དོན། ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི960ཐོག་ཏུ“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”རྣམ་པ་གསར་པ་ཞིག་ཆགས་པར་བརྩོན་དགོས། དེ་རྗེས་ཁོང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ། སྤྱི་ལོ 2015ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》སོགས་ཀྱི་ཚོགས་འདུའི་ཐོག གནད་ཚིག་དེར་ཡང་ཡང་འཆད་འགྲེལ་གནང་བ་རེད། སྤྱི་ལོ2018ལོའི་ཟླ9བའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གསར་གཏོད་ལས་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“གཉིས་གཏོད”ཀྱི་རིམ་འཕར་སྐོར་གྱི་བསམ་འཆར》བཀྲམ་པ་རེད། སྤྱི་ལོ 2018ལོའི་ཟླ12པའི་ཚེས20ཉིན། སྤྱི་ལོ 2018ལོའི་ལོ་འཁོར་གྱི་དཔལ་འབྱོར་རིགས་ཀྱི་དར་ཁྱབ་ཆེ་བའི་སྐད་ཆ་བཅུའི་གྲས་སུ་བདམས།

རིགས་དབྱེ།  

ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་རྒྱལ་ཁོངས་ཁེ་ལས་ཀྱི་ལམ་ལུགས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་རྒྱལ་ཁོངས་ཁེ་ལས་ཀྱི་ལམ་ལུགས་ནི་དམིགས་བསལ་བ་ཞིག་སྟེ། ཏང་གི་འགོ་ཁྲིད་དེ་ཀུང་སི་བཅོས་སྐྱོང་བྱེད་པའི་ལྷུ་ཚིགས་ཁག་ནང་ཐེ་ཞུགས་བྱེད་པ་དང་། ཁེ་ལས་ཀྱི་ཏང་རྩ་འཛུགས་དེ་ཀུང་སི་བཅོས་སྐྱོང་བྱེད་པའི་སྒྲིག་གཞིའི་ནང་ཐེ་ཞུགས་བྱེད་པ། ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞིའི་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཁྲིམས་གཏན་འཁེལ་བའི་གནས་བབ་གསལ་སྟོན་དང་དོན་འཁྱོལ་བྱེད་པ། རྩ་འཛུགས་དོན་འཁྱོལ་དང་། ལས་བྱེད་པ་གནས་ལ་འཁེལ་བ། འགན་འཁྲི་ཁ་གསལ། ལྟ་སྐུལ་ནན་པོ་བཅས་བྱེད་ཐུབ་པ་ཞིག་ཡིན།

རིགས་དབྱེ།  

“འགྲོས་མཉམ་བཞི”དང“འབྲེལ་མཐུད་བཞི”

“འགྲོས་མཉམ་བཞི”དང“འབྲེལ་མཐུད་བཞི”ནི་ཀྲུང་དབྱང་གི་ཡིག་ཆ《རྒྱལ་ཁོངས་ཁེ་ལས་བཅོས་བསྒྱུར་ཁྲོད་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་གཏིང་ཟབ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ》(ཀྲུང་དབྱང་གཞུང་ལས་ཐིང་གི་ཡིག་ཆ﹝སྤྱི་ལོ2015ལོ﹞ཨང44པ)ཞེས་པར་ཐོག་མར་བཏོན།

རིགས་དབྱེ།  

རྒྱལ་ཁོངས་ཁེ་ལས་ཀྱི“ལེགས་བཞི”ཡི་འགོ་ཁྲིད་ཚན་ཁག

“ལེགས་བཞི”འགོ་ཁྲིད་ཚན་ཁག་སྟེ། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། གཉེར་སྐྱོང་གྲུབ་འབྲས་ལེགས་པ། མཐུན་སྒྲིལ་མཉམ་ལས་ལེགས་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི“ལེགས་བཞི”ཡི་དམིགས་ཚད་ལ་སླེབས་ཡོད་པ་བཅས་ཡིན།

རིགས་དབྱེ།  

ཆིན་ཧྲན་ཉིང་རྡུལ་གློག་འདོན་ས་ཚུགས།

ཆིན་ཧྲན་ཉིང་རྡུལ་གློག་འདོན་ས་ཚུགས་ནི་ཀྲུང་གོ་རང་གིས་ཇུས་འགོད་དང་། བཟོ་སྐྲུན། གཉེར་སྐྱོང་བཅས་བྱེད་པའི་ཆན་ཝ་ཁྲི30ཟིན་པའི་ཆུ་བསགས་ཉིང་རྡུལ་གློག་ཁང་དང་པོ་དེ་ཡིན་པ་དང་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ཧའེ་ཡན་རྫོང་དུ་གནས་ཡོད། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་མ་རྐང100%ཚོད་འཛིན་བྱས་པ་དང་། ཀྲུང་གོ་ཉིང་རྡུལ་གློག་འཁོར་སྐྱོད་དོ་དམ་ཚད་ཡོད་ཀུང་སིས་འཁོར་སྐྱོད་དོ་དམ་གྱི་འགན་འཁུར་ཡོད། ཆིན་ཧྲན་ཉིང་རྡུལ་གློག་ཁང་ལ་འཛམ་གླིང་ཐོག་ལག་རྩལ་བྱང་ཆུབ་པའི་ཆུ་གནོན་འགྱུར་འབྱུང་སྒྲིག་ཆས་སྤྱད་ཡོད། དུས་ཐེངས་དང་པོའི་ལས་གྲྭ་སྤྱི་ལོ1985ལོར་ལས་འགོ་ཚུགས་པ་དང་། སྤྱི་ལོ1991ལོར་འགྲུབ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར17ཟིན་ཡོད། དུས་ཐེངས་གཉིས་པའི་ལས་གྲྭས་སྔོན་གྱི་གནས་ཡུལ་དུ་སྔ་རྗེས་སུ་ཆན་ཝ་ཁྲི60ཡི་ཉིང་རྡུལ་གློག་གི་འཕྲུལ་ཚན4རྒྱས་སྐྲུན་བྱས་པ་དང་། སྤྱི་ལོ1996ལོར་ལས་འགོ་ཚུགས་པ་དང་། འཕྲུལ་ཚན4འཁོར་སྐྱོད་བྱེད་བཞིན་ཡོད། དུས་ཐེངས་གསུམ་པའི་ལས་གྲྭ་དེ་ཀྲུང་གོ་དང་ཁ་ན་ཏ་སྲིད་གཞུང་གིས་མཉམ་ལས་བྱས་ནས་ཁ་ན་ཏས་མཁོ་འདོན་བྱས་པའི་ལག་རྩལ་སྤྱད་དེ་ཆན་ཝ་ཁྲི70ཟིན་པའི་འཕྲུལ་ཚན་གཉིས་བསྐྲུན་ནས་སྤྱི་ལོ2003ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་རེད། སྤྱི་ལོ2015ལོའི་ཟླ1པོའི་ཚེས12ཉིན་གྱི་ཆུ་ཚོད17ཐོག་ཆིན་ཧྲན་ཉིང་རྡུལ་གློག་འདོན་ས་ཚུགས་རྒྱས་སྐྲུན་རྣམ་གྲངས་ཧྥང་ཅ་ཧྲན་ཉིང་རྡུལ་གློག་གི་ལས་གྲྭའི་འཕྲུལ་ཚན་གཉིས་པས་དྲ་སྦྲེལ་གློག་གཏོང་ཐུབ་ཡོད། ད་བར་ཆིན་ཧྲན་ཉིང་རྡུལ་གློག་ཁང་རྟེན་གཞིའི་ད་ཡོད་ཀྱི་འཕྲུལ་ཚན9ཚང་མར་གློག་གཏོང་འགོ་ཚུགས་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི656.4ཟིན། ལོ་རེའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར500ཙམ་ཟིན་ནས་རྒྱལ་ནང་གི་ཉིང་རྡུལ་གློག་གི་འཕྲུལ་ཚན་གྱི་གྲངས་འབོར་མང་ཤོས་དང་། གློག་གཏོང་ཚད་མང་ཤོས། ཉིང་རྡུལ་གློག་གི་རྟེན་གཞི་ཆེ་ཤོས་བཅས་སུ་གྱུར་ཡོད།

རིགས་དབྱེ།  

ཁེ་ལས་རིག་གནས།

ཁེ་ལས་རིག་གནས་སམ་ཡང་ན་སྒྲིག་འཛུགས་རིག་གནས་ནི་སྒྲིག་འཛུགས་དེའི་རིན་ཐང་ལྟ་བ་དང་། དད་སེམས། མཛད་སྒོ། མཚོན་རྟགས། བྱ་བ་སྒྲུབ་སྟངས་སོགས་ཀྱིས་གྲུབ་པའི་དམིགས་བསལ་གྱི་རིག་གནས་གཟུགས་བརྙན་ཞིག་ཡིན། གོ་བདེ་བར་བཤད་ན། ཁེ་ལས་ཀྱིས་རྒྱུན་ལྡན་འཁོར་སྐྱོད་ཁྲོད་མངོན་པའི་ཕྱོགས་སོ་སོའི་རྣམ་པ་ལ་ཟེར། ལས་བཟོ་པའི་རིག་གནས་ལ་ཁེ་ལས་ཀྱི་རིན་ཐང་རིག་གནས་ཀྱང་ཟེར་ཞིང་། དེ་ནི་ཁེ་ལས་ཀྱི་རིག་གནས་དང་དོ་མཉམ་པའི་རིག་གནས་རྣམ་པ་ཞིག་ཡིན། ལས་བཟོ་པའི་རིག་གནས་ནི་ལས་བཟོ་པ་རྩ་བར་འཛིན་པ་དང་། སྤུས་ཚད་རིག་གནས་ཤིག་ཡིན་པ་མ་ཟད། ཁེ་ལས་རྩ་བར་འཛིན་པ་དང་། དོ་དམ་རིག་གནས་ཤིག་ཡིན།

རིགས་དབྱེ།  

ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་སྤྱི་ཁྱབ་ཀུང་སི།

ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་སྤྱི་ཁྱབ་ཀུང་སི་དེ་ཀྲུང་གོའི་འཕྲུལ་གློག་ལས་རིགས་ཀྱི་ཚོགས་པ་ཆེ་ཤོས་ཀྱི་ཁོངས་སུ་གཏོགས། ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་སྤྱི་ཁྱབ་ཀུང་སི་དེ་ཀྲུང་གོ་འཕྲུལ་གློག་ལས་རིགས་ཀྱི་ཚོགས་པ་ཆེ་ཤོས་ཡིན་པའི་ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས། ཀྲུང་གོའི་འཕྲུལ་ཆས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་ཤིག་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་དོ་དམ་བྱེད་པའི་ཁོངས་སུ་གཏོགས་པ་ཡིན།

རིགས་དབྱེ།