ཡོངས་འཛིན་རིག་མཛོད། >འཚོ་བ། >རྒྱན་གོས། >གྱོན་གོས།

གཅུན་ལྭ།

​གཅུན་ལྭ་ནི་མིའི་འགུལ་སྐྱོད་ཚོད་འཛིན་བྱས་ཏེ་འགུལ་སྐྱོད་བྱེད་ཐབས་བྲལ་བའི་ལྭ་བ་ཞིག་ཡིན། དེ་ནི་བཙོན་མ་དང་སྨྱོ་ནད་སྨན་ཁང་གི་ནད་པ་ལ་སྤྱད་འཐུས། གཅུན་ལྭ་དང་བཙོན་ལྭ་གཉིས་མི་འདྲ་སྟེ། བཙོན་ལྭ་ནི་ཉེས་ཅན་ལ་གྱོན་པའི་ལྭ་བ་ཁོ་ན་ཡིན་མོད། འོན་ཀྱང་མིའི་འགུལ་སྐྱོད་ཚོད་འཛིན་བྱེད་པའི་ལྭ་བ་ཡིན་པའི་ངེས་པ་མེད། གཅུན་ལྭ་ནི་མིར་ཚོད་འཛིན་བྱེད་པའི་ལྭ་བ་ལ་ཟེར།

རིགས་དབྱེ།  

དར་མའི་རྒྱན་གོས།

བོད་ཀྱི་འཚོ་བའི་ཁྲོད་དང་དུས་ཆེན་གྱི་སྐབས་སུ་བུ་མོ་རྣམས་ལ་སྐྲ་སླ་བའི་ཆོ་ག་སྤེལ་ཏེ། དངོས་སུ་གཡུ་བྱུར་སོགས་གཟི་འོད་ལམ་ལམ་གྱི་རྒྱན་ཆ་མང་བོ་འདོགས་པ་རེད། བུ་ལ་མཚོན་ན་གཞི་རྒྱ་ཆེ་བའི་དར་མའི་ཆོ་ག་ཞིག་མེད་མོད། སྐར་མ་བཟང་བའི་ཉིན་ཞིག་ལ་གློ་གྲི་འདོགས་པ་དང་། དར་མའི་ལུས་ཚད་ལྟར་བཟོས་པའི་ཕྲུག་གམ་ཡང་ན་ཚ་རུས་མཐའ་ཤན་བརྒྱབ་པའི་དར་མའི་གོས་ལྭ་གོན་པ་རེད།

རིགས་དབྱེ།  

གཉེན་སྟོན་རྒྱན་གོས།

གཉེན་སྒྲིག་ནི་མི་རིགས་གང་ཡིན་རུང་མི་ཚེ་ཡི་ཆེས་གཟབ་རྒྱས་དང་དགའ་སྤྲོ་ཆེ་བའི་དོན་ཆེན་ཞིག་ཡིན། བོད་ལ་མཚོན་ན། གཉེན་སློང་སྐབས་གཡུ་དང་བྱུ་རུ། མུ་ཏིག མ་ན་ཧོ། གསེར་དངུལ་རྒྱན་ཆ། ཚ་རུ་མཉེན་མོ། རྒྱ་གར་གྱི་གཟིག་རིས་ཕྲུག བལ་བོའི་སྟག་རིས་ཕྲུག གཙང་གི་སྲམ་རིས་ཕྲུག ཝ་ཞ། སྲུང་འཁོར། གཡང་འགུག་དར་ཁ་སོགས་ལེགས་སྐྱེས་གྲ་སྒྲིག་བྱེད་དགོས། གཉེན་སྟོན་དུ་རྒྱུ་སྤུས་བཟང་ཞིང་ཁ་མདོག་གསལ་བོ། བཟོ་དབྱིབས་མཛེས་པ། རྒྱན་ཆ་ཆ་ཚང་བཅས་ཀྱི་གཉེན་སྟོན་རྒྱན་གོས་གོན་པ། བོད་ཀྱི་གཉེན་སྟོན་རྒྱན་གོས་ལ་ཁ་དོག་ཆ་ནས་མཛེམ་བཀག་མེད་ལ་གཏན་ལ་ཕབ་པའང་མེད།

རིགས་དབྱེ།  

གྱ་སྟོན་རྒྱན་གོས།

གནའ་ནས་བོད་མི་ཕན་ཚུན་བར་ཚེ་རིང་ལོ་བརྒྱ་དང་ཁ་ལས་དགེ་སོགས་ཀྱི་རྟེན་འབྲེལ་སྨོན་ལམ་འདེབས་པའི་གོམས་སྲོལ་ཡོད། ད་དུང་ལོ་བགྲེས་རྒན་པོར་ལོ་སྟོན་མཛད་སྒོ་སྤེལ་བའི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་ཡོད། ལོ་སྟོན་མཛད་སྒོ་སྤེལ་ན། ཚེ་རིང་བགྲེས་པའི་གསར་དུ་བཟོས་པའི་སྟག་དང་གཟིག སྲམ་བཅས་ཀྱི་རི་མོ་མེད་པའི་མཐའ་ཤན་བརྒྱབ་པའི་ནང་ལྭའམ་ཡང་ན་ཕྲུག་གི་ནང་ལྭ་གོན་པ། ད་དུང་ཚེ་རིང་བགྲེས་པོར་ཆེད་དུ་བཟོས་པའི་ཁ་དོག་དཀར་པོའི་གྱ་སྟོན་རྒྱན་གོས་གྱོན་པའི་སྲོལ་ཡོད།

རིགས་དབྱེ།  

སྡུག་གོས།

བོད་ལ་ཆེད་དུ་བཟོས་པའི་སྡུག་གོས་ཤིག་མེད། འདས་པོ་འཇིག་རྟེན་མི་ཡུལ་དང་བྲལ་བའི་ལོ་གཅིག་གི་རིང་། བཟའ་མི་ཚང་མས་གསེར་དངུལ་དང་གཡུ་བྱུར་སོགས་རྒྱན་ཆ་མི་འདོགས་ལ། དར་གོས་དང་ཚ་རུ། ཕྲུག་ལྭ་སོགས་ཀྱང་མི་གོན། ད་དུང་རྒྱུན་འདོགས་ཀྱི་རྒྱན་ཆ་ཕུད་ནས་མི་འདོགས། འདས་པོ་ཤི་བའི་བདུན་བདུན་ཞེ་དགུའི་རིང་བུད་མེད་རྣམས་ཀྱིས་སྐྲ་མི་འཁྲུ་ལ་སྐྲ་སྡོམ་གྱིས་མི་སྡོམ། སྐྱེས་པས་སྐྲ་དང་ཁ་སྤུ་མི་བཞར། དེ་མིན། ས་ཆ་ལ་ལར་སྐྱེས་པ་དག་གིས་ཞྭ་ཁ་རྒྱབ་ལ་བསྐོར་ནས་ལོ་གཅིག་ལ་གོན་པ་དང་། བུད་མེད་རྣམས་ཀྱིས་སྐྲ་སྡོམ་དུ་བལ་འདོགས་པའི་སྲོལ་ཡང་ཡོད།

རིགས་དབྱེ།  

འབག་འབྲོའི་འཆམ་གོས།

འབག་བྲོ་ནི་དྭགས་པོ་བ་རྣམས་ཀྱིས་གནའ་ནས་ད་བར་བརྒྱུད་པའི་གནའ་བོའི་ཞབས་བྲོ་ཞིག་ཡིན། དེ་ཡི་འཆམ་གོས་ལ་ཡུན་རིང་གི་ལོ་རྒྱུས་ལྡན། དེ་ནི་དྭགས་པོ་བའི་བུད་མེད་ཀྱིས་ལག་ཤེས་ལ་བརྟེན་ནས་བཟོས་པའི་ཆེད་སྤྱོད་རྒྱན་གོས་ཤིག་ཡིན་ལ། སྟོད་སྨད་གཉིས་སུ་དབྱེ། སྟོད་གོས་ཀྱི་ནང་ནི་རས་སྔོན་པོའམ་དཀར་པོ་ཡིན་ལ། ཕྱི་ནི་གསེར་མདོག་དང་ཁམ་སྨུག སྐྱ་མདོག སྔོན་པོ། དམར་སྨུག་བཅས་ཀྱི་དར་གོས་ཡིན། སྟོད་གོས་ཀྱི་འདབས་སུ་ལིས་སྨི10ནས13བར་གྱི་རས་ནག་པོ་ཞིག་གིས་མཐའ་ཤན་བརྒྱབ་ཡོད་པར་མ་ཟད། ལིས་སྨི8ནས10བར་གྱི་ཚོན་སྐུད་དཀྱིལ་དུ་བཙེམ་ཡོད།

རིགས་དབྱེ།  

ས་སློང་མཆོད་འབུལ།

བོད་ཀྱིས་སྡོད་ཁང་གསར་བ་བསྐྲུན་ན། ཐོག་མར་ས་བརྟག་པ་གདན་དྲངས་ནས། རང་གི་ཡིད་ལ་བབ་པའི་ས་དེར་བརྟག་ཏུ་འཇུག་པ། ས་བརྟག་པས་ས་བརྟག་གི་འབྲེལ་ཡོད་ཆོས་གཞུང་ལྟར་ས་ལ་ཞིབ་མོར་བརྟགས་པར་མ་ཟད། སྡོད་ཁང་གི་ཁ་འཁོར་ཕྱོགས་གཏན་ལ་འབེབས་པ་རེད།

རིགས་དབྱེ།  

འགོག་སྲུང་གྱོན་ཆས།

འགོག་སྲུང་གྱོན་ཆས་ཀྱི་རིགས་ལ་མེ་གསོད་འགོག་སྲུང་གྱོན་ཆས་དང་། བཟོ་ལས་ཀྱི་འགོག་སྲུང་གྱོན་ཆས། སྨན་བཅོས་དངུལ་གྱི་འགོག་སྲུང་གྱོན་ཆས། དམག་སྤྱོད་འགོག་སྲུང་གྱོན་ཆས་དང་དམིགས་བསལ་མི་ཚོགས་ཀྱིས་འགོག་སྲུང་གྱོན་ཆས་སྤྱོད་དགོས། འགོག་སྲུང་གྱོན་ཆས་དེ་གཙོ་བོ་མེ་འགོག་དང་། དམག་དོན་བཟོ་ལས། གྲུ་གཟིངས། རྡོ་སྣུམ། རྫས་འགྱུར་བཟོ་ལས། རྩི་གཏོར་བ། གཙང་འཁྲུད་དུག་སེལ། ཚོད་ལྟ་ཁང་སོགས་ལས་རིགས་དང་སྡེ་ཁག་ལ་བཀོལ་དགོས།

རིགས་དབྱེ།