ཡོངས་འཛིན་རིག་མཛོད། >འཚོ་བ། >སྤྲོ་གསེང་། >སྤྲོ་གསེང་།

སྤྲོ་གསེང་དཔལ་འབྱོར།

སྤྲོ་གསེང་དཔལ་འབྱོར་ནི་མི་རྣམས་ཀྱིས་སྤྲོ་གསེང་ཁྲོད་ཀྱི་འཛད་སྤྱོད་དང་། སྤྲོ་གསེང་སྐབས་ཀྱི་སེམས་ཁམས། སྤྲོ་གསེང་སྐབས་ཀྱི་བྱ་སྤྱོད། སྤྲོ་གསེང་གི་དགོས་མཁོ་སོགས་རྟོག་ཞིབ་དམིགས་བྱ་རུ་བཟུང་ནས། མིའི་རང་གཤིས་དང་། སྣ་མང་རང་བཞིན། རྒྱུ་མང་རང་བཞིན་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་བ་དམིགས་ཡུལ་དུ་འཛིན་པ་དང་། ཐོན་སྐྱེད་མ་ལག་དང་འཇིག་རྟེན་འཚོ་བའི་གཉིས་ཀྱི་ཁྲོད་མཚམས་སྦྱོར་དངོས་པོ་བརྒྱུད་ལམ་བྱས་ཏེ། མིའི་རིགས་ཀྱི་སྤྲོ་གསེང་བྱ་སྤྱོད་དང་དཔལ་འབྱོར་སྣང་ཚུལ་གཉིས་བར་ཡོད་པའི་ཕན་ཚུན་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་མི་ཚུལ་སྤྱི་ཚོགས་ཚན་རིག་གི་རིགས་ཤིག་ཡིན།

རིགས་དབྱེ།  

སྤྲོ་གསེང་ཞོར་ཟས།

སྤྲོ་གསེང་ཞོར་ཟས་ནི་མི་རྣམས་ཀྱིས་བར་གསེང་གི་དུས་དང་ངལ་གསོའི་དུས་སུ་བཟའ་བའི་ཟས་རིགས་ཤིག་ཡིན་པ་དང་། དེའི་ཁོངས་ལ་ཤུན་མཁྲེགས་ཤིང་ཏོག་དང་ཀ་ར་གོ་སྲབ། ཏན་ཞིམ། ཙོ་རིལ་རིགས་ཀྱི་ཟས་རིགས། བྱེ་རིལ། ཞོ། སྲན་མའི་རིགས། མངར་སྦངས་ཁ་ཟས། སིལ་སྐམ། ཉའི་རིགས། ཤ་རྒྱུའི་ཟས་རིགས་སོགས་དང་། གཞན་ཇ་འཐུང་བ་སོགས་ཚང་མ་སྤྲོ་གསེང་ཞོར་ཟས་ཀྱི་ཁོངས་སུ་གཏོགས། དེ་ཡང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན། སྤྲོ་གསེང་ཞོར་ཟས་ལའང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་དང་མཛད་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། སྤྲོ་གསེང་ཞོར་ཟས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་ངེས་ཀྱི་མཛད་སྤྱོད་བྱ་ཡུལ་དུ་གྱུར་བ་དང་། མཛད་སྤྱོད་པས་སྤྲོ་གསེང་ཞོར་ཟས་ཀྱི་ཁ་གྲངས་དང་སྤུས་ཀའི་ཐད་ཀྱི་དགོས་མཁོ་འང་ཇེ་མང་དུ་འགྲོ་བ་ཡིན།

རིགས་དབྱེ།  

པེ་ཏའེ་ཧུ་ཆེད་མཁས་པའི་དབྱར་གསེང་ངལ་གསོ།

ཀྲུང་དབྱང་གིས་ཆེད་མཁས་པར་འབྲེལ་གཏུགས་དང་ཞུབས་ཞུ་སྒྲུབ་པའི་ལམ་ལུགས་ལྡན་པའི་བཀོད་སྒྲིག་ཅིག་ཡིན།

རིགས་དབྱེ།  

གླང་ཆེན་མཆེ་བ(ཆེ)།

གླང་ཆེན་མཆེ་བ(ཆེ)ཞེས་པ་ནི་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་ཁམས་བསང་བྱེད་ས་ཞིག་ཡིན་ལ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ11.4ཡིས་ཆོད་པའི་མཚམས་ཀྱི་མཚོ་སྔོན་པོའི་ལྷོ་ངོས་སུ་འབྲེལ་ཡོད། འདིའི་སྲིད་ལ་སྤྱི་ལེ1.5ཙམ་དང་ཞེང་ལ་སྨི200ཙམ་ཡོད།

རིགས་དབྱེ།  

ཁྲི་ཀའི་རྨ་ཆུའི་འདམ་ར་སྤྱི་གླིང་།

ཁྲི་ཀའི་རྨ་ཆུའི་འདམ་ར་སྤྱི་གླིང་ནི་རྨ་ཆུའི་ནགས་ཚལ་སྤྱི་གླིང་དང་འདམ་རར་བརྟེན་ནས་བསྐྲུན་པ་དང་། ཤར་དུ་དཀར་བརྗིད་ཞིང་དང་ཨ་སྐོང་སྡེ་བ། ནུབ་ཏུ་ལ་ཟེ་བ་ཆུ་ཤུགས་གློག་འདོན་ས་ཚིགས་ཡོད། སྤྱིའི་རིང་ཚད་ལ་སྨི28000ཡོད་པ་དང་། ལྷོ་རུ་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་ཡོད་པ་དང་། བྱང་དུ་རྟ་བོ་ཉིང་ཞཱ། མགོ་ལོག་གི་གཞུང་ལམ་ཡོད་པ་དང་། ཞེང་ཚད་ལ་སྨི2100དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི8.32ཡོད།

རིགས་དབྱེ།  

ཁྲི་ཀའི་མཐོ་སྒང་ལུས་གསོའི་སྤྲོ་གསེང་ཁུལ།

ཁྲི་ཀའི་མཐོ་སྒང་ལུས་གསོའི་སྤྲོ་གསེང་ཁུལ་ནི་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན།

རིགས་དབྱེ།  

ཀོས་ནན་མང་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

ཀོས་ནན་མང་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་ཡིན།

རིགས་དབྱེ།