ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས།

Powerpoint 2007

Powerpointནི་སྟོན་འགྲེམས་ཟིན་བྲིས་བཟོ་བྱེད་ཀྱི་མཉེན་ཆས་ཤིག་ཡིན་ལ། དེ་ནི Microsoft Officeམཉེན་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། Powerpointབེད་སྤྱད་ནས་ཡི་གེ་དང་། རིས་དབྱིབས། སྐད། བརྙན་ཟློས་བཅས་ཚུད་པའི་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ། Powerpoint 2007དེ་སྔོན་མའི་པར་གཞི་ལས་ཕུན་སུམ་ཚོགས་པའི་བྱེད་ནུས་བརྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག་འཆར་ངོས་གསར་པ་དང་། སྟབས་བདེ་བའི་བཀོལ་སྤྱོད་དཔེ་རྣམ་གྱིས་སྤྱོད་པ་པོར་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཕྱོགས་སྟོན་ལེགས་པོ་བྱེད་ཐུབ། Powerpointབེད་སྤྱད་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་དགོས་ན།སྔོན་ལ་དེ་ཡི་བཀོལ་སྤྱོད་ཁྱད་ཆོས་ཤེས་དགོས། Microsoftཀུང་སིས་གསར་དུ་བཏོན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་བའི་མཉེན་ཆསPowerpoint 2007དེ་བེད་སྤྱོད་པ་སྟབས་བདེ་ཡོང་ཆེད་འཆར་ངོས་གསར་པ་དང་བྱེད་ནུས་གསར་པ་མང་པོ་ཁ་སྣོན་བྱས་ཡོད།

རིགས་དབྱེ།  

ཁྱིམ་ཕྱིའི་སྨྱན་ཆས།

ཁྱིམ་ཕྱིའི་སྨྱན་ཆས་ནི་ཐོག་ཁང་གི་སྟེང་དང་ཚོང་ལས་ཁུལ་གྱི་སྒོ་འགྲམ། ལམ་འགྲམ་སོགས་སུ་སྒྲིག་བཀོད་བྱས་པའི་བརྡ་འཕྲིན་ཁྱབ་སྒྲོག་གི་སྨྱན་བྱེད་ལ་ཟེར་བ་དང་། རྣམ་པ་གཙོ་བོ་ལ། དབུགས་སྒང་དང་། དབུགས་ལྡན་མཁའ་འཕུར། འཁོར་སྒམ། རྣམ་པ་ཆེ་བའི་དབུགས་ལྡན་གཟུགས་རིས། མཐོ་རིམ་སློབ་གྲྭའི་ནང་དང་། ཚད་མཐོའི་སྡོད་ཁུལ་གྱི་ཐོག་ཁང་གི་བར་ཁྱམས་སོགས་ཡིན།

རིགས་དབྱེ།  

གསར་དར་སྨྱན་ཆས།

གསར་དར་སྨྱན་ཆས་ནི་ལག་རྩལ་གསར་བའི་མ་ལག་གི་ཁྱད་ཆོས་ལྡན་པའི་སྨྱན་ཆས་ཀྱི་རིགས་ལ་ཟེར་བ་ཡིན་ཏེ། དཔེར་ན། མྱུར་སྐྱེལ་འཕྲིན་ཡིག་བརྡ་ཁྱབ་དང་། ཨང་ཀིའི་སིལ་དེབ། ཨང་ཀིའི་ཚགས་པར། ཨང་ཀིའི་རྒྱང་སྒྲོག ཁ་པར་འཕྲིན་ཐུང་། སྤོ་སྒུལ་བརྙན་འཕྲིན། དྲ་རྒྱ། ཨང་ཀིའི་བརྙན་འཕྲིན། ཨང་ཀིའི་གློག་བརྙན། རེག་བྱའི་སྨྱན་ཆས་སོགས་ལྟ་བུ་ཡིན། དེ་ལས་གཞན་པའི་དུས་དེབ་དང་། ཁྱིམ་ཕྱིའི་སྨྱན་ཆས། རྒྱང་སྒྲོག བརྙན་འཕྲིན་བཅས་ནི་སྲོལ་རྒྱུན་གྱི་བརྙན་ཆས་བཞི་ཡིན། སྨྱན་ཆས་གསར་བའི་རིགས་ལ“ སྨྱན་སྦྱོར་ལྔ་བ” ཞེས་འབོད་སྲོལ་ཡང་ཡོད།

རིགས་དབྱེ།  

སྟོན་འགྲེམས་ཟིན་བྲིས།

སྟོན་འགྲེམས་ཟིན་བྲིས་ནི་གནས་ཚུལ་དང་དོན་དག་ཞིག་ངོ་སྤྲོད་བྱ་བའི་སྨྱན་མང་གཟུགས་ཀྱི་རྒྱུ་ཆའི་ཚོ་ཞིག་ཡིན་ལ། Powerpointཡིས་སྐྱེད་གྲུབ་བྱས་པའི་ཡིག་ཆའི་ཚུལ་ཞིག་ཀྱང་ཡིན། སྟོན་འགྲེམས་ཟིན་བྲིས་ནང་དུ་སྒྲོན་བརྙན་དང་། ཟུར་མཆན། རྩ་གནད་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། Powerpointནི་དེ་རྣམས་བཟོ་བ་དང་། སྟོན་བྱེད་ཀྱི་གལ་ཆེ་བའི་ལག་ཆ་ཞིག་ཡིན། Powerpointཡི་ནང་གི་སྟོན་འགྲེམས་ཟིན་བྲིས་དང་སྒྲོན་བརྙན་གྱི་ཐ་སྙད་ནི་མི་འདྲ་ལ། Powerpointཡིས་བཟོས་པའི་ཡིག་ཆར་སྟོན་འགྲེམས་ཟིན་བྲིས་དང་དེའི་ནང་གི་ཤོག་ལྷེ་རེ་རེ་ལ་སྒྲོན་བརྙན་ཞེས་ཟེར་བ་ཡིན།

རིགས་དབྱེ།  

སྒྲོན་བརྙན་རྩོམ་སྒྲིག

Powerpointཡིས་བཟོས་པའི་ཡིག་ཆར་སྟོན་འགྲེམས་ཟིན་བྲིས་དང་དེའི་ནང་གི་ཤོག་ལྷེ་རེ་རེ་ལ་སྒྲོན་བརྙན་ཞེས་ཟེར་བ་ཡིན། Powerpointཡི་ནང་དུ་སྒྲོན་བརྙན་ཁ་སྣོན་དང་འདེམས་པ། འདྲ་ཕབ། རིམ་སྒྲིག བསུབ་པ་སོགས་བཀོལ་སྤྱོད་བྱེད་ཐུབ་པ་དང་། སྒྲོན་བརྙན་བཀོལ་སྤྱོད་བྱེད་དུས་ཆེས་སྟབས་བདེ་བ་ནི་སྒྲོན་བརྙན་བཤར་ལྟའི་མཐོང་རིས་ཡིན།

རིགས་དབྱེ།  

ཟིན་བྲིས་ཉར་ཚགས།

སྟོན་འགྲེམས་ཟིན་བྲིས་བཟོ་བའི་བརྒྱུད་རིམ་ནང་དུ་སྒྲོན་བརྙན་བསྟན་ནས་སྒྲོན་བརྙན་གྱི་མངོན་ཚུལ་དང་འགུལ་རིས་ཀྱི་མཐོང་འབྲས་སོགས་ལ་བལྟ་དགོས་པ་དང་། སྤྱོད་པ་པོས་བཟོས་པའི་སྟོན་འགྲེམས་ཟིན་བྲིས་ཀྱི་མཇུག་འབྲས་ཀྱང་ཉར་ཚགས་བྱེད་དགོས་སོ།།

རིགས་དབྱེ།  

གནས་བཟུང་རྟགས་ཀྱི་རྩོམ་སྒྲིག

གནས་བཟུང་རྟགས་ནི་ཡི་གེ་དང་པར་རིས་སོགས་ཀྱི་འཇུག་སྣོད་ཡིན་ལ། དེ་ནི་སྒྲོན་བརྙན་ནང་དོན་གྲུབ་པའི་གཞི་རྩའི་བྱ་ཡུལ་ཞིག་ཡིན་པ་མ་ཟད་རང་གི་གཏོགས་གཤིས་ཀྱང་ཡོད། སྤྱོད་པ་པོས་དེའི་ནང་གི་ཡི་གེར་བཀོལ་སྤྱོད་བྱས་ཆོག་ལ་གནས་བཟུང་རྟགས་རང་ལ་ཡང་ཆེ་ཆུང་ལེགས་སྒྲིག་དང་། སྤོ་བ། འདྲ་ཕབ། སྦྱར་བ། བསུབ་པ་སོགས་ཀྱི་བཀོལ་སྤྱོད་བྱས་ཆོག

རིགས་དབྱེ།  

གནས་བཟུང་རྟགས་ཀྱི་གཏོགས་གཤིས།

PowerPoint 2007གྱི་ནང་གི་གནས་བཟུང་རྟགས་དང་། ཡིག་སྒྲོམ། རང་འདེམས་པར་རིས་སོགས་ཀྱི་བྱ་ཡུལ་ལ་ཧ་ཅང་འདྲ་བའི་གཏོགས་གཤིས་ཡོད་དེ། དཔེར་ན། ཁ་དོག་དང་། ཐིག་དབྱིབས་སོགས་ཀྱི་གཏོགས་གཤིས་སྒྲིག་འགོད་བཀོལ་ཚུལ་ཧ་ཅང་འདྲ་བ་ཡིན། སྒྲོན་བརྙན་ནང་དུ་གནས་བཟུང་རྟགས་གདམ་སྐབས། བྱེད་ནུས་ཁུལ་ནང་དུ་བྱང་བུ“རྣམ་གཞག”ཐོན་པ་ཡིན། བྱང་བུའི་ནང་གི་མཐེབ་གནོན་དང་བཀའ་བརྡ་ཡིས་གནས་བཟུང་རྟགས་ཀྱི་གཏོགས་གཤིས་ལ་སྒྲིག་འགོད་བྱེད་ཐུབ།

རིགས་དབྱེ།  

ཡིག་རྐྱང་ཁ་སྣོན།

ཡིག་རྐྱང་གི་བྱེད་ནུས་ནི་སྟོན་འགྲེམས་ཟིན་བྲིས་ནང་གི་བརྗོད་གཞི་དང་། གནས་ཚུལ་གྱི་གསལ་བཤད། རྣམ་བཤད་བཅས་སུ་མེད་དུ་མི་རུང་བ་ཞིག་ཡིན། སྟོན་འགྲེམས་ཟིན་བྲིས་ནང་དུ་ཡིག་རྐྱང་ཁ་སྣོན་བྱེད་ཐབས་མང་པོ་ཡོད་ཀྱང་། རྒྱུན་སྤྱོད་ཐབས་ལ་གནས་བཟུང་རྟགས་བེད་སྤྱོད་དང་། ཡིག་སྒྲོམ་བེད་སྤྱོད། ཕྱི་རོལ་ནས་འདྲེན་འཇུག་བྱེད་པ་བཅས་གསུམ་ཡོད་དོ།།

རིགས་དབྱེ།  

ཡིག་རྐྱང་བཀོལ་སྤྱོད།

PowerPoint 2007གྱིས་ཡིག་རྐྱང་ལ་འདེམས་པ་དང་། འདྲ་ཕབ། སྦྱར་བ། དྲས་གཏུབ། ཕྱིར་འཐེན། བསྐྱར་ཟློས། འཚོལ་བ། གོ་བརྗེ་བ་སོགས་ཀྱི་བཀོལ་སྤྱོད་བྱ་ཐུབ་པར་བྱས་ཡོད། ཡིག་རྐྱང་གི་གཞི་རྩའི་བཀོལ་སྤྱོད་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ཡི་གེའི་གཏོགས་གཤིས་སྒྲིག་འགོད་བྱེད་པའི་རྨང་གཞི་ཡིན།

རིགས་དབྱེ།  

ཡིག་རྐྱང་གཏོགས་གཤིས་སྒྲིག་འགོད།

སྟོན་འགྲེམས་ཟིན་བྲིས་དེ་མཛེས་པ་དང་གསལ་པོ་ཡོང་ཆེད། རྒྱུན་དུ་ཡིག་རྐྱང་གི་གཏོགས་གཤིས་ལ་སྒྲིག་འགོད་བྱེད་དགོས་ཏེ། ཡིག་རྐྱང་གི་གཞི་རྩའི་གཏོགས་གཤིས་སྒྲིག་འགོད་བྱེད་པ་ལ་ཡིག་གཟུགས་དང་། ཡིག་ཚུགས། ཡིག་གཟུགས་ཆེ་ཆུང་། ཡི་གེའི་ཁ་དོག་སོགས་ཡོད། PowerPointནང་དུ་སྒྲོན་བརྙན་ལ་པར་རྣམ་ཞིག་བཀོལ་སྤྱོད་བྱས་ཟིན་རྗེས་སྒྲོན་བརྙན་ནང་གི་ཡི་གེ་ལ་སྔོན་སྒྲིག་གི་གཏོགས་གཤིས་ཡོད་ཀྱང་། གནས་ཚུལ་མང་པོའི་འོག་སྤྱོད་པ་པོས་རང་གི་དགོས་མཁོར་གཞིགས་ནས་དེ་ཚོར་སྒྲིག་འགོད་བྱེད་དགོས་པ་རེད།

རིགས་དབྱེ།  

སྤྱི་འགྲོས་བར་འཇུག

སྟོན་འགྲེམས་ཟིན་བྲིས་རྩོམ་སྒྲིག་བྱེད་པའི་རྒྱུད་རིམ་ནང་དུ་ཡིག་རྐྱང་ནང་འཇུག་བྱེད་པ་ཕུད། ད་དུང་དམིགས་བསལ་གྱི་མཚོན་རྟགས་དང་སྤྱི་འགྲོས་བར་འཇུག་བྱ་ཐུབ།

རིགས་དབྱེ།  

དུམ་ཚན་རྣམ་གཞག

སྒྲོན་བརྙན་ནང་དུ་ཡིག་རྐྱང་གི་གོ་རིམ་ཁ་གསལ་གོ་བདེ་ཡོང་ཆེད་སྒྲོན་བརྙན་ནང་གི་དུམ་ཚན་ལ་རྣམ་གཞག་དང་རིམ་པའི་སྒྲིག་འགོད་བྱེད་དགོས། དཔེར་ན། རིམ་པ་མི་འདྲ་བའི་རྣམ་གྲངས་མཚོན་རྟགས་དང་སྒྲིག་ཨང་བེད་སྤྱད་ནས་དུམ་ཚན་གྱི་བར་རིམ་མཚོན་པ་ལྟ་བུ། དུམ་ཚན་གྱི་རྣམ་གཞག་ལ་དུམ་ཚན་སྙོམས་སྒྲིག་དང་། དུམ་ཚན་སྐུམ་པ། དུམ་ཚན་གྱི་བར་ཐག་སོགས་ཀྱི་སྒྲིག་འགོད་ཚུད་ཡོད།

རིགས་དབྱེ།  

རྣམ་གྲངས་མཚོན་རྟགས།

སྟོན་འགྲེམས་ཟིན་བྲིས་ནང་དུ་གཙོ་ཆེ་བའི་ནང་དོན་དང་། རྣམ་གྲངས། བརྗོད་གཞི་སོགས་མཛེས་པ་དང་མངོན་གསལ་དུ་ཡོང་ཆེད་རྣམ་གྲངས་མཚོན་རྟགས་བེད་སྤྱོད་བྱ་དགོས།

རིགས་དབྱེ།  

རྣམ་གྲངས་སྒྲིག་ཨང་།

PowerPointནང་དུ་རིམ་པ་མི་འདྲ་བའི་དུམ་ཚན་ལ་རྣམ་གྲངས་སྒྲིག་ཨང་སྒྲིག་འགོད་བྱེད་ཐུབ། སོར་བཞག་ཏུ་རྣམ་གྲངས་སྒྲིག་ཨང་ནི་ཨ་རབ་གྲངས་ཀ་ལས་གྲུབ་པ་ཞིག་ཡིན་པ་དང་། སྤྱོད་པ་པོས་རང་བཟོས་རྣམ་གྲངས་སྒྲིག་ཨང་བཟོ་ལྟ་ཡང་བེད་སྤྱོད་ཆོག

རིགས་དབྱེ།  

པར་རིས་བར་འཇུག

སྟོན་འགྲེམས་ཟིན་བྲིས་ནང་དུ་པར་རིས་ནང་འཇུག་བྱ་ཚེ། བརྗོད་གཞི་དང་མཚོན་བྱའི་བསམ་བློ་རྒྱས་བཤད་བྱེད་ཐུབ་ཀྱང་ནང་འཇུག་བྱས་པའི་པར་རིས་དང་བརྗོད་གཞི་མཐུན་མིན་ལ་བསམ་བློ་ཡག་པོ་གཏོང་དགོས།

རིགས་དབྱེ།  

པར་རིས་རྩོམ་སྒྲིག

སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ནང་དུ་པར་རིས་བར་འཇུག་བྱས་རྗེས། དེ་ཡི་གནས་ས་དང་ཆེ་ཆུང་ལེགས་སྒྲིག་བྱེད་ཐུབ་པ་མ་ཟད། དགོས་མཁོར་གཞིགས་ནས་དྲས་གཏུབ་དང་། གོ་བསྡུར་ཚད་དང་གསལ་ཚད་ལེགས་སྒྲིག མཐའ་སྒྲོམ་ཁ་སྣོན། ནང་གསལ་ཁ་དོག་ལེགས་སྒྲིག་སོགས་ཀྱི་བཀོལ་སྤྱོད་ཀྱང་བྱ་ཐུབ།

རིགས་དབྱེ།  

རིས་དབྱིབས་འབྲི་ཚུལ།

PowerPoint 2007གྱིས་བྱེད་ནུས་ཆེ་བའི་རིས་འབྲིའི་ལག་ཆ་མཁོ་སྤྲོད་བྱས་ཡོད། རིས་འབྲིའི་ལག་ཆ་བེད་སྤྱད་ནས་ཐིག་དུམ་དང་། འབྲེལ་ཐིག དབྱིབས་རྩིས་རིས་དབྱིབས། སྐར་མའི་གཟུགས། མདའ་རྩེ་སོགས་འབྲི་ཐུབ་སྟེ། བྱང་བུ“བར་འཇུག”གི“པར་རིས་བར་འཇུག”ཚོའི་མཐེབ་གནོན“བཟོ་དབྱིབས”ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་ནས་མཁོ་བའི་བཟོ་དབྱིབས་ལ་རིས་དབྱིབས་འབྲི་ཆོག་པ་ཡིན།

རིགས་དབྱེ།  

རིས་དབྱིབས་རྩོམ་སྒྲིག

PowerPointནང་དུ་བྲིས་ཟིན་པའི་རིས་དབྱིབས་ལ་རང་གཤིས་ལྡན་པའི་རྩོམ་སྒྲིག་བྱ་ཐུབ་ལ། བཀོལ་སྤྱོད་གཞན་དང་འདྲ་བར་སྒྲིག་འགོད་བྱེད་པའི་སྔོན་ལ་རིས་དབྱིབས་བདམས་དགོས་པ་དང་། རིས་དབྱིབས་ཀྱི་གཞི་རྩའི་རྩོམ་སྒྲིག་ལ་རིས་དབྱིབས་སྐོར་བ་དང་། རིས་དབྱིབས་སྙོམས་སྒྲིག རིས་དབྱིབས་རིམ་བརྩེགས། རིས་དབྱིབས་སྡེབ་སྒྲིག་སོགས་ཚུད་ཡོད།

རིགས་དབྱེ།  

རིས་དབྱིབས་རྣམ་གཞག

PowerPointལ་ཆ་ཚང་བའི་རིས་དབྱིབས་སྒྲིག་འགོད་བྱེད་ནུས་ཡོད་ལ། སྒྲོན་བརྙན་ལ་ཐིག་དབྱིབས་དང་། མདའ་རྩེའི་བཟོ་ལྟ། ཁ་སྐོང་ཁ་དོག གྲིབ་འབྲས། རྩ་གསུམ་མཐོང་འབྲས་སོགས་ཀྱིས་བརྒྱན་ཐུབ། རྒྱུད་ཁོངས་ཀྱི་མཁོ་སྤྲོད་བྱས་པའི་རིས་དབྱིབས་སྒྲིག་འགོད་ལག་ཆས་རིས་དབྱིབས་ཡོད་པའི་སྒྲོན་བརྙན་དེ་དེ་བས་གོ་བདེ་བ་ཡོང་ངེས་ཡིན།

རིགས་དབྱེ།  

མཛེས་ཡིག་ནང་འཇུག

མཛེས་ཡིག་ནི་དམིགས་བསལ་གྱི་རིས་དབྱིབས་ཡི་གེ་ཞིག་ཡིན། དེ་རྒྱུན་དུ་སྒྲོན་བརྙན་གྱི་ཁ་བྱང་ཡི་གེ་མཚོན་པར་བེད་སྤྱོད་པ་ཡིན། སྤྱོད་པ་པོས་དེ་ལ་སྤྱིར་བཏང་གི་ཡི་གེ་ཆེ་ཆུང་དང་། སྦོམ་གཟུགས། གསེག་གཟུགས་སོགས་ཀྱི་མཐོང་འབྲས་སྒྲིག་འགོད་བྱ་ཐུབ་ལ། རིས་དབྱིབས་བཞིན་མཐའ་སྒྲོམ་དང་། ཁ་སྐོང་ཁ་དོག་གཏོགས་གཤིས་སྒྲིག་འགོད་བྱ་ཐུབ་པ་མ་ཟད། ཆེ་ཆུང་ལེགས་སྒྲིག་དང་། སྐོར་བ། གྲིབ་གཟུགས་ཁ་སྣོན། རྩ་གསུམ་མཐོང་འབྲས་སོགས་ཀྱང་སྒྲིག་འགོད་བྱ་ཐུབ།

རིགས་དབྱེ།  

པར་དེབ་བར་འཇུག

ཨང་སྒྲིག་པར་ཆས་དང་དར་ཁྱབ་ཆེ་བས་རྩིས་འཁོར་བེད་སྤྱད་ནས་གློག་རྡུལ་པར་དེབ་བཟོ་མཁན་དེ་བས་ཀྱང་མང་དུ་ཕྱིན་ཡོད་མོད། གློག་རྡུལ་པར་དེབ་བཟོ་བའི་ཆེད་ལས་མཉེན་ཆས་མེད་ཚེ། PowerPointབེད་སྤྱད་ནས་སྟབས་བདེའི་ངང་སྤུས་ཚད་ལེགས་པའི་གློག་རྡུལ་པར་དེབ་བཟོ་ཐུབ་ལ། ཚོང་ལས་བཀོལ་སྤྱོད་ནང་དུ་གློག་རྡུལ་པར་དེབ་དེ་ཀུང་སིའི་ཐོན་རྫས་དཀར་ཆག་ངོ་སྤྲོད་བྱེད་པ་དང་། བརྙན་རིས་གཞི་གྲངས་མཉམ་སྤྱོད། ཞིབ་འཇུག་གྲུབ་འབྲས་ངོ་སྤྲོད་སོགས་བྱེད་པར་ཧ་ཅང་འཚམ་པ་ཡིན།

རིགས་དབྱེ།  

སྒྲོན་བརྙན་མ་པར།

PowerPoint 2007ལ་སྒྲོན་བརྙན་མ་པར་དང་། ཁྲིད་ཟིན་མ་པར། ཟུར་མཆན་མ་པར་བཅས་མ་པར་གསུམ་ཚུད་ཡོད། སྒྲོན་བརྙན་མ་པར་ནང་དུ་སྒྲོན་བརྙན་གྱི་ཁྱད་ཆོས་ལ་སྒྲིག་འགོད་བྱ་ཐུབ་པ་དང་། སྟོན་འགྲེམས་མ་པར་ནང་དུ་སྟོན་འགྲེམས་ཟིན་བྲིས་དེ་སྟོན་འགྲེམས་ཚུལ་གྱིས་པར་འདེབས་ཕྱིར་འདོན་བྱེད་པ། ཟུར་མཆན་མ་པར་ནང་དུ་སྟོན་འགྲེམས་ཟིན་བྲིས་ལ་ཟུར་མཆན་ནང་དོན་ནང་འཇུག་བྱ་ཐུབ།

རིགས་དབྱེ།  

སྒྲོན་བརྙན་མ་པར་སྒྲིག་འགོད།

སྒྲོན་བརྙན་མ་པར་གྱིས་སྒྲོན་བརྙན་ཕྱི་རྣམ་གཏན་འཁེལ་བ་ཡིན། དེ་ནི་སྒྲོན་བརྙན་གྱི་ཁ་བྱང་དང་། དངོས་ཡིག་ཡི་གེའི་བཟོ་ལྟ(ཡིག་གཟུགས་དང་། ཡིག་གཟུགས་ཆེ་ཆུང་། ཡི་གེའི་ཁ་དོག གྲིབ་གཟུགས་སོགས་ཀྱི་མཐོང་འབྲས་ཚུད་ཡོད)སྒྲོན་བརྙན་གྱི་རྒྱབ་ལྗོངས། ཤོག་ངོས་མགོ་བྱང་སོགས་ཀྱི་སྒྲིག་འགོད་བྱེད་པར་སྤྱོད་པ་ཡིན། སྒྲོན་བརྙན་མ་པར་གྱིས་སྒྲོན་བརྙན་ཡོངས་ཀྱི་སོར་བཞག་པར་རྣམ་སྒྲིག་འགོད་བྱེད་པ་ཡིན།

རིགས་དབྱེ།  

བརྗོད་གཞིའི་ཁ་དོག་སྒྲིག་འགོད།

PowerPoint 2007གྱིས་ཇུས་འགོད་དཔེ་པང་རེ་རེར་ནང་སྒྲིག་བརྗོད་གཞི་བཅུ་ལྷག་ཙམ་མཁོ་སྤྲོད་བྱས་ཡོད་པས། སྤྱོད་པ་པོས་དགོས་མཁོར་གཞིགས་ནས་ཁ་དོག་མི་འདྲ་བ་བདམས་ཏེ་སྟོན་འགྲེམས་ཟིན་བྲིས་ཇུས་འགོད་བྱ་ཆོག ཁ་དོག་དེ་རྣམས་ནི་སྔོན་ལ་སྒྲིག་འགོད་བྱས་པ་ཞིག་ཡིན་པས། སྒྲོན་བརྙན་གྱི་རྒྱབ་ལྗོངས་དང་། ཡིག་རྐྱང་ཐིག་རིས། གྲིབ་གཟུགས་ཁ་བྱང་ཡིག་རྐྱང་། ཁ་སྐོང་། ནན་བཤད། རིམ་བརྒལ་སྦྲེལ་མཐུད་སོགས་སུ་རང་འགུལ་ངང་བཀོལ་སྤྱོད་བྱེད་པ་ཡིན། PowerPoint 2007གྱི་རྒྱབ་ལྗོངས་བཟོ་ལྟའི་བྱེད་ནུས་ཀྱིས་མ་པར་གྱི་རྒྱབ་ལྗོངས་པར་རིས་མངོན་མིན་དང་། སྒྲོན་བརྙན་རྒྱབ་ལྗོངས་ཁ་དོག་མངོན་ཚུལ་སོགས་ལ་ཚོད་འཛིན་བྱ་བ་ཡིན།

རིགས་དབྱེ།  

འགུལ་རིས་བེད་སྤྱོད།

PowerPointནང་དུ་སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ནང་གི་ཡིག་རྐྱང་དང་སྨྱན་མང་གཟུགས་ཀྱི་བྱ་ཡུལ་ལ་དམིགས་བསལ་གྱི་མཐོང་ཚོར་མཐོང་འབྲས་སམ་སྒྲའི་ཐོས་འབྲས་ཁ་སྣོན་བྱ་ཐུབ་པ་ཡིན། དཔེར་ན་ཡི་གེ་རེ་རེ་བཞིན་སྟོན་འགྲེམས་ཟིན་བྲིས་ནང་དུ་འཕུར་ཡོང་བ་དང་། པར་རིས་མངོན་སྐབས་རང་འགུལ་ངང་སྒྲ་གཏོང་བ་སོགས་སོ།།

རིགས་དབྱེ།  

སྒྲ་བར་འཇུག

སྒྲོན་བརྙན་བཟོ་བའི་སྐབས་སྤྱོད་པ་པོས་དགོས་མཁོར་དམིགས་ནས་སྒྲ་བར་འཇུག་བྱས་ཏེ། གཟིགས་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཐུབ་པ་ཡིན། སྒྲ་བར་འཇུག་བྱེད་དུས་གཏམ་བཤད་སྐབས་ཀྱི་དོན་དངོས་དགོས་མཁོ་ལ་བསམ་བློ་གཏོང་དགོས་པ་ལས། བར་འཇུག་བྱས་པའི་སྒྲས་གཏམ་བཤད་དང་ཤུར་བཤད་ལ་ཤུགས་རྐྱེན་ཐེབས་མི་ཆོག

རིགས་དབྱེ།  

CDརོལ་དབྱངས་བར་འཇུག

PowerPointཡི་སྒྲོན་བརྙན་ནང་དུCDརོལ་དབྱངས་དང་རང་གིས་ཕབ་པའི་སྒྲ་བར་འཇུག་བྱས་ཚེ་སྟོན་འགྲེམས་ཟིན་བྲིས་ཀྱི་རང་གཤིས་ཅན་མངོན་ཐུབ་བོ།།

རིགས་དབྱེ།  

སྣོལ་རེས་སྟོན་འགྲེམས་ཟིན་བྲིས།

PowerPoint 2007ནང་དུ་སྤྱོད་པ་པོས་སྒྲོན་བརྙན་ནང་གི་ཡིག་རྐྱང་དང་། རིས་དབྱིབས། པར་རིས་སོགས་ཀྱི་བྱ་ཡུལ་ལ་རིམ་བརྒལ་སྦྲེལ་མཐུད་དང་བྱ་སྤྱོད་སོགས་ཁ་སྣོན་བྱ་ཐུབ། སྒྲོན་བརྙན་སྟོན་སྐབས་བྱ་སྤྱོད་མཐེབ་གནོན་ནམ་རིམ་བརྒལ་སྦྲེལ་མཐུད་ཡོད་པའི་ཡིག་རྐྱང་སྟེང་ཆིག་རྡེབ་བྱས་ཚེ། བྱ་རིམ་དེ་དམིགས་འཛུགས་བྱས་པའི་སྒྲོན་བརྙན་ཤོག་ངོས་སྟེང་མཆོང་སྤོ་བྱེད་པའམ་དམིགས་འཛུགས་བྱས་པའི་བྱ་རིམ་ལག་བསྟར་བྱེད་པ་ཡིན། སྟོན་འགྲེམས་ཟིན་བྲིས་དེ་མགོ་ནས་མཇུག་བར་སྟོན་པའི་རྣམ་པ་མིན་པར། སྣོལ་རེས་ཚུལ་ངེས་གཏན་ཞིག་ཡོད་པས་སྔོན་སྒྲིག་བྱས་པའི་ཐབས་ཤེས་ཀྱི་མཁོ་བའི་ནང་དོན་སྟོན་པ་ཡིན།

རིགས་དབྱེ།  

སྦྱོང་བརྡར་དུས་བགྲང།

སྟོན་འགྲེམས་ཟིན་བྲིས་བཟོས་ཟིན་རྗེསPowerPointཡི“སྦྱོང་བརྡར་དུས་བགྲང”བྱེད་ནུས་ཀྱིས་སྟོན་འགྲེམས་ཟིན་བྲིས་སྟོན་པའི་དུས་ཚོད་ལ་ནང་སྦྱོང་བྱས་ཆོག

རིགས་དབྱེ།