ཡོངས་འཛིན་རིག་མཛོད། >ལུས་རྩལ། >ཆུ་ཐོག་ལུས་རྩལ།

ཀོ་གྲུ།

ཀོ་གྲུ་འགྲན་སྡུར་ནི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། སྤྱི་ལོ1924ལོ་ཨོ་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་སུ་ཚུད་ཅིང་། སྤྱི་ལོ1936ལོ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག

རིགས་དབྱེ།  

གཡོར་གྲུ

གཡོར་གྲུ་ནི་རླུང་ཤུགས་ལ་རྟེན་ནས་མདུན་སྐྱོད་བྱེད་པའི་གྲུ་ཡིན། གཡོར་གྲུ་ལུས་རྩལ་ནི་རང་བྱུང་གི་རླུང་ཤུགས་དེས་གྲུ་གཡོར་ལ་བྱེད་ནུས་བཏོན་ཏེ། མིས་གྲུ་ལ་ཁ་ལོ་སྒྱུར་བཞིན་པའི་ཆུའི་སྟེང་གི་ལུས་རྩལ་ཞིག་ཡིན། དེ་ལ་འགྲན་རྩལ་དང་རོལ་རྩེད། ལྟ་སྐོར་དང་མྱུལ་དཔྱད་ལས་གྲུབ་པས། མི་རྣམས་དེ་ལ་དགའ་མོས་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་རྣམས་ཀྱིས་རྒྱ་མཚོ་རིག་གནས་བརྗེ་རེས་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན། 1900ལོའི་ཐེངས་གཉིས་པའི་ཨོ་རྩལ་འགྲན་ཚོགས་ནས་བཟུང་འགྲན་ཞུགས་རྣམ་གྲངས་སུ་བཞག་པ་རེད།

རིགས་དབྱེ།  

གྲུ་ཆུང་འགྲན་སྡུར།

གྲུ་ཆུང་འགྲན་སྡུར་གྱི་ལུས་རྩལ་དེ་ནི་དབྱིན་ཇི་ནས་དར་བ་རེད། དུས་རབས17པར་ཐེམ་སི་གཙང་བོའི་གྲུ་བ་རྣམས་ཀྱིས་རྒྱུན་དུ་གྲུ་ཆུང་འགྲན་སྡུར་བྱེད་ལ། སྤྱི་ལོ1715ལོར་དབྱིན་ཇིའི་རྒྱལ་པོ་ཁྲི་འདོན་མངའ་གསོལ་བའི་མཛད་སྒོར་གྲུ་ཆུང་འགྲན་སྡུར་ཐོག་མར་སྤེལ་བ་རེད། སྤྱི་ལོ1775ལོར་དབྱིན་ཇིས་གྲུ་ཆུང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབ་གནང་ཞིང་ལོ་དེར་གྲུ་ཆུང་འགྲན་སྡུར་རོལ་རྩེད་གླིང་བཙུགས། སྤྱི་ལོ1891ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གྲུ་ཆུང་འགྲན་སྡུར་དེ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག

རིགས་དབྱེ།  

ཆུར་རྐྱལ་འགྲན་སྡུར།

ཆུར་རྐྱལ་ནི་ཆུའི་ནང་དུ་རྐང་ལག་གཡབ་པ་སོགས་ཀྱིས་འགྲོ་བ་སྟེ། ལུས་ཀྱི་རྐང་ལག་གི་འགུལ་སྐྱོད་ལ་བརྟེན་ནས་མདུན་དུ་བསྐྱོད་པའི་རྩལ་ནུས་ཤིག་ཡིན།

རིགས་དབྱེ།  

གར་རྩེད་ཆུར་རྐྱལ།

གར་རྩེད་ཆུར་རྐྱལ་ནི་ཆུ་ནང་ནས་རྐྱལ་རྩལ་སྣ་ཚོགས་སྟོན་པའི་སྒྱུ་རྩལ་རང་བཞིན་གྱི་ཆུའི་རྐྱལ་རྩལ་ཞིག་ཡིན།

རིགས་དབྱེ།  

ཆུ་ཐོག་སྤོ་ལོ།

ཆུ་ཐོག་སྤོ་ལོ་ནི་ཆུ་ནང་དུ་འགྲན་སྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ཞིང་། སྤོ་ལོའི་འགྲན་སྡུར་གྱི་གནས་ནི་གྲུ་བཞི་ནར་མོའི་ར་བ་ཞིག་ཡིན་ལ་སྣེ་གཉི་གར་སྤོ་ལོ་འཇུག་སའི་སྒོ་མོ་ཡོད་པ་ཡིན།

རིགས་དབྱེ།  

ཆུར་མཆོང་།

ཆུར་མཆོང་ལུས་རྩལ་ནི་མཐོ་ས་ནས་བསྡད་དེ་བཟོ་ལྟ་སྣ་ཚོགས་པའི་སྒོ་ནས་ཆུ་ལ་མཆོངས་པའམ་ཆུར་མཆོང་འཕྲུལ་ཆས་སྟེང་ནས་མར་མཆོངས་པའི་ཁྲོད་བར་སྣང་ནས་འགུལ་སྟངས་ཡོད་ཚད་གྲུབ་ནས་དམིགས་བསལ་གྱི་བཟོ་ལྟའི་སྒོ་ནས་ཆུ་ནང་མཆོངས་པའི་ཆུར་རྐྱལ་གྱི་རྩལ་ཞིག་ཡིན།

རིགས་དབྱེ།  

ཤུད་ཤིང་ལུས་རྩལ།

ཤུད་ཤིང་ལུས་རྩལ་ནི་མ་མཐའི་བྱ་འགུལ་གྱི་རིགས་ཤིག་ཡིན། ས་ངོས་ཀྱི་གསེག་ཚད་ལ་བརྟེན་ནས་ཆུ་རླབས་སྟེང་བསྐྱོད་པའི་ལུས་རྩལ་བྱ་འགུལ་ཞིག་གོ། །

རིགས་དབྱེ།  

དར་གྲུ།

དར་གྲུ་ལུས་རྩལ་ནི་རླུང་ཤུགས་དར་ལ་བརྟེན་ནས་གྲུ་མདུན་དུ་སྐྱོད་པ་དང་ཁ་ལོ་བསྒྱུར་བའི་ལུས་རྩལ་རྣམ་པ་ཞིག་ཡིན། འགྲན་བསྡུར་ཁྲོད་ཞུགས་པའི་གྲུ་ནི་གྲུ་དང་དར་ཤིང་། ཁ་ལོ། ཕྱོགས་འཇགས་ཆས། ཐག་ཆས་སོགས་ཀྱིས་གྲུབ་པའི་ཡང་ཞིང་ཆུང་བའི་དར་གཅིག་གྲུ་གཟིངས་ཤིག་རེད།

རིགས་དབྱེ།  

པང་མཆོང་།

པང་མཆོང་ནི་ཁྲའོ་ཞན་གྱི་སྲོལ་རྒྱུན་ཕྱོགས་བསྡུས་རིགས་ཀྱི་བུད་མེད་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ཁྲའོ་ཞན་དུ་དར་བ་དང་། ཧན་གོ་དང་ཀྲུང་གོའི་ཁྲའོ་ཞན་རིགས་ཀྱི་འདུས་ཁུལ་དུ་སྤེལ་གྱི་ཡོད། མང་ཆེ་བ་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་དང་། ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་སུ་འཚོགས་པ་རེད།

རིགས་དབྱེ།  

མཆོང་སྟེགས།

མཆོང་སྟེགས་ནི་ལྡེམ་ཤུགས་མེད་པའི་སྲ་ལ་བརྟན་པའི་སྟེགས་བུ་ཞིག་ཡིན། སྟེགས་བུ་དེ་ཆུ་ངོས་ལས་མཐོ་ཚད་སྨི5ཅན་དང་། སྨི7.5ཅན། སྨི10ཅན་བཅས་རིགས་གསུམ་དུ་འདུ་ཞིང་། ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་སྡུར། འཛམ་གླིང་བུམ་པའི་འགྲན་སྡུར་བཅས་སུ་སྨི10ཅན་གྱི་སྟེགས་བུ་སྤྱོད་བཞིན་ཡོད།

རིགས་དབྱེ།  

ཆུར་མཆོང་རྩལ་འགྲན།

ཆུར་མཆོང་བར་མིང་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་འགྲན་སྡུར་གྱི་སྒྲིག་སྲོལ་རིགས86བཀོད་ཡོད་པ་རེད། འགུལ་སྐྱོད་རེ་རེ་ལ་གཤམ་གྱི་རིམ་པ་བཞི་རུ་དབྱེ་ཡོད་དེ། དཔེར་ན་རྒྱུག་པ་དང་ལྡིང་བ། བར་སྣང་དུ་འགུལ་སྐྱོད(དྲང་གཟུགས། སྐུམ་གཟུགས། པུས་མོ་ཡར་རྡེག)ཀྱིས་ཆུ་ནང་དུ་འཛུལ་བ་དང་། ཆུ་ནང་དུ་འཛུལ་སྐབས་ཆུ་ཁར་མེ་ཏོག་ཐོར་བ་ཇི་ལྟར་ཉུང་ན་དེ་ལྟར་བཟང་།

རིགས་དབྱེ།  

གན་རྐྱལ།

གན་རྐྱལ(backstroke)ཞེས་པ་ཆུ་ནང་དུ་གན་རྐྱལ་དུ་ཆུར་རྐྱལ་སྟངས་ཤིག་ཡིན་ལ། དེ་ལ་སྦལ་རྐྱལ་དང་གོག་རྐྱལ་ལ་རྒོལ་བ་ཞེས་རིགས་གཉིས་སུ་དབྱེ་ཞིང་། མགོ་བོ་ཆུར་ཁར་ཡར་བཀྱགས་པས་དབུགས་འབྱིན་རྔུབ་སྟབས་བདེ་མོད། ལུས་རྩལ་པས་གནས་གང་དུ་རྐྱལ་དགོས་པར་མི་མཐོང་བས་རྐྱལ་གནས་ནོར་སླའོ། །

རིགས་དབྱེ།  

སྦལ་རྐྱལ།

སྦལ་རྐྱལ(breaststroke)ནི་སྦལ་བ་ཆུ་ལ་རྐྱལ་བར་ལད་ཟློས་ཀྱིས་ཆུར་རྐྱལ་སྟངས་ཤིག་ཡིན་ལ། སྦལ་རྐྱལ་སྐབས་སུ་ཆུར་རྐྱལ་པས་མདུན་ཕྱོགས་སུ་རྐྱལ་བར་གེགས་ཡོད་མེད་སོགས་གསལ་བོར་མཐོང་ཐུབ།

རིགས་དབྱེ།  

རྒྱུན་མཐུད་རང་མོས་ཆུ་རྐྱལ།

རྒྱུན་མཐུད་རང་མོས་ཆུ་རྐྱལ་ཞེས་པ་རྩལ་འགྲན་ཆུ་རྐྱལ་མཉམ་སྡེབ་རྣམ་གྲངས་ཀྱི་གྲས་ཤིག་རེད། རུ་ཁག་རེ་རེ་ནི་མི་བཞི་ཡིས་གྲུབ་པ་ཡིན། མི་རེའི་ཆ་སྙོམས་མྱུར་ཚད་མགྱོགས་ཤོས་ཀྱི་བཟོ་ལྟ་གང་རུང་འདེམས་ཆོག

རིགས་དབྱེ།  

ཀོ་རྩེད།

ཉ་བ་དག་གིས་ངལ་དུབ་སེལ་ཆེད་གླུ་ལེན་གར་འཁྲབ་བྱས་པ་ལས་རིམ་བཞིན་ཀོ་རྩེད་ཅེས་པ་བྱུང་།

རིགས་དབྱེ།