ཡོངས་འཛིན་རིག་མཛོད། >ལུས་རྩལ། >མཆོང་རྒྱུག་འཕེན་གསུམ།

མཆོང་རྒྱུག་འཕེན་གསུམ།

སྤྱི་ལོ་སྔོན་གྱི776ལོར། གནའ་བོའི་ཀེ་རི་སེའི་ཨོ་ལིན་ཕིག་གྲོང་སྡེར་གནའ་བོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུས་ཤིང་། དེ་ནས་བཟུང་། ལུས་རྩལ་དེ་རིགས་འགྲན་སྡུར་རྣམ་གྲངས་སུ་ཚུད། སྤྱི་ལོ1894ལོར། ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་དེང་རབས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་བཙུགས། སྤྱི་ལོ1896ལོར་ཀེ་རི་སེ་ནས་དེང་རབས་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ་རེད།

རིགས་དབྱེ།  

རྩལ་ཅན་གྱི་རྣམ་གྲངས་གསུམ།

རྩལ་ཅན་གྱི་རྣམ་གྲངས་གསུམ་ནི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེ་ནི་གསར་དར་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་ཁོངས་སུ་གཏོགས། འགྲན་སྡུར་དེ་ནི་རང་བྱུང་ཆུ་ཁོངས་སུ་ཆུར་རྐྱལ་བ་དང་། གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་གཞུང་ལམ་རྒྱང་རྒྱུག་བཅས་རྣམ་གྲངས་གསུམ་པོ་རིམ་པ་ལྟར་གྲུབ་པ་ཡིན། ལུས་རྩལ་པས་དབུགས་གཏོང་ཐེངས་གཅིག་གི་འགྲན་སྡུར་མཇུག་རྫོགས་དགོས། སྤྱི་ལོ2000ལོར་ཨོ་རྩལ་འགྲན་སྡུར་རྣམ་གྲངས་སུ་ཚུད། སྤྱི་ལོ2006ལོར་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་བཞག་པ་རེད།

རིགས་དབྱེ།  

བང་རྩལ་འགྲན་སྡུར།

བང་རྩལ་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་རྒྱུག་ལམ་མམ་ཡང་ན་གཏན་ཁེལ་བྱས་པའི་འགྲོ་ལམ་ནས་རྒྱུག་པ་དང་འགྲོ་བའི་འགྲན་སྡུར་རྣམ་གྲངས་ཀྱི་སྤྱི་མིང་ཡིན་ལ། དུས་ཚོད་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།

རིགས་དབྱེ།  

མཱ་ལ་སུང་རྒྱུག་འགྲན།

མཱ་ལ་སུང་རྒྱུག་འགྲན་ནི་གཞུང་ལམ་དུ་འགྲན་པའི་ཤིན་ཏུ་རིང་བའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

མཆོང་འཕེན་འགྲན་སྡུར།

མཆོང་འཕེན་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་ཁོངས་སུ་མཆོང་ལྡིང་དང་རྒྱང་འཕེན་གཉིས་འདུ་ལ། མཐོ་ཚད་དང་རྒྱང་ཐག་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།

རིགས་དབྱེ།  

མཐུད་རྒྱུག

མཐུད་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་སྡུར་གྱི་རྣམ་གྲངས་དེ་ཡིན།

རིགས་དབྱེ།  

འགྲོས་འགྲན།

འགྲོས་འགྲན་ནི་བསྲན་ཤུགས་འཕེལ་རྒྱས་སུ་གཏོང་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཤིག་ཡིན། དེའི་ཁྱད་ཆོས་ནི་རྐང་པ་གཉིས་རེས་མོས་ཀྱིས་སྡེབ་སྟེ་འགྲོ་བ་དང་། གོམ་ཞེང་ཆེ་བ་དང་གོམ་ཚད་མགྱོགས་པ། སྒྲིག་སྲོལ་ངེས་ཅན་གྱིས་འགོག་རྐྱེན་ཐེབས་པ་ཡིན།

རིགས་དབྱེ།  

ལྡིང་བརྒལ་རྒྱུག་འགྲན།

ལྡིང་བརྒལ་རྒྱུག་འགྲན་ནི་ལམ་བུར་དུ་གྲངས་ཀ་དང་བར་ཐག མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ཀུན་ཐུབ་ལུས་རྩལ།

མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་ནི་རྒྱུག་པ་དང་མཆོང་བ། འཕེན་པ་སོགས་མཆོང་རྒྱུག་འཕེན་གསུམ་གྱི་སྣ་རྐྱང་རྣམ་གྲངས་དག་གཏན་འཁེལ་གྱི་དུས་ཚོད་ནང་དུ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ལག་རྒྱུག

ལག་ཏུ་དབྱུག་དུམ་བཟུང་ནས་ལམ་གྱི་བཞི་ཆ་གཅིག་ལ་བརྒྱུགས་རྗེས་ལག་གི་དབྱུག་དུམ་མི་གཞན་ཞིག་ལ་སྤྲད་པ་ན་དེས་ཀྱང་སྔར་གྱི་མུར་མཐུད་ནས་རྒྱུག་འགྲན་བྱེད་པའི་ལུས་རྩལ་ཞིག་གོ། །

རིགས་དབྱེ།  

རིང་རྒྱུག

རིང་རྒྱུག་གི་ཐོག་མའི་རྣམ་གྲངས་ནི་དབྱིན་ལི4དང6ཡིན་པ་དང་། དུས་རབས19པའི་དུས་དཀྱིལ་ནས་བཟུང་རིམ་བཞིན་སྨི5000དང་སྨི10000ཡིས་ཚབ་བྱས། ཐོ་འགོད་བྱས་པར་གཞིགས་ན། དེང་རབས་ཀྱི་རིང་རྒྱུག་འགྲན་བསྡུར་སྔ་ཤོས་ནི་སྤྱི་ལོ1847ལོའི་ཟླ4པའི་ཚེས5ཉིན་དབྱིན་ཇིའི་ལོན་ཏོན་དུ་གཉེར་བའི་ལས་རིགས་འགྲན་བསྡུར་ཡིན་པ་དང་། དབྱིན་ཇིའི་ཅེ་ཁེ་ཤུན་གྱིས་སྐར་མ32དང་སྐར་ཆ35ཡི་སྐར་འབྲས་ཀྱིས་རིང་རྒྱུག་གི་ཨང་དང་པོ་བླངས་པ་རེད། ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་སྐྱེས་པ་དང་བུད་མེད་ཚང་མ་སྨི5000དང་སྨི10000རྒྱུག་གིན་ཡོད། སྐྱེས་པའི་རྣམ་གྲངས་སྤྱི་ལོ1912ལོར་བཞག་པ་དང་། བུད་མེད་ཀྱི་རྣམ་གྲངས་སྨི5000ཅན་གྱི་རིང་རྒྱུག་དེ་སྤྱི་ལོ1996ལོར་བཞག་པ་དང་། སྨི10000ཅན་གྱི་རིང་རྒྱུག་དེ་སྤྱི་ལོ1988ལོར་བཞག་པ་རེད།

རིགས་དབྱེ།  

མཆོང་འཕེན་འགྲན་བསྡུར།

མཆོང་འཕེན་འགྲན་བསྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་གཏན་འཁེལ་བྱས་པའི་ས་ཁོངས་ནང་མཆོང་ལྡིང་དང་འཕེན་པའི་རྣམ་གྲངས་འགྲན་བསྡུར་གྱི་སྤྱི་མིང་ཡིན་ཞིང་། མཆོང་བ་དང་འཕེན་པའི་རྣམས་གྲངས་གཉིས་སུ་དབྱེ་ཡོད། དེའི་ནང་མཆོང་བའི་རྣམ་གྲངས་ལ་མཐོ་མཆོང་དང་། རྒྱང་མཆོང་། གོམ་གསུམ་རྒྱང་མཆོང་། དབྱུག་བཀན་མཐོ་མཆོང་སོགས་ཡོད་པ་དང་། འཕེན་པའི་རྣམ་གྲངས་ལ་ཞན་གོང་དང་། ལྕགས་ལེབ། འཕང་མདུང་། ཕྲེང་གྲུག་སོགས་ཡོད། མཐོ་ཚད་དམ་བར་ཐག་ལ་བརྟེན་ནས་གྲུབ་འབྲས་བརྩི་བ་ཡིན།

རིགས་དབྱེ།  

སྨི10000ཡི་རྒྱུག་འགྲན།

སྨི10000ཡི་རྒྱུག་འགྲན་ནི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད། འགྲན་ཞུགས་མཁན་གྱི་ཨང་རིམ་དེ་དེའི་ལུས་ཕུང(མགོ་དང་། སྐེ་བ། དཔུང་པ། རྐང་པ། ལག་པ་བཅས་ཚུད་མེད་པ)མཐའ་སྣེའི་ཐིག་ཏུ་འབྱོར་རྗེས་དྲང་འཕྱང་ངོས་སུ་སླེབས་སྐབས་ཀྱི་གོ་རིམ་ལ་རག་ལས་ཡོད། སྔོན་ལ་སླེབས་མཁན་གྱི་ཨང་རིམ་མཐོ་བ་ཡིན་ལ། ཁྱོན་སྨི10000ལ་རྒྱུག་དགོས་་པ་རེད།

རིགས་དབྱེ།  

སྨི5000ཡི་རྒྱུག་འགྲན།

སྨི5000ཡི་རྒྱག་འགྲན་ནི་རིང་རྒྱུག་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་སྙུགས་ཤུགས་ཀྱི་བླང་བྱ་ཅུང་ནན་པོ་ཡོད། འཐབ་རྩལ་བཀོལ་སྤྱོད་བྱེད་པ་ཡིས་རྒྱུན་ལྡན་གྱི་ནུས་པ་འདོན་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། གལ་ཏེ་འཐབ་རྩལ་བཀོལ་སྤྱོད་བྱས་པ་འོས་འཚམ་མིན་ན། ལུས་པོར་གནོད་པ་ངེས་ཅན་ཞིག་ཐེབས་སྲིད། སྤྱིར་བཏང་དུ་བཤད་ན། ལུས་རྩལ་པས་འགྲན་བསྡུར་མ་བྱས་གོང་དུ་སྔོན་སྦྱོང་ལུས་རྩལ་བྱེད་དགོས་པ་དང་། འགྲན་བསྡུར་བྱེད་སྐབས་དབུགས་ཀྱི་འབྱིན་རྔུབ་ལེགས་སྒྲིག་བྱེད་པར་དོ་སྣང་བྱེད་དགོས་ལ། སྤྱིར་བཏང་དུ་གོམ་པ་བཞི་ལ་དབུགས་ཐེངས་གཅིག་གཏོང་དགོས་པ་དང་། འགྲན་བསྡུར་མཇུག་འགྲིལ་རྗེས་སྔོན་ལ་ལྷོད་གཡེང་གི་འགུལ་སྐྱོད་བྱེད་དགོས།

རིགས་དབྱེ།  

སྨི3000ཅན་གྱི་བཀག་བརྒལ་རྒྱུག་འགྲན།

སྨི3000ཅན་གྱི་བཀག་བརྒལ་རྒྱུག་འགྲན་ནི་རིང་རྒྱུག་དང་བཀག་བརྒལ་ཟུང་དུ་འབྲེལ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། རྒྱུག་ལམ་སྟེང་དུ་འགོག་སྒྲོམ་ལྔ་ཡོད་པ་དང་། དེའི་ནང་གི་འགོག་སྒྲོམ་བཞི་པར་ཆུ་རྫིང་ཡོད། བརྒྱུད་རིམ་ཧྲིལ་པོར་ཁྱོན་འགོག་སྒྲོམ་ཐེངས་སོ་ལྔ་བརྒལ་དགོས་ཤིང་། དེའི་ནང་ཆུ་རྫིང་དུ་ཐེངས་བདུན་བརྒལ་དགོས།

རིགས་དབྱེ།  

སྨི800ཡི་རྒྱུག་འགྲན།

སྨི800ཡི་རྒྱུག་འགྲན་ལ་སྨི800ཡི་འབྲིང་རྒྱུག་ཡང་ཟེར་ཞིང་། དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་གལ་ཆེན་གྱི་གྲས་ཤིག་ཡིན། སྤྱི་ལོ1896ལོར་ཀེ་རི་སེའི་ཨ་ཐེན་སི་ཨོ་ལིན་ཕི་ཡས་སྐབས་དང་པོའི་དེང་རབས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བ་དང་། དེའི་ནང་སྐྱེས་པའི་སྨི800ཡི་རྒྱག་འགྲན་དེ་དངོས་སུ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་རྣམ་གྲངས་སུ་གྱུར།

རིགས་དབྱེ།  

མཆོང་བརྒལ་རྒྱུག་འགྲན།

མཆོང་བརྒལ་རྒྱུག་འགྲན་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། འགྲན་བསྡུར་པས་རྒྱུག་ལམ་དུ་ཆེད་བཟོས་ཀྱི་འགོག་སྒྲོམ་འགའ་བརྒལ་དགོས་པ་དང་། དེ་ནི་དབྱིན་ཇི་ནས་བྱུང་བ་རེད། འདི་ནི་སྔོན་ལུག་རྫི་ཡིས་ལུག་ར་བརྒལ་བའི་རོལ་རྩེད་ལས་རིམ་འགྱུར་བྱུང་པ་ཞིག་ཡིན། མཆོང་བརྒལ་རྒྱུག་འགྲན་ཆེས་སྔ་མོར་བཀོལ་བའི་འགོག་སྒྲོམ་ནི་ས་ངོས་སུ་སྦས་པའི་ཤིང་གི་འགོག་སྒྲོམ་ཡིན་པ་དང་། སྤྱི་ལོ1900ལོར་སྤོ་འགུལ་བྱེད་ཐུབ་པའིTདབྱིབས་ཀྱི་འགོག་སྒྲོམ་ཡིན། སྤྱི་ལོ1935ལོར་མི་ཞིག་གིསTདབྱིབས་ཀྱི་འགོག་སྒྲོམ་དེLདབྱིབས་ཀྱི་འགོག་སྒྲོམ་དུ་བསྒྱུར་བ་དང་། Lདབྱིབས་ཀྱི་འགོག་སྒྲོམ་གྱི་རྐང་སྣེ་གཞན་ཞིག་ལུས་རྩལ་པ་རྣམས་ཀྱི་རྒྱུག་ཕྱོགས་སུ་ཡོད་པས། འགོག་ཤུགས་ཅུང་ཙམ་བསྣན་ན་མདུན་ཕྱོགས་སུ་འགྱེལ་བས་ལུས་རྩལ་པ་འགོག་སྒྲོམ་བརྒལ་སྐབས་ཀྱི་སྐྲག་སྣང་ཇེ་ཆུང་དུ་བཏང་ཡོད།

རིགས་དབྱེ།  

སྨི100ཡི་ཐུང་རྒྱུག

སྨི100ཡི་ཐུང་རྒྱུག་ནི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཁྲོད་བར་ཐག་ཐུང་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་ལ“མིའི་རིགས་ཀྱི་མྱུར་ཚད་ལ་འགྲན་སློང་བྱེད་པའི”འགྲན་བསྡུར་ཞིག་ཀྱང་རེད། སྤྱི་ལོ2015ལོའི་བར་སྐྱེས་པའི་སྨི100ཡི་ཐུང་རྒྱུག་གི་འཛམ་གླིང་ཟིན་ཐོ་ནི་པོའར་ཐེས་སྤྱི་ལོ2009ལོའི་པེར་ལིན་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་སྐར་ཆ9དང་ཆ་ཤས58ཀྱི་ཟིན་ཐོ་བཏོད་ཡོད། ལུས་རྩལ་འདི་ནི་མི་རྣམས་ཀྱིས་དུས་མཉམ་དུ་མྱུར་ཚད་ཆེས་མགྱོགས་པ་དང་། གཏན་འཁེལ་བྱས་པའི་རྒྱུག་ལམ་སྟེང་གཏན་འཁེལ་བྱས་པའི་བར་ཐག་རྒྱུག་ཚར་བར་མ་ཟད། ཆེས་ཐོག་མར་རྒྱུག་ཚར་མཁན་ལ་རྒྱལ་ཁ་ཐོབ་པའི་རྣམ་གྲངས་ཤིག་ཡིན། མིའི་ལུས་ཁམས་ཀྱི་ནུས་པའི་མཁོ་སྤྲོད་ཀྱི་ཕྱོགས་ནས། མིའི་ལུས་ཕུང་གིས་ཚད་ཆེས་ཆེ་བའི་སྒོ་ནས་མིའི་གདོད་ནུས་འདོན་སྤེལ་བྱེད་པ་དང་། དབྱང་མེད་བརྗེ་ཚབ་ནུས་འདོན་གྱི་རྣམ་པས་ནུས་ཚད་འདོན་སྤྲོད་བྱེད་པ་ཡིན།

རིགས་དབྱེ།  

འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས།

འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས(FISU World University Games) བསྡུས་མིང་ལ་འཛམ་གླིང་སློབ་ཆེན་ལུས་རྩལ་འགྲན་ཚོགས་སམ་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཟེར། འདི་ནི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་ནང“དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས”དང“དགུན་དུས་ཀྱི་ལུས་རྩལ་འགྲན་ཚོགས”རིགས་གཉིས་ཡོད། ལོ་གཉིས་རེར་ཐེངས་རེ་སྒྲུབ་པ་དང་། སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་དང་སློབ་མཐར་ཕྱིན་ནས་ལོ2ལས་བརྒལ་མེད་པའི་སློབ་ཆེན་སློབ་མ(ལོ17ནས28བར)མ་གཏོགས་ཞུགས་མི་ཆོག སློབ་ཆེན་གྱི་ལུས་རྩལ་འགྲན་ཚོགས་ནི་སྤྱི་ལོ1959ལོར་གཉེར་མགོ་ཚུགས་པ་དང་དེའི་ཡར་སྔོན་ལ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཞིག་ཡིན་པ་དང་། སྤྱི་ལོ1959ལོ་ནས་ད་ལྟའི་བར་དུ་སྐབས30སྤེལ་ཡོད། ལུས་རྩལ་འགྲན་ཚོགས་ཆེན་མོའི་འགྲན་བསྡུར་གྱི་རྣམ་གྲངས་ཚང་མ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཡིན་ལ། འགྲན་བསྡུར་དོ་དམ་ནི་རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་རྩ་འཛུགས་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་ལྟར་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་བསྙེགས་པའི་འཛམ་གླིང་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས། “ཨའོ་རྩལ་འགྲན་ཚོགས་ཆུང་བ”ཅེས་ཀྱང་འབོད། རྒྱལ་སྤྱིའི་མ་རྐང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ5ཚེས6ཉིན་ཁྱབ་བསྒྲགས་བྱས་པ་བརྒྱུད། ཁྲེང་ཏུའུ་སློབ་ཆེན་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་ལུས་རྩལ་མཐུན་ཚོགས་དང་མཉམ་དུ་གྲོས་མོལ་བྱས་ཏེ། སྔར་ཟླ6པར་སི་ཁྲོན་ཁྲེང་ཏུའུ་རུ་འཚོག་པ་གཏན་འཁེལ་བྱས་པའི་སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་དུས་འགྱངས་བྱ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་འབྲེལ་ཡོད་ཕྱོགས་ཀྱིས་ལོགས་སུ་གྲོས་མོལ་བྱ་རྒྱུ་རེད། སྤྱི་ལོ2022ལོའི་ཟླ11པའི་ཚེས12ཉིན། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གྱིས་པུའུ་ལུའུ་སའེ་ཨེར་དུ། སྤྱི་ལོ2027ལོའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལྷོ་ཁོ་རེ་ཡ་རུ་གཉེར་དབང་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ཤུགས་སྦྲེལ་བང་རྒྱུག

ཤུགས་སྦྲེལ་བང་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

མཱ་ལ་སུང་བང་རྒྱུག

མཱ་ལ་སུང་བང་རྒྱུག་ཅེས་པ་རྒྱུག་ཐག་རིང་བའི་བང་རྒྱུག་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། རྒྱུག་ཚད་ཀྱི་ལམ་ཐག་སྤྱི་ལེ42.195ཡིན། བང་རྒྱུག་ལུས་རྩལ་འགྲན་བསྡུར་དེ་ནི་སྤྱི་ལེ་སྔོན་གྱི490ལོའི་ཟླ9པའི་ཚེས12ཉིན་གྱི་གཡུལ་འགྱེད་ཅིག་དང་བསྟུན་ནས་རིམ་བཞིན་དར་ཡོང་བའི་བང་རྒྱུག་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

ཐང་རྩེད།

ཐང་རྩེད་ནི་རྒྱུག་ལམ་ནས་འགྲན་བསྡུར་བྱེད་པའི་རྣམ་གྲངས་དག་ཡིན་ཞིང་། དུས་ཚོད་ཚད་གཞི་བྱེད་པ་ཡིན།

རིགས་དབྱེ།  

མཆོང་བརྒལ་བང་རྒྱུག

མཆོང་བརྒལ་བང་རྒྱུག་ནི་ལམ་བར་དུ་གྲངས་ཀ་དང་བར་ཐག མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་ལུས་རྩལ་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ཞིང་རྩེད།

ཞིང་རྩེད་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་མཐོ་ཚད་དང་རྒྱང་ཐག་ནི་རྩིས་གཞི་ཡིན་ལ་མཆོང་ལྡིང་དང་རྒྱང་འཕེན་གཉིས་སུ་འདུ་བའི་མཆོང་ལྡིང་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།

ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ་ཞེས་པ་ནི་ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུའུ་ཡིས་བདམས་ཐོན་བྱུང་བའི་སྤྱི་ལོ2018ལོའི་ཀྲུང་གོའི་ན་གཞོན་ལུས་རྩལ་ཕུལ་བྱུང་ཅན་བཅུ་ལ་ཟེར་བ་ཡིན། སྤྱི་ལོ2018ལོའི་ཟླ12པའི་ཚེས26ཉིན། སྤྱི་ལོ2018ལོའི་ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ་སྟེ། ཝུའུ་ཏ་ཅིང་། སུའུ་པིང་ཐན། ཞུས་ཅཱ་ཡུའུ། ཀྲུའུ་ཐིང་སོགས་མི་བཅུ་བདམས་ཐོན་བྱུང་།

རིགས་དབྱེ།  

ལྡེམ་མཆོང་།

ལྡེམ་མཆོང་ནི་ལྡིང་མཁན་སྨིས40ལྷག་གི་མཐོ་ཚད་དུ་བསྡད་དེ་འགྱིག་ཐག་རིང་པོ་ཞིག་རང་ཉིད་ཀྱི་རྐང་པར་བཏགས་པ་དང་། དེ་ནས་ལག་པ་གཉིས་བརྐྱངས་ཤིང་རྐང་པ་མཉམ་གཤིབས་སྒོས། མགོ་བོ་ཐུར་དུ་དཔྱངས་ཏེ་མར་ལྡིང་པ་ཞིག་ཡིན།

རིགས་དབྱེ།  

ཐག་ལྡིང་།

ཐག་ལྡིང་ནི་དེ་སྔ་དབུས་གཙང་རྒྱུད་དུ་བོད་རིགས་བུད་མེད་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་དགའ་པོ་བྱེད་པའི་ལུས་རྩལ་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

རྒྱང་རྒྱུག

རྒྱང་ཐག་རིང་བོར་རྒྱུག་པའི་བསྡུས་མིང་དུ་རྒྱང་རྒྱུག་ཅེས་འབོད་ཅིང་། དབྱིན་ཡིག་གིlong-distance runningཟེར་ལ། ཐོག་མའི་རྣམ་གྲངས་ནི་དབྱིན་ལི4ནས་དབྱིན་ལི6བར་རྒྱུག་པ་ཞིག་ཡིན། དུས་རབས19པའི་དུས་དཀྱིལ་ནས་བཟུང་རིམ་བཞིན་སྨི5000གི་ཚབ་སྨི10000གིས་བྱས་ཡོད།

རིགས་དབྱེ།  

གོམ་གསུམ་རྒྱང་མཆོང་།

གོམ་གསུམ་རྒྱང་མཆོང་ཞེས་པ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་གྲས་ཤིག་ཡིན་ལ། དེ་ནི་དུས་རབས18པའི་དུས་དཀྱིལ་དུ་སུའུ་ཀེ་ལན་དང་ཨིར་ལན་དུ་བྱུང་ཞིང་འཕེལ་བ་ཞིག་ཡིན།

རིགས་དབྱེ།  

རྒྱང་མཆོང་།

རྒྱང་མཆོང་ལ་མྱུར་སྐྱོད་རྒྱང་མཆོང་ཡང་ཟེར་ཞིང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། བརྒྱུགས་ནས་་མཆོང་ཞིང་མཁའ་དབྱིངས་ནས་བྱེ་གཤོང་དུ་མར་ལྷུང་བ་ཞིག་ཡིན་ལ། ལུས་རྩལ་དྲང་ཐིག་བརྒྱུད་ནས་རྒྱུག་སྟེ། མཆོང་ལྡིང་པང་ལེབ་མདུན་གྱི་ལམ་ཐིག་ཏུ་སླེབས་ཚེ་རྐང་པ་ཡ་གཅིག་གིས་བར་སྣང་དུ་ལྡིང་ཞིང་། དེ་ནས་རིམ་བཞིན་རྐང་པ་གཉིས་ཀྱི་བྱེ་གཤོང་དུ་མར་ལྷུང་། གྲན་སྡུར་བྱེད་སྐབས་ལྡིང་ཚད་ཀྱི་རིམ་པ་ལྟར་ཨང་རིམ་ཐག་གཅོད་བྱེད་ཀྱི་ཡོད།

རིགས་དབྱེ།