ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག

སྤྱི་ཚོགས་བྱ་སྤྱོད།

ཚོགས་སྤྱི་ཁྲོད་ཁོངས་མི་སོ་སོས་རང་འགན་རང་འཁུར་དང་མཉམ་ལས་ཀྱི་སྒོ་ནས། ཚོགས་སྤྱིའི་འཚོ་བ་ཐུན་མོང་གིས་རྒྱུན་འཁྱོངས་བྱེད་པའི་བྱ་སྤྱོད་དེ་ཡིན།

རིགས་དབྱེ།  

སྤྱི་ཚོགས་བྱེད་སྒོ།

སྤྱི་ཚོགས་བྱེད་སྒོ་ནི་མི་ག་གེ་མོ་སྤྱི་ཚོགས་ཀྱི་རིགས་སོ་སོའི་ལས་རིགས་ལ་ཞུགས་པའམ་སྤྱི་ཚོགས་རང་བཞིན་གྱི་གནད་དོན་ག་གེ་མོར་བརྟག་དཔྱད་དམ་བཅར་འདྲིའི་བྱེད་སྒོ་སྤེལ་བ་ལ་ཟེར་བ་ཡིན། སྤྱི་ཚོགས་དེ་མཚམས་སྦྱོར་གྱི་ངོ་བོ་ལྡན་པ་སྟེ། དེ་ནི་སྤྱི་ཚོགས་རྨང་གཞི་བྱས་པ་ལས་བྱུང་བ་ཡིན།

རིགས་དབྱེ།  

རྟའི་མིག་ནད།

རྟའི་མིག་མཐར་འདུས་པའི་ནད་འཁྲུགས་ནི་ཤ་མ་རུང་པ་བསགས་ནས་རྟའི་མིག་ཁྱབ་པར་བྱས་པ་དེ་ནི། རྟའི་མིག་ཕྲ་ད་ར་ཀི་ཞེས་བྱ་བར་བཤད་དོ།། དེ་ལ་རླུང་ལས་གྱུར་བའི་མིག་ནད་ནི། འཛག་པ་ཡིན་ནོ།། སྐྲངས་བ་ནི་བད་ཀན་ལས་གྱུར་པ་ཡིན་ནོ། མཁྲིས་པ་ལས་གྱུར་པ་ནི་ཚ་བ་འུར་འུར་པོར་འདུག་པ་ཡིན་ནོ།། མིག་ཆུ་དང་། མིག་གི་འབྲས་བུ་དཀར་པོ་ལ་ནད་འདུག་པ་ནི་གསོར་རུང་བ་ཡིན་ནོ།། མིག་གི་འབྲས་བུ་ནག་པོ་ལ་ནད་འདུག་པ་ནི་གསོར་མི་རུང་བ་ཡིན་ནོ།།

རིགས་དབྱེ།  

གསེབ་སྦྱོར་བ།

རྟ་ཕོ་མགྱོགས་པའི་མཚན་ཉིད་ཕུན་སུམ་ཚོགས་པ་ནི། ལུས་ཆེ་ཞིང་རིགས་དང་ལྡན་པ་དང་། རོ་རྩ་ཞིང་ས་བོན་གྱི་སྙིང་པོ་དང་ལྡན་པའི་གསེབ་བཟང་པོ་དང་རྒོད་མ་ལེགས་པར་སྦྱར་རོ།།

རིགས་དབྱེ།  

རྟའི་ནད།

རྟ་ནད་ཐོར་བུ་ལ། རླུང་ཞུགས་པ་ན་མགོ་འཕང་དམའ། སྣ་ཆུ་འོང་ཞིང་ལུས་པོ་འདར། འདྲོག་ཅིང་ཟ་བ་མི་གྲིམ་ན། ལྟག་མདུད་སྣུམ་སྲེག་དུགས་ཀྱིས་བདུག ཛྭ་ཏི་ཤིང་ཀུན་སྒ་སྐྱ་དང་། དྲོད་སྨན་རུས་གདུས་ཁུ་བ་སྦྱར། ཁོག་ཏུ་བཏང་བས་ཕན་པ་ཡིན།

རིགས་དབྱེ།  

རྟ་གསོ་བ།

རྟ་རབ་དང་འབྲིང་དང་ཐ་མ་རྣམས་ཀྱི་ལུས་དང་མེ་སྟོབས་དང་། གང་ལ་གོམས་པའི་ཟས་ཀྱི་ཉམས་བརྟ་བའི་ཆོ་གའི་སྨན་གྱི་ཐུན་ཚད་བརྗོད་པར་བྱའོ། །

རིགས་དབྱེ།  

ཅོག་རོ་ལུགས་ཀྱི་རྟ་དཔྱད།

ཅོག་རོ་མགྱོགས་བྱེད་བསྟན་པ་ལ།། བྱོལ་སོང་རྒྱལ་བོ་རྟ་མཆོག་གི། མགྱོགས་པ་དེ་དག་འབྱེད་པ་རྣམས། འཕྱུག་མེད་མཁས་པའི་ཞལ་རྒྱུན་ནོ།།

རིགས་དབྱེ།  

ཕྱུགས་ཀྱི་ཀླད་སྲིན།

ནད་འདི་ནི་ཁྱི་དང་སྤྱང་ཀི ཝ་མོ་བཅས་ཀྱི་རྒྱུ་ནག་ནང་དུ་སྐྱེས་ཡོད་པའི་རྒྱུ་འབུ་ལེབ་རིང་མགོ་མང་ཅན་གྱིས་དྲངས་པ་ཡིན། འབུ་དེས་སྒོ་ང་བཏང་ནས་བཤང་གཅི་དང་ལྷན་དུ་རྩ་སར་བབས། ལུག་གིས་འབུ་སྒོང་འབྱར་ཡོད་པའི་རྩྭ་ཟོས་པ་དང་ཆུ་འཐུང་རྗེས་འབུ་སྒོང་ནང་གི་ཀྱུ་བ་དྲུག་ཅན་གྱི་འབུ་ཕྲུག་དེ་ཁྲག་ཁྲག་རྒྱུ་བ་དང་མཉམ་དུ་ཀླད་པའམ་རྒྱུངས་བར་བབས། ཟླ་འགའ་རེ་འགོར་རྗེས་ཆེ་ཆུང་སྲན་མ་དང་བྱ་སྒོང་འདྲ་བའི་ཁུག་ཐུམ་དབྱིབས་ཀྱི་བུ་ཕྲུག་མགོ་མང་ཅན་དུ་གྱུར། དེས་ཀླད་པ་དང་རྒྱུངས་བ་མནན་པའི་རྐྱེན་གྱིས་དབང་རྩ་འཁྲུགས་པའི་ནད་རྟགས་བྱུང་པ་རེད། ཁྱི་དང་སྤྱང་ཀིས་སླར་ཡང་ནད་བྱུང་ནས་ཤི་ཞིང་འབུ་ཕྲུག་མགོ་མང་ཅན་འདུས་པའི་ལུག་གི་ཀླད་ཞོ་ཟོས་རྗེས་རྒྱུ་འབུ་ཞེབ་རིང་མགོ་མང་གི་ནད་འགོས་པ་རེད།

རིགས་དབྱེ།  

ལུག་འབྲུམ།

ལུག་གི་འབྲུམ་བུའི་ནད་འབུ་ནི་དབུགས་ལམ་བརྒྱུད་ནས་འགོས་པ་དང་སྐྱི་ལྤགས་ལ་རྨས་སྐྱོན་ཐེབས་པས་འགོས་པའང་ཡོད། དགུན་དཔྱིད་དུས་ཚིགས་སུ་ནད་འདི་བྱུང་བ་མང་ཞིང་། ལུ་གུར་ནད་འགོག་ནུས་པ་ཞན་པའི་རྐྱེན་གྱིས་ནད་འདི་བྱུང་ནས་ཤི་བ་མང་། ནད་ཐེབས་པའི་ལུག་གི་ལུས་ཐོག་ནས་ལྷུང་པའི་ཆུ་སེར་ཅན་གྱི་པགས་ཤུན་ནང་དུ་ལུག་འབྲུམ་ནད་འབུ་འདུས་ཡོད། བསྐམས་རྗེས་རྡུལ་དང་འདྲེས་ནས་གང་སར་ཁྱབ་སྟེ་མཁའ་དབུགས་ནང་དུ་ཁྱབ་འདུག་པས། ནད་མེད་པའི་ལུག་གིས་དེ་བརྔུབས་རྗེས་ནད་འདི་འབྱུང་སླ་བ་ཡིན།

རིགས་དབྱེ།  

ཁ་ཚ་རྨིག་ཚའི་ནད།

ནད་འདི་ནི་ཁ་ཚ་རྨིག་ཚའི་ནད་དུག་ནས་བྱུང་བའི་ཁོར་ཡུག་དང་ར་ལུག་སོགས་རྨིག་པ་ཁ་དབྲག་ཅན་གྱི་སྲོག་ཆགས་ལ་ཕོག་པའི་གློ་བུར་བ་དང་ཚ་དྲོད་ཅན། ཐུག་པ་ཙམ་གྱིས་འགོས་སྲིད་པའི་མགྱོགས་དྲགས་ལ་ཁྱབ་རྒྱ་ཆེ་བའི་འགོས་ནད་ཅིག་ཡིན་པ་རེད། ནད་དེའི་ཁྱད་ཆོས་ནི་ཁ་དང་རྨིག་པའི་ནང་དུ་རྨ་འབུད་པ་དང་རྨ་དེ་རུལ་བ། ནད་དེ་མི་ལའང་འགོས་པ་ཞིག་རེད། ནད་དེར་རིགས་མང་པོ་ཡོད་པ་སྟེ། འཛམ་གླིང་ཡོངས་སུ་དེ་ལ་རིགས་ཆེན་པོ་བདུན་ཡོད་པ་རེད།

རིགས་དབྱེ།  

ཕྱུགས་རིགས་ཀྱི་ཁྲག་ཉམས་ནད།

ནད་འདི་ནི་པ་ཧྲི་འབུ་སྲིན་ཕྲ་རབ་ཀྱིས་དྲངས་པའི་ཁྲག་ཐོན་པ་དང་ཁྲག་ཉམས་པའི་ནད་ཅིག་ཡིན། ནམ་ཟླ་འགྱུར་བ་དང་དྲོ་འཁྱག་མི་མཉམ་པ། ངལ་དུབ་ཆེ་དྲགས་པ་སོགས་ཀྱི་རྐྱེན་གྱིས་ཕྱུགས་ཟོག་གི་ནད་འགོག་ནུས་པ་ཇེ་ཞན་དུ་སོང་པ་དང་བསྟུན་ནས། འབུ་སྲིན་ཕྲ་མོ་དེའི་དུག་ཇེ་བཙན་དུ་འགྱུར་བས་ནད་འདི་བྱུང་བ་རེད། ནོར་གྱི་ཁྲག་ཐོན་ཁྲག་ཉམས་ནད་ཀྱི་ཁྱད་ཆོས་ནི་ལུས་ཡོངས་ལ་ཚ་བ་རྒྱས་པ་དང་། མྱུར་ཅན་གྱི་རྒྱུ་བ་གཉན་ནད་དང་ནང་ཁྲོལ་གྱི་འབྱར་སྐྱིར་ཁྲག་ཐོན་རང་བཞིན་གྱི་ཚ་སྐྲང་བྱུང་ཡོད་པ་ཞིག་ཡིན།

རིགས་དབྱེ།  

ནོར་གྱི་གློ་ནད།

ནོར་གྱི་གློ་ནད་ཀྱི་འབྱུང་ཁུངས་ནི་ཀྲི་ཡོན་ཐི་ཟེར་བ་དེ་རེད། སྤྱིར་ནོར་གྱི་འགོ་ནད་རང་བཞིན་གྱི་བརྔ་སྐྱི་གློ་ཚད་ཀྲི་ཡོན་ཐི་ཟེར། དགུན་དཔྱིད་དུས་ཚིགས་གཉིས་ལ་ནད་དེ་འབྱུང་སླ་བ་དང་། དེ་ནི་གློ་ཚད་དང་རྩིབ་སྐྱིའི་ཚ་ནད་ཀྱི་མཉམ་བྱུང་ནད་རིགས་ཤིག་རེད། ནད་གྱི་འབྱུང་གཞི་ནི་ནོར་ནད་པའི་དབུགས་ལམ་ནས་ཕྱིར་བཏང་རྗེས་ནད་ཡོད་པའི་ནད་དང་ནད་མེད་པའི་ནོར་ཐུག་ནས་འགོས་པ་ཞིག་ཡིན། དགུན་དཔྱིད་དུས་སུ་རྩྭ་མེད་པ་དང་ཆུ་དཀོན་པའི་རྐྱེན་གྱིས་ནོར་གྱི་འཚོ་བཅུད་མི་འདང་ཞིང་ནད་འགོག་པའི་སྟོབས་ཤུགས་ཞན་པས། ནད་འགོས་པའི་གོ་སྐབས་ཇེ་མང་དུ་སོང་པ་རེད།

རིགས་དབྱེ།  

ཕྱུགས་ནད།

རླུང་དང་མཁྲིས་པ། བད་ཀན་གསུམ་ནི་ལུས་ཁམས་ནང་དུ་རང་ཤུགས་ཀྱིས་གནས་ཡོད། དེ་གསུམ་ཕན་ཚུན་དོ་སྙོམ་ཡིན་རྒྱུ་དེ་ནི་ལུས་ཁམས་བདེ་ཐང་གི་རྩ་བའི་ཆ་རྐྱེན་ཡིན་པ་དང་། ཁོར་ཡུག་དང་དུས་ཚོད། བཟའ་བཏུང་དང་འཚོ་བའི་ཆ་རྐྱེན་སོགས་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་དེ་དག་དོ་སྙོམ་མ་བྱུང་ན། ལུས་ཁམས་ལ་ནད་འབྱུང་ངེས་ཡིན། མཁྲིས་པ་མི་སྙོམ་ན་ལུས་ཁམས་ཡོངས་སུ་ཚ་བ་རྒྱས་ལ། མཁྲིས་པ་ལ་མེ་ཡི་རང་བཞིན་ལྡན་པ་ཞིག་ཡིན།

རིགས་དབྱེ།  

ཕྱུགས་ཀྱི་འགོས་ནད།

སྒོ་ཕྱུགས་ཀྱི་འགོས་ནད་ནི་ཕོག་མགྱོགས་ཤིང་བཅོས་ཐབས་མེད་པ་དང་དུས་ཚོད་ཐུང་ཐུང་གི་ནང་དུ་ཟོག་མང་པོ་འཆི་བ་དང་འབྲོག་ལས་ལས་རིགས་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་ཞིག་རེད། སྒོ་ཕྱུགས་ཀྱི་འགོས་ནད་སྔོན་འགོག་བྱེད་དགོས་ན། འགོས་ནད་སྔོན་འགོག་གཙོ་བོ་བྱེད་དགོས་པ་དང་འགོག་བཅོས་ཟུང་འགྲེལ་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་དགོས་ལ། འགོས་ནད་སྔོན་འགོག་གི་ཕྱོགས་བཞིའི་ལས་ཀ་ཡག་པོ་བསྒྲུབ་དགོས།

རིགས་དབྱེ།  

མཆིན་འབུའི་ནད།

མཆིན་འབུ་དེ་མཆིན་པ་བརྒྱུད་ནས་འཁྲིས་སྦུབས་སུ་གནས་ཡོད་པ་དང་། མཆིན་འབུའི་ནད་ནི། གཟུགས་དབྱིབས་ལྕང་ལོ་དང་འདྲ་བ། ཁ་མདོག་སེར་སྐྱ་ཡིན།

རིགས་དབྱེ།  

འབྲིའི་ནུ་མའི་ཚ་ནད།

ནད་འདི་ནི་ཕྱུགས་ར་མི་གཙང་པ་དང་བརླན་གཤེར་ཆེ་བ། ཕྱུགས་རའི་ནང་དུ་ལུད་བསགས་མང་དྲགས་པ། དུས་ཚོད་ལྟར་འོ་མ་མི་བཞོ་བ། ནུ་མར་རྨས་སྐྱོན་ཐེབས་པ། ནད་ཡམས་ཕྲ་མོ་ཕོག་པ། འཚིག་རྨ་བྱུང་པ། འཁྱགས་རྨས་ཐེབས་པ་བཅས་ཀྱིས་ནུ་མར་ཚ་ནད་བྱུང་དུ་བཅུག་པ་ཡིན།

རིགས་དབྱེ།  

རྟའི་ཁ་ཚའི་ནད།

རྒྱུན་དུ་གཟན་ཆས་ཚེར་མ་ཅན་དང་རྩི་ཤིང་སྲ་མོའི་རིགས། གཟན་རྩྭ་རུལ་བ། དུག་ཡོད་པའི་གཟན་ཆས་སོགས་ཟོས་པ། དུག་ཆེ་བའི་རྫས་འགྱུར་སྨན་རྫས་ལྡུད་པ། སོ་སྐྱེས་ཚད་ལྡན་མིན་པ་བཅས་ཀྱི་རྐྱེན་གྱིས་ཁའི་ཚ་ནད་འབྱུང་སྲིད་པ་རེད།

རིགས་དབྱེ།  

རྟའི་གཅིན་འགག་པའི་ནད།

ལྒང་བུ་ལ་ཚ་ནད་བྱུང་བའི་རྐྱེན་གྱིས་ལྒང་རྩར་རེངས་འཁུམས་ཐེབས་པ་དང་། སྐེད་པ་དང་ཚང་རའི་ཁག་ལ་རྨས་སྐྱོན་ཐེབས་ཏེ་གཅིན་གཏོང་སའི་ཤ་གནད་སྦྲིད་ནས་ལྒང་བུས་ཕྱེད་འཛུམ་མི་ཐུབ་པར་གཅིན་གཏོང་འདོད་ཀྱང་གཏོང་མི་ཐུབ་པ་ཞིག་རེད།

རིགས་དབྱེ།  

རྟའི་ཆམ་རིམས།

ནད་འདི་ནི་རྟའི་ཆམ་རིམས་ཀྱི་ནད་དུག་ལས་དྲངས་བའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་པ་དང་། ནད་དུག་ནི་ཁྲག་དང་སྣ་ཁུང་གི་ཟགས་རྫས་ཀྱི་ནང་དུ་གནས་ཡོད། རྟ་ཐང་པོ་དང་ནད་པ་དངོས་སུ་ཐུག་པའམ་སྣ་ཁུང་གི་ཟགས་རྫས་ཀྱི་ལྦུ་བ་བརྒྱུད་ནས་འགོས་པ་དང་། རྟ་ལ་ནད་དེ་འགོས་རྗེས་ནད་དུག་དེ་དབུགས་ལམ་གྱི་ཕྱི་ངོས་ཕྲ་ཕུང་ནང་དུ་འཚོ་ཞིང་རྒྱུད་འཕེལ་བྱེད་པ་མ་ཟད། ད་རུང་དབུགས་ལམ་བརྒྱུད་ནས་ཉིན་བརྒྱད་ཀྱི་རིང་ལ་ནད་དུག་དང་ཟགས་ཐོན་དངོས་རྫས་མཉམ་དུ་ཕྱི་ཚོར་གཏོར་ནས་ལྦུ་བ་མཁའ་དབུགས་ནང་དུ་གཡེང་འགྲོ་བ་ཞིག་ཡིན་པས། རྟ་ཐང་པོས་ལྦུ་བ་དེ་རྔུབ་རྗེས་ཉིན་གཅིག་ནས་གཉིས་འགོར་ན་ནད་དེ་བྱུང་པ་དང་། སྣའི་ཟགས་རྫས་ཀྱིས་སྦངས་བའི་ཡོ་ཆས་དང་རྟ་ཁང་སོགས་བརྒྱུད་ནས་མཆེད་ཀྱང་ཐུབ་པ་ཞིག་རེད། ཆམས་རིམ་འགོས་པའི་ཁྱད་ཆོས་ནི་གློ་བུར་དུ་བྱུང་པ་དང་མཆེད་པ་མགྱོགས་པར་མ་ཟད། ད་རུང་འགྲིམ་འགྲུལ་ལམ་ཐིག་དེད་ནས་མཆེད་དེ་དུས་ཡུན་ཐུང་ཐུང་གི་ནང་དུ་ས་ཕྱོགས་ཀུན་ཏུ་ཁྱབ་ཡོང་བ་དང་། རྟ་དྲེལ་བོང་བུ་མང་པོར་ནད་འབྱུང་དུ་འཇུག་པ་རེད།

རིགས་དབྱེ།  

རྨིག་པ་རུལ་བའི་ནད།

ནད་འདི་ནི་རུལ་བའི་རླམ་ཕྲ་དབྱུག་དུག་ནད་དེ་རྨིག་པ་ལ་ཕོག་པའི་འགོས་ནད་ཅིག་རེད། ནད་དེ་རང་བྱུང་ཁམས་སུ་ཁྱབ་པ་དང་། དབྱར་སྟོན་དུས་ཚིགས་གཉིས་སུ་བྱུང་མང་བ་དང་། ལུག་ར་བརླན་གཤེར་ཆེ་བ་དང་ཚེར་སྡོང་མང་པོ་སྐྱེས་ཡོད་པའི་རྩྭ་སར་ལུག་འཚོ་བ། རྡོ་ཟགས་ནང་དུ་ལུག་འདེད་པ་བཅས་ཀྱིས་ནད་འདི་འབྱུང་སླ་བ་རེད།

རིགས་དབྱེ།  

ལུག་གི་གློ་བའི་སྐུད་འབུའི་ནད།

གློ་བའི་འབུ་སྐུད་པ་ཅན་ལ་རིགས་གཉིས་ཡོད་ཅིང་། གློ་བའི་སྐུད་འབུ་ཆེ་བ་དང་གློ་བའི་སྐུད་འབུ་ཆུང་བ་གཉིས་ཏེ། དེ་དག་ཚང་མ་ཨོལ་གྲོག་གི་ཡལ་ག་དང་གློ་བར་གནས་ཡོད་པ་རེད།

རིགས་དབྱེ།  

ཀུན་རྟོག

ཀུན་རྟོག་ནི་མིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་པའི་གོ་རིམ་དུ་ཐད་ཀར་ཡིད་ཤེས་དབང་བོར་བྱེད་པའི་བྱུང་བའི་བྱ་དངོས་ཡིད་ཤེས་དང་དབང་ཤེས་བྱེད་པའམ། ཡང་ན་ཡིད་ཤེས་དང་དབང་ཤེས་བྱས་མྱོང་བའི་བྱ་དངོས་ཀྱི་འཆར་སྣང་ཕྱིར་དྲན་བྱེད་ཐུབ་པར་མ་ཟད། བསམ་གཞིགས་གཏོང་བའི་འོག་ཏུ་ད་དུང་ཀླད་པར་བརྒྱུད་མ་མྱོང་བ་དང་། དོན་དངོས་སུ་ད་དུང་མི་གནས་པའམ་གཏན་ནས་གནས་མི་སྲིད་པའི་བྱ་དངོས་ཀྱི་གཟུགས་བརྙན་ག་གེ་མོ་གསར་སྐྲུན་བྱེད་ཐུབ་པ་ལ་ཟེར།

རིགས་དབྱེ།  

གཤིས་ཀ

གཤིས་ཀ་ནི་མི་ཞིག་གི་སེམས་ཁམས་འགུལ་སྐྱོད་ཀྱི་སྒུལ་ཤུགས་ཀྱི་ཁྱད་རྟགས་ཤིག་དང་། རང་གཤིས་སེམས་ཁམས་ཀྱི་ཁྱད་རྟགས་ཤིག་ཡིན།

རིགས་དབྱེ།  

དགའ་ཕྱོགས།

མི་གཤིས་ཀྱི་ཞེན་ཕྱོགས་ཁྲོད(ཁ་སྒྱུར་འཁོར་ལོ)ཡི་རིམ་པ་དང་པོ་ནི་དགའ་སྣང་ཡིན།

རིགས་དབྱེ།  

ཤ་མ་མི་ལྷུང་བའི་ནད།

མོ་ཕྱུགས་ལ་སྦྲུམ་ཆགས་པའི་སྐབས་སུ་འགུལ་བསྐྱོད་བྱས་པ་མི་འདང་བ་དང་། ཚོ་དྲགས་པའམ་ཡང་ན་རིད་དྲགས་པ། མཚེ་མ་བཙས་པ། སྦྲུམ་བུ་ཆེ་དྲགས་པ། བུ་སྣོད་དུ་ཚ་ནད་བྱུང་བ། མངལ་ཆུ་གང་དྲགས་པ། སྦྲུམ་ཤོར་བ་ལ་སོགས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་ཞིང་། དུས་ཚོད་བཅུ་གཉིས་འགོར་ཡང་ད་དུང་ཤ་མ་མི་ལྷུང་བ་ཡིན་ན་དེར་ཤ་མ་མི་ལྷུང་བའི་ནད་ཟེར།

རིགས་དབྱེ།  

ལུག་གི་འཇུ་ལམ་འབུ་སྐུད་ཀྱི་ནད།

ལུག་གི་འཇུ་ལམ་གྱི་འབུ་སྐུད་རིགས་མང་པོ་གནས་ཡོད་པའི་རྐྱེན་གྱིས་ནད་འདི་བྱུང་པ་རེད། འབུ་སྐུད་པ་གཙོ་བོ་ནི་རྒྱུ་ཤའི་ནང་དུ་གནས་ཡོད་པའི་སྨུག་པོ་ཅན་དང་གཅུས་གཟེར་ཅན། རྒྱུ་ནག་ནང་གི་རྡོག་པོ་ཅན། སྐེ་ཕྲ་ཅན། ཀྱོ་བ་ཅན། རྒྱུ་དཀར་ནང་གི་རྟ་ལྕགས་ན་དང་ཚིགས་མདུད་ཅན། ཁ་ཆེ་ཅན་སོགས་ཡིན་པ་དང་། འབུ་སྐུད་པ་འདི་དག་ཚང་མས་སྒོ་ང་གཏོང་ཐུབ། སྒོ་ང་ལུག་གི་རུལ་མ་དང་ལྷན་དུ་བཏང་ནས་ལུག་ར་དང་རྩ་སར་འགོས་ཐུབ་པའི་འབུ་ཕྲུག་ཏུ་གྱུར་ཏེ། ལུག་གི་རྩྭ་ཟ་བ་དང་ཆུ་འཐུང་བའི་སྐབས་སུ་འབུ་ཕྲུག་ལུག་གི་ཁ་ནང་དུ་སོང་ནས་ནད་འདི་འགོས་པ་ཞིག་ཡིན།

རིགས་དབྱེ།  

ས་ནད།

ས་ནད་ནི་ས་ནད་ཀྱི་དབྱུག་སྲིན་ལས་བྱུང་པའི་གློ་བུར་བ་དང་ཚ་དྲོད་ཅན་གྱི་འགོས་ནད་ཅིག་ཡིན་པ་དང་། ནད་དེ་སྒོ་ཕྱུགས་ཚང་མར་ཕོག་སྲིད་པ་དང་། ལྷག་པར་དུ་ར་མ་དང་ལུག རྟ་སོགས་ལ་འགོས་སླ་བ་དང་། མི་ལའང་འགོ་བའི་ནད་ཅིག་རེད། ནད་དེའི་ཁྱད་ཆོས་ནི་མཚེར་བ་གློ་བུར་དུ་སྐྲང་བ་དང་གྲོད་ཁོག་རྒྱས་པ། ཁ་དང་སྣ་ནང་ནས་ཁྲག་ཐོན་པ། ཁྲག་མདོག་ནི་དམར་ནག་ཡིན་ཞིང་དགག་མི་ཐུབ་པ་རེད།

རིགས་དབྱེ།  

སྒོ་ཕྱུགས་ཀྱི་འགོས་ནད།

སྒོ་ཕྱུགས་ཀྱི་འགོས་ནད་ནི་ནད་གཞིའི་སྐྱེ་དངོས་ཕྲ་རབ་དེ་སྒོ་ཕྱུགས་ཀྱི་ལུས་པོ་ལ་ཕོག་ནས། རྒྱུན་ལྡན་གྱི་འགོག་སྲུང་ལ་གཏོར་བཤིག་བཏང་ནས་བྱུང་བ་ཞིག་ཡིན།

རིགས་དབྱེ།  

ཕྱུགས་སྨན།

བོད་ཀྱི་ཕྱུགས་ནད་སྨན་རྫས་ནི་མཚོ་བོད་མཐོ་སྒང་དུ་ཐོན་པ་དང་ཁྱད་དུ་ཐོན་པའི་བོད་ཀྱི་ཕྱུགས་ནད་སྨན་བཅོས་བྱེད་པའི་སྨན་རྫས་རེད། བོད་ཀྱི་ཕྱུགས་ནད་སྨན་པས་ཀྲུང་དབྱི་ཕྱུགས་སྨན་གྱི་རྒྱུན་དུ་སྤྱོད་པའི་ཀྲུང་སྨན་སྤྱོད་མོད། འོན་ཀྱང་དེ་དག་གི་རང་བཞིན་དང་བྲོ་བ། ཕན་ནུས་སོགས་མི་འདྲ་བའི་ལྟ་ཚུལ་ཡོད།

རིགས་དབྱེ།  

དབང་ཤེས།

དབང་ཤེས་ནི་བྱ་དངོས་ཀྱིས་ཐད་ཀར་ཤུགས་རྐྱེན་བཏང་བ། ཀླད་པར་བྱ་དངོས་ཀྱི་ངོ་བོ་སྣ་ཚོགས་དང་ཡང་ན་ཆ་ཤས་ལྷན་བསྲེས་གྱིས་ཚུར་སྣང་བ་དེ་ཡིན། ང་ཚོས་ཀུ་ཤུ་ཞིག་མཐོང་བ་དང་། མི་ཞིག་གིས་གླུ་དབྱངས་ལེན་པ་ཐོས་པ། ཡང་ན་པིར་རིས་འགས་གྲུབ་པའི་ཡི་གེ་ཞིག་ངོས་འཛིན་པ་ལ་སོགས་པ་ཚང་མ་ནི་དབང་ཤེས་ཡིན། དེ་ལས་གལ་ཏེ་ཡིད་ཤེས་ནི་མིས་བྱ་དངོས་ཀྱི་བྱེ་བྲག་གི་ངོ་བོ་ཚུར་སྣང་བ་ཡིན་ན། དབང་ཤེས་ནི་མིས་བྱ་དངོས་ཧྲིལ་བོ་ཚུར་སྣང་བ་དེ་ཡིན་ནོ།།

རིགས་དབྱེ།