ཡོངས་འཛིན་རིག་མཛོད། >མི་སྣ། >རྟོག་བཟོའི་མི་སྣ།

ཏའེ་ཀའོ་ལེ།

སྐབས18པའི་ཧྥ་རན་སེའི་ཙུང་ཐུང་དང་ཏའེ་ཀའོ་ལེ་རིང་ལུགས། རང་དབང་གི་ཧྥ་རན་སེ་བཙུགས་ཤིང་ཧྥ་དམག་གི་དབུ་ཁྲིད་ནས་པ་ལི་བཅིངས་འགྲོལ་བཏང་བ། ཧྥ་སི་ལན་སྤྱི་མཐུན་རྒྱལ་ཁབ་ལྔ་བ་བཙུགས་པ།

རིགས་དབྱེ།  

ཨ་ཁ་ལིག་སི།

ཨ་ཁ་ལིག་སི་ནི་ཧོ་མའི་ལོ་རྒྱུས་སྙན་ངག《ཡེ་ལི་ཡ་ཐིག》ནང་ཐའེ་ལོ་ཡེ་འཐབ་འཁྲུག་ཁྲོད་ཞུགས་པའི་ལྷ་མ་ཡིན་གྱི་དཔའ་བོ་ཞིག་ཡིན་ཞིང་། ཀེ་རི་སེ་དམག་དཔུང་གི་དཔའ་རྟུལ་ཨང་དང་པོ་ཡིན་ལ། རྒྱ་མཚོའི་ལྷ་མོ་ཐའེ་ཐི་སི་དང་དཔའ་བོ་ཕོ་ལིག་སི་གཉིས་ཀྱི་བུ་ཡིན། ཨ་ཁ་ལིག་སི་སྐྱེས་མ་ཐག་ཁོའི་ཡུམ་གྱིས་ཁོ་རང་གཤིན་རྗེའི་གཙང་བོའི་ནང་དུ་སྦངས་བ་དང་། ཨ་ཁ་ལིག་སི་གཤིན་རྗེའི་གཙང་བོའི་ནང་དུ་ནུབ་པར་དོགས་ནས་ཁོའི་རྐང་རྟིང་ནས་བཟུང་དེ་སྦངས་བས་ཁོའི་རྐང་རྟིང་ལ་གཤིན་རྗེའི་གཙང་བོའི་ཆུ་མ་འགོས་པ་ཡིན། རྒྱུ་མཚན་དེའི་ཕྱིར་ཨ་ཁ་ལིག་སིའི་རྐང་རྟིང་མ་གཏོགས་ལུས་ཡོངས་རྫོགས་གསེར་གྱིས་གྲུབ་པ་དང་འདྲ་བར་མཚོན་ཆས་བསྣུན་མི་ཐུབ་པ་ཡིན། ཐའེ་ལོ་ཡེ་དམག་འཁྲུག་ཁྲོད་ཨ་ཁ་ལིག་སིས་ཐའེ་ལོ་ཡེ་ཡི་དཔའ་རྟུལ་ཨང་དང་པོ་ཧོ་ཁི་ཐའོ་ཨེར་བསད་དེ་ཀེ་རི་སེ་ཡིས་ཕམ་པ་ནས་རྒྱལ་ཁ་བླངས། རྗེས་སུ་ཐའེ་ལོ་ཡེ་ཡི་ཕ་ལི་སི་ལ་ཉི་མའི་ལྷ་ཨ་པོ་ལའོ་ཡི་མཛུབ་སྟོན་ནམ་ཡང་ན་སྲུང་སྐྱོབ་ཐོབ་ནས་ལྐོག་མདའ་འཕངས་པ་སྟེ་ཨ་ཁ་ལིག་སིའི་རྐང་རྟིང་ལ་ཕོག་ནས་ཨ་ཁ་ལིག་སི་སྐུ་གཤེགས།

རིགས་དབྱེ།  

ཧོ་ཁི་ཐའོ་ཨེར།

ཧོ་ཁི་ཐའོ་ཨེར་ནི་ཐའེ་ལོ་ཡེ་ཡི་རྒྱལ་སྲས་ཡིན་ཞིང་། ཕུའུ་ལི་ཨ་མོ་སིའི་བུ་ཆེ་བ་དང་ཕ་ལི་སིའི་ཕུ་བོ་ཡིན། ཐའེ་ལོ་ཡེ་ཡི་དཔའ་རྟུལ་ཨང་དང་པོ་ཡིན་ཞིང་ཐའེ་ལོ་ཡེ་ཡི་འཐབ་འཁྲུག་ཁྲོད་ཐའེ་ལོ་ཡེ་གྲོང་ཁྱེར་གྱི་སྲུང་དམག་གི་སྣེ་ཁྲིད་པ་ཡིན། མཐར་འཇུག་ཀེ་རི་སེའི་དམག་དཔུང་གི་དཔའ་རྟུལ་ཨང་དང་པོ་ཨ་ཁ་ལིག་སི་དང་ཁོ་གཉིས་ཀྱི་ཤི་གསོན་འཐབ་འཛིང་ཁྲོད་སྐུ་གཤེགས།

རིགས་དབྱེ།  

ཨའོ་ཏི་ཞིའུ་སི།

ཨའོ་ཏི་ཞིའུ་སི་ནི་ཀེ་རི་སེའི་ལྷ་སྒྲུང་ངག་རྒྱུན་ཁྲོད་ཀྱི་མི་སྣ་ཞིག་ཡིན་ཞིང་། རོ་མའི་ལྷ་སྒྲུང་ངག་རྒྱུན་ཁྲོད་ཡིའུ་ལི་ཞི་སིའམ་ཡང་ན་ཡིའུ་ལི་ཁོ་སའེ་སི་ཟེར། ཨའོ་ཏི་ཞིའུ་སི་ཀེ་རི་སེའི་ནུབ་རྒྱུད་ཀྱི་དབྱི་ཐ་ཁ་ཏའོ་ཡི་རྒྱལ་བོ་ཡིན་ཞིང་། སྔོན་ཐའེ་ལོ་ཡེ་དམག་འཁྲུག་ལ་ཞུགས། དམག་མ་བསྐྱོད་སྔོན་ལ་ཀེ་རི་སེའི་ཕོ་ཉ་དང་འགྲོགས་ཏེ་ཐའེ་ལོ་ཡེ་རྒྱལ་བོ་ཕུའུ་ལི་ཨ་མོ་སི་ལ་མཇལ་ནས། ཞི་བདེ་ཡི་ངང་ནས་ཕ་ལི་སིས་ཧའེ་ལུན་འཕྲོག་པའི་རྩོད་གཞི་ཞི་ཐབས་བྱ་བའི་རེ་བ་བཏོན་མོད། འོན་ཀྱང་མཐར་འབྲས་བུ་ལེགས་པོ་མ་བྱུང་།

རིགས་དབྱེ།  

ཨ་ཅ་མེན་ནུང་།

ཨ་ཅ་མེན་ནུང་ནི་ཀེ་རི་སེའི་མའེ་ཞི་ཉིའི་རྒྱལ་བོ་ཡིན་ལ། ཀེ་རི་སེའི་རྒྱལ་ཕྲན་རྒྱལ་པོ་ཁྲོད་ཀྱི་རྒྱལ་པོ་ཡིན་པ་དང་། ཁོ་ནི་ཨ་ཐེ་རོའུ་སིའི་བུ་ཡིན། ཐའེ་ལོ་ཡེ་དམག་འཁྲུག་ནི་ཁོས་ཨའེ་ཆིན་ཧའེ་ཧམ་འཛིན་བྱེད་འདོད་ཀྱིས་བསླངས་པ་ཡིན་ལ། ཁོས་ནུ་བོ་མོ་ཉེ་ལ་ཨོ་སིའི་ཆུང་མ་ཕ་ལི་སི་ཡིས་ཁྲིད་པའི་དོན་རྐྱེན་དེ་མེ་རྟ་བྱས་ནས་ཐའེ་ལོ་ཡེ་ལ་དམག་དྲངས། དམག་འཁྲུག་ཁྲོད་ཨ་ཅ་མེན་ནུང་ཀེ་རི་སེའི་རྒྱང་བསྐྱོད་དམག་གི་དམག་སྤྱི་རུ་གྱུར། དམག་འཁྲུག་གི་རྒྱལ་ཁ་བླངས་རྗེས། ཁོ་བདེ་བླག་ངང་ཕ་ཡུལ་དུ་སླེབས་མོད། འོན་ཀྱང་ཁོའི་ཆུང་མ་ཁོ་ལུའེ་ཐའེ་ཉེ་སི་ཐེ་ལ་ཡིས་ཨ་ཅ་མེན་ནུང་རྒྱང་བསྐྱོད་བྱེད་དུས་རྔོན་པའི་ལྷ་མོ་ཨ་ཨེར་ཐེ་སྨི་སི་ལ་ཕོག་ཐུག་བཏང་ནས་རང་གི་བུ་མོ་ཆེ་བ་དབྱི་ཧྥེ་ཀོ་ཉེ་ཡ་མཆོད་འབུལ་བྱས་པ་འཁོན་འཛིན་ཁོག་བཅངས་བྱས་ནས། དགའ་གྲོགས་ཨའེ་ཀུའེ་སི་ཐུའོ་སི་དང་མཉམ་དུ་ཨ་ཅ་མེན་ནུང་ལྐོག་གསོད་བྱས།

རིགས་དབྱེ།  

ཀུ་ལའེ་ཧྥོ།

ཀུ་ལའེ་ཧྥོ་ནི་སི་བེ་ཧྥུ་ཐེས་སྤྱི་ལོ1726ལོར་པར་དུ་བསྐྲུན་པའི་ཕུལ་བྱུང་ཟུར་ཟའི་སྒྲུང་རིང《ཀུ་ལའེ་ཧྥོའི་ཡུལ་སྐོར་ཟིན་བྲིས》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་སྨན་པ་ཞིག་ཡིན་ལ། ཐེངས་བཞིར་ཡ་མཚན་ཆེ་བའི་ཡུལ་སྐོར་གྱི་མྱོང་བ་བརྒྱུད་པ་ཡིན།

རིགས་དབྱེ།  

ཀྲུའུ་ལི་ཡེ།

ཀྲུའུ་ལི་ཡེ་ནི་ཧྲ་ཧྲི་པི་ཡའི་སྐྱོ་གར་བརྩམས་ཆོས་གྲགས་ཆེན《རོའུ་སྨི་ཨོའུ་དང་ཀྲུའུ་ལི་ཡེ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། མོ་ནི་བརྩེ་དུང་གི་ཆེད་དུ་རང་སྲོག་ཤོར་བའི་སྐྱེས་མ་ཞིག་ཡིན།

རིགས་དབྱེ།  

ཁི་ལེ་ཐའེ•ཀེ་ལེ་ཧྥུ་སི།

ཁི་ལེ་ཐའེ•ཀེ་ལེ་ཧྥུ་སི་ནི་ཏེ་ལའེ་སའེ་ཡིས་བརྩམས་པའི་སྒྲུང་གཏམ《ཨ་རིའི་སྐྱོ་གར》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པའི་འོག་རིམ་བཞིན་མི་གསོད་ལག་དམར་དུ་གྱུར་ལ། མཐར་འཇུག་རང་ཉིད་ཀྱིས་རང་ཉིད་བརླགས་པ་ཞིག་ཡིན།

རིགས་དབྱེ།  

ཅན•ཨའེ།

ཅན•ཨའེ་ནི་དབྱིན་ཇིའི་མིང་དུ་གྲགས་པའི་བུད་མེད་རྩོམ་པ་པོ་ཞ་ལོ་ཏི•པའོ་ལང་ཐིག་གིས་བརྩམས་པའི་སྒྲུང་གཏམ《ཅན•ཨའེ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། མོ་ནི་སྡུག་རུས་ཆེ་བ་དང་བབ་ཆགས། ངང་འཇམ་གཅིག་ཕན་གཅིག་གྲོགས། རང་ཚུགས་རང་བདག ཧུར་བརྩོན་ཡར་སྐྱེད་ཅན་བཅས་ཀྱི་གཤིས་ཀ་ལྡན་པའི་བུད་མེད་ཅིག་ཡིན།

རིགས་དབྱེ།  

ཉ་ལུས་མཛེས་མ།

ཉ་ལུས་མཛེས་མ་ནི་ཏེན་མག་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་བྱིས་སྒྲུང་རྩོམ་མཁན་དང་འཛམ་གླིང་བྱིས་སྒྲུང་རྩོམ་རིག་གི་གསར་བཏོད་པ་ཧན་སི•ཁི་ལི་སི་ཏེ•ཨན་ཐུའུ་ཧྲིན་གྱིས་བརྩམས་པའི་བྱིས་སྒྲུང《རྒྱ་མཚོའི་བུ་མོ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་མོ་ནི་བྱིས་སྒྲུང་གཞན་དག་གི་ཁྲོད་ཀྱི་མི་སྣ་གཙོ་བོ་དག་དང་མི་འདྲ་བར། བྱིས་པའི་རྩོམ་རིག་ཁྲོད། ཁོ་མོ་ནི་སྐྱོ་གར་གྱི་རྣམ་པ་ཞིག་ཏུ་འབྲི་བཞེངས་བྱས་ཡོད།

རིགས་དབྱེ།  

ཉི་ཧི་ལྱིག་ཏོ་ཧྥི།

ཉི་ཧི་ལྱིག་ཏོ་ཧྥི་ནི་ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་པ་པོ་ལེ་ཧྥི•ཐོར་སི་ཐེ་ཡིས་བརྩམས་པའི་སྒྲུང་གཏམ《བསྐྱར་གསོན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོས་སྐུ་དྲག་གི་སྲོལ་རྒྱུན་གྱི་ལྟ་བ་དང་ལེན་མི་བྱེད་པ་མ་ཟད། སྐུ་དྲག་གི་ཁྱད་ཡོད་ཀྱི་གོ་ས་བསྐྱུར་བ་དང་། མཐར་འཇུག་སྐུ་དྲག་གྲལ་རིམ་དང་འབྲེལ་ཐག་གཙང་གཅོད་བྱས། ཁོས་ས་ཞིང་བདག་དབང་ལམ་ལུགས་ཁས་མི་ལེན་ཞིང་། ཞིང་བ་དང་ས་བདག་གི་འགལ་བ་གཙོ་བོ་ཐག་གཅོད་པའི་ཐབས་ཏེ་ས་ཞིང་ངེས་པར་དུ་ཞིང་བ་ལ་སྤྲོད་དགོས་པའི་ལྟ་ཚུལ་བཏོན། ཁོའི་ལུས་སྟེང་དུ་བྱ་དངོས་ཡོད་ཚད་ལ་བཅིངས་བའི་ཧ་ཅང་ཟབ་པའི་མི་གཤིས་མངོན་ལ། ཞིང་བ་མི་དམངས་ལ་སྙིང་རྗེ་དང་ཐུགས་ཁུར་གྱི་སེམས་མངོན་པ་དང་གསར་བརྗེ་བ་ལ་གུས་སེམས་ཀྱིས་ཁེངས་པ། དཔོན་ངན་ཟ་རྔམ་ཅན་ལ་འཁོན་འཛིན་ཞེ་ནད་བཅིངས་བ། སྐུ་དྲག་ལ་ཤིན་ཏུ་སྡང་བ་བཅས་ཀྱི་གཤིས་ཀ་ལྡན་པ་ལས་གཞན། རང་དབང་དང་འདྲ་མཉམ་གྱི་མཆོག་ཏུ་གྱུར་བའི་ཕུགས་བསམ་ལ་རེ་སྙེག་བྱ་བའི་སེམས་འདུན་མངོན།

རིགས་དབྱེ།  

ཏ་ཝེ།

ཏ་ཝེ་ནི་པར་ཀྲ་ཁེས་བརྩམས་པའི་སྒྲུང་གཏམ《རེ་བ་སྟོང་ཟད》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་བབ་ཆགས་ཤིང་དགེ་སེམས་ཆེ་ལ་ཤེས་རབ་རྩེར་བུད་དང་། བློ་སེམས་རྩེ་གཅིག་གིས་ཚན་རིག་ཞིབ་འཇུག་གི་ལས་ཀ་གཉེར་བའི་ཚན་རིག་པ་ཞིག་ཡིན།

རིགས་དབྱེ།  

ཏུའུ་ལོ་ཨ།

ཏུའུ་ལོ་ཨ་ནི་ཧྥ་རན་སེའི་རྩོམ་པ་པོ་མའོ་པོ་སང་གིས་བརྩམས་པའི་སྒྲུང་རིང《གྲོགས་ཡག》ནང་གི་མི་སྣ་གཙོ་བོ་ཡིན་ལ། ཁོ་ནི་བཙན་རྒྱལ་རིང་ལུགས་དུས་རབས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་ཉེན་མཆོང་པ་དག་གི་དཔེ་མཚོན་རང་བཞིན་ཡིན་ཞིང་། ཁོའི་ལུས་སྟེང་དུ་གཡོ་ཟོལ་དང་ངོ་ཚ་ཁྲེལ་མེད། གཡོ་སྒྱུ་ཆེ་བ། ཤེས་བྱ་དང་ནུས་པ་མེད་པ་བཅས་མངོན་པ་ཡིན།

རིགས་དབྱེ།  

ཏེ་ཁའེ་ཨུ་པའོ་ལི་སི།

ཏེ་ཁའེ་ཨུ་པའོ་ལི་སི་ནི་ཀེ་རི་སེའི་རྩོམ་པ་པོ་གྲགས་ཆེན་ཨེ་ལི་སི་ཐུའོ་ཧྥུན་གྱི་འཐུས་ཚབ་བརྩམས་ཆོས《ཨ་ཁ་ནའེ་ཡི་མི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་སྤོབས་པ་དང་སྤྱང་གྲུང་འཛོམས་པ། རིག་པ་རྣོ་བའི་ཨ་ཐེ་ཁའི་ཞིང་པ་ཞིག་ཡིན།

རིགས་དབྱེ།  

ཐང་ཅི་ཧུ་ཏུ།

ཐང་ཅི་ཁི་ཏིག་ནི་རྩོམ་པ་པོ་སྨི་ཀུ་ཨེར•ཏུ•སའེ་ཝན་ཐི་སི•སཱ་ཝེ་ཏུ་ལཱས་བརྩམས་པའི་སྒྲུང་གཏམ《ཐང་ཅི་ཧུ་ཏུ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། སྒྲུང་གཏམ་ནང་རྩོམ་པ་པོས་ཐང་ཅི་ཧུ་ཏུ་ལ་མཉེས་གཤིན་གྱིས་ཟུར་ཟ་བྱས་ཡོད་པ་ལས་གཞན་སྙིང་རྗེ་ཡང་བསྒོམས་འདུག་ལ། ཀློག་པ་པོ་མང་ཤོས་ཤིག་གིས་ཐང་ཅི་ཧུ་ཏུ་ནི་སྟོང་བསམ་ཅན་དང་གླེན་པ། རང་ལྟ་མཆོག་འཛིན་གྱི་ཚབ་བྱེད་ཐ་སྙད་ཅིག་ཏུའང་བཀོལ་ཡོད།

རིགས་དབྱེ།  

ཐའོ་མ་སི།

ཐའོ་མ་སི་ནི་ཅེ་ཁེ་ཡི་སྒྲུང་གཏམ་པ་མུའུ་ལན•ཁུང་ཏིག་ལས་བརྩམས་པའི་སྒྲུང་གཏམ《ཚེ་སྲོག་ཁྲོད་མི་ཐེག་པ་ནི་ཁག་ཁུར་མེད་པ་དེ་ཡིན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་བཟའ་ཐོར་བྱས་ཟིན་པའི་ཕྱི་བཅོས་སྨན་པ་ཞིག་ཡིན་ལ། བརྩེ་དུང་ལ་དེ་འདྲ་དོ་སྣང་མི་བྱེད་མཁན་ཞིག་ཡིན།

རིགས་དབྱེ།  

ཐིག་ལེ་ཧྲ།

ཐིག་ལེ་ཧྲ་ནི་ཅེ་ཁེ་ཡི་སྒྲུང་གཏམ་པ་མུའུ་ལན•ཁུང་ཏིག་ལས་བརྩམས་པའི་སྒྲུང་གཏམ《ཚེ་སྲོག་ཁྲོད་མི་ཐེག་པ་ནི་ཁག་ཁུར་མེད་པ་དེ་ཡིན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། མོ་ནི་ཁེར་རྐྱང་གི་སོ་ལྟ་བ་དང་བརྩེ་དུང་བརྩོན་ལེན་བྱ་བ་ཞིག་ཡིན།

རིགས་དབྱེ།  

དབྱང་ཀྲི་ཆིའུ།

དབྱང་ཀྲི་ཆིའུ་ནི་མའོ་པའོ་སང་གིས་བརྩམས་པའི་སྒྲུང་གཏམ《དབྱང་ཀྲི་ཆིའུ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། མོ་ནི་ཚོགས་ཅན་མ་ཞིག་སྟེ། མོའི་དངོས་མིང་ལ་ཨའེ་ལི་ས་པི་ཐེ•ལུའུ་ཞི་ཟེར། དབྱང་ཀྲི་ཆིའུ་ཞེས་པ་ནི་མོའི་མཚང་མིང་ཡིན་ཞིང་། ལུས་ཀྱི་ཆ་ཡོངས་རྫོགས་ལ་རྒྱགས་ཉམས་དོད་དེ་ལྒང་བུ་ཞིག་དང་མཚུངས་པས་ན་དེ་ལྟར་ཐོགས་པ་རེད།

རིགས་དབྱེ།  

དབྱི་ལི་ཧྲ་པེ།

དབྱི་ལི་ཧྲ་པེ་ནི་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཀྲིན་ཉིད•ཨའོ་སི་ཏིན་གྱིས་བརྩམས་པའི་སྒྲུང་གཏམ《ང་རྒྱལ་དང་ཕྱོགས་ལྷུང》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། མོ་ནི་སྤྱང་གྲུང་འཛོམ་ཞིང་འཇོན་ཐང་ཆེ་བ། སྙིང་སྟོབས་ལྡན་པ། མིག་རྒྱ་རིང་བ། རང་བཀུར་གྱི་བསམ་པ་དྲག་པོ་ལྡན་པ་མ་ཟད། གནད་དོན་ལ་བསམ་བློ་གཏོང་བར་མཁས་པའི་བུད་མེད་ཅིག་ཡིན།

རིགས་དབྱེ།  

པའོ་ཨེར•ཧོ་ཁྲ་ཅིན།

པའོ་ཨེར་ནི་ཨའོ་སི་ཐི་ལོ་ཧྥུ་སུ་ཅིས་སྤྱི་ལོ1932ལོ་ནས1934ལོའི་བར་བྲིས་པའི་སྒྲུང་རིང《རྣོ་ལྕགས་ནི་ཇི་ལྟར་སྦྱངས་ནས་གྲུབ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་ཆུང་དུས་ནས་སྡུག་མྱངས་ཏེ་ནར་སོན་པ་ཞིག་ཡིན་པས། བཤུ་གཞོག་གྲལ་རིམ་ལ་ཞེ་འཁོན་སྙིང་མཐིལ་ནས་འཛིན་པ་ཞིག་ཡིན།

རིགས་དབྱེ།  

ཕ་ལི་སི།

ཕ་ལི་སི་ནི་ཕུའུ་ལི་ཨ་མོ་སི་དང་ཧོ་ཁ་པོ་གཉིས་ཀྱི་བུ་ཡིན་ཞིང་། ཕ་ལི་སི་མ་སྐྱེས་པའི་སྔོན་ལ། ཧོ་ཁ་པོས་རྨི་ལམ་ཞིག་རྨིས་ཤིང་། རྨི་ལམ་ནང་དུ་བྱིས་པ་དེ་མེ་ཕུང་ཞིག་ཏུ་སྤྲུལ་ནས་ཕོ་བྲང་ཡོངས་བསྲེགས་ཚར་བ་རེད། ཧོ་ཁ་པོས་རྨི་ལམ་འདི་ལུང་སྟོན་མཁན་ལ་བཤད་པ་དང་། ལུང་སྟོན་མཁན་གྱིས་བྱིས་པ་འདིས་རྒྱལ་ཁབ་འདི་ལ་གོད་ཆགས་དང་ཆགས་འཇིག་བསྐྱལ་ཡོང་ངེས་ཟེར། ཧོ་ཁ་པོ་སྐྲག་ནས་སྐྱེས་མ་ཐག་པའི་བྱིས་པ་དེ་གཡོག་པ་ཞིག་ལ་གནང་ནས། རང་གི་བྱིས་པ་དེ་གསོད་དུ་བཅུག གཡོག་པོས་བྱིས་པ་དེ་སྙིང་རྗེ་ནས་དངོས་སུ་གསོད་མ་ནུས་པར་ཨའེ་ཏ་རི་བོའི་ནགས་ཚལ་ཁྲོད་དུ་དབྱུག རྗེས་སུ་དོམ་ཞིག་གིས་བྱིས་པ་དེ་རང་གི་བྱིས་པ་ལྟར་གསོས། ཆེས་མཐར་འཇུག་ཕྱུགས་རྫི་ཞིག་གིས་ཕ་ལི་སི་རྙེད་ནས། ཕྱིར་ཁྲིད་ཡོང་སྟེ་གཉོར་སྐྱོང་བྱས། ཕ་ལི་སི་ཆུང་དུས་སུ་སྟོབས་དང་ལྡན་པར་གྱུར་ལ། སྔོན་ནས་བཟུང་མི་གཞན་ལས་ཁྱད་འཕགས་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་མངོན་ཞིང་། གཞན་ལས་སྔོན་ཐོན་གྱི་ཁྱད་འཕགས་དེ་དག་དོམ་གྱི་འོ་མ་འཐུང་བ་ལས་རྒྱུད་འཛིན་བྱས་པ་དང་འདྲ།

རིགས་དབྱེ།  

བུ་མོ་ཐལ་རིས་མ།

བུ་མོ་ཐལ་རིས་མ་ནི་ཀོ་ལིན་སྤུན་མཆེད་ཀྱིས་མཉམ་སྒྲིག་བྱས་པའི་བྱིས་སྒྲུང་ཕྱོགས་བསྒྲིགས་ནང་གི་སྒྲུང་ཚན་གྲགས་ཅན《བུ་མོ་ཐལ་རིས་མ》ནང་གི་མི་སྣ་གཙོ་བོ་ཡིན།

རིགས་དབྱེ།  

མ་ཀོ་ལི་ཐེ།

མ་ཀོ་ལི་ཐེ་ནི་ཧྥ་རན་སེའི་སྒྲུང་གཏམ་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་པ་པོ་ཡ་ལི་ཧྲན་ཏ•ལྡེའུ་མ་ཆུང་བ་ཡིས་བརྩམས་པའི་སྒྲུང་གཏམ《མེ་ཏོག་ཧྲན་ཁྲ་མ》ནང་གི་མི་སྣ་ཡིན་ཞིང་། ཁོ་མོ་ནི་ཧ་ཅང་མཛེས་ཤིང་ནག་ནོག་གི་ལྷད་མ་ཞུགས་པ། གཤིས་བཟང་གཞན་ཕན་ཅན། བབ་ཆགས་སྤྱོད་བཟང་ཅན་ཞིག་ཡིན་པ་དང་། མོ་ཡུལ་འཁྱམ་གྱི་འཚོ་བར་ལྷུང་མོད། འོན་ཀྱང་མོས་ཧ་ཅང་དག་གཙང་གི་སེམས་ཤིག་དང་རང་ཚུགས་ཀྱི་གཤིས་ཀ་ཞིག་རྒྱུད་འཛིན་བྱས་ཡོད་པ་མ་ཟད། མིང་དོན་གཉིས་ལྡན་གྱི་འཚོ་བ་དང་བརྩེ་དུང་ལ་རེ་སྙེག་བྱ་བ་ཡིན།

རིགས་དབྱེ།  

ཞི་སི་ཁི་ལི་ཧྥི།

ཞི་སི་ཁི་ལི་ཧྥི་ནི་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཨེ་མི་ལེ•པའོ་ལང་ཐིག་གིས་བརྩམས་པའི་སྒྲུང་གཏམ《འུར་གྱིས་ཁེངས་པའི་གཞིས་ཀ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི“འུར་གྱིས་ཁེངས་པའི་གཞིས་ཀ”འི་བདག་པོ་ཞོ་འུན་གྱིས་གཉོར་སྐྱོང་བྱས་པའི་དྭ་ཕྲུག་ཅིག་ཡིན་ལ། ཁོ་ནར་སོན་རྗེས་རང་གི་མཛའ་མོ་ཁད་སིག་ལིན་དང་གཉེན་སྒྲིག་བྱེད་མ་ཐུབ་པས་རྐྱེན་སྙིང་ནད་རྩོད་པའི་འགོ་བརྩམས་པ་མ་ཟད། “འུར་གྱིས་ཁེངས་པའི་གཞིས་ཀ”དང“འཇོལ་མོ་གཞིས་ཀ”གཉིས་ཀྱི་བདག་པོར་གྱུར་བ་དང་། མཐར་ཁོས་ཟས་བཅད་ནས་ཤི་བ་ཡིན། ཁོ་ལ་ཧ་ཅང་ཟབ་པའི་བརྩེ་བ་དང་ཁྲོ་བ། དུང་བ་དང་སྐྱོ་བ་ལྡན་པ་མ་ཟད། དགའ་སར་དགའ་བ་དང་སྡང་སར་སྡང་བ། སྙིང་ཁོང་རུས་པའི་གཏིང་ནས་འཁོན་འཛིན་བྱེད་པ་བཅས་ཀྱི་འགལ་ཟླ་རང་བཞིན་གྱི་མི་སྣའི་གཤིས་ཀའི་ཁྱད་ཆོས་ལྡན།

རིགས་དབྱེ།  

ཡཱའོ་ཧན• ཁི་ལེ་སི་ཏའོ་ཧྥུ།

ཡཱའོ་ཧན•ཁི་ལེ་སི་ཏའོ་ཧྥུ་ནི་ལའོ་མན•ལའོ་ལན་གྱིས་བརྩམས་པའི་སྒྲུང་རིང་གྲགས་ཅན《ཡཱའོ་ཧན•ཁི་ལེ་སི་ཏའོ་ཧྥུ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་འཇར་མན་གྱི་མི་ཡིན་ཞིང་། རོལ་མོ་པ་དབུལ་བོའི་ཁྱིམ་ཚང་ཞིག་ནས་སྐྱེས། ཁོ་ནི་སྐུ་དྲག་ཚོའི་ཁེངས་དྲེགས་གཏུམ་སྤྱོད་ལ་ཞེན་ཁ་ལོག་པ་དང་། འབྱོར་ལྡན་མི་དྲག་ལ་མཐོང་ཆུང་བྱེད་པ། ཧམ་འདོད་ཅན་ལ་ཕར་རྒོལ་བྱེད་མཁན་ཞིག་ཡིན།

རིགས་དབྱེ།  

ཡུས་ལེན།

ཡུས་ལེན་ནི་ཧྥ་རན་སེའི་དགག་རྒྱག་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་ཟི་ཐང་ཏས་བརྩམས་པའི་སྒྲུང་རིང《དམར་པོ་དང་ནག་པོ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་བོ་ནི་རྩོམ་པ་པོས་བརྩམས་ཆོས་ཁྲོད་སྒྲུབ་བཞེང་བྱས་པའི“ན་གཞོན་ཧམ་སེམས་ཅན”ཁྱབ་གཟུགས་ཀྱི་རང་བཞིན་ཆེས་ཆེར་ལྡན་པའི་མི་སྣའི་སྣང་བརྙན་ཞིག་ཡིན། ཡུས་ལེན་ནི་ཧྥ་རན་སེ་རུ་རྒྱལ་པོ་ལམ་ལུགས་ཤི་ལོག་ཐེངས་གཉིས་པའི་སྐབས་ཀྱི་མུག་ནག་གི་དུས་རབས་དེར་རང་སེམས་བྱིང་རྨུགས་སུ་གྱུར་པའི་མ་རྩ་ཆུང་ངུའི་གྲལ་རིམ་གྱི་ན་གཞོན་དག་གི་འཐུས་ཚབ་ཡིན། ཁོའི་གཤིས་ཀའི་ཁྲོད་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཤུགས་དྲག་པའི་རང་བཀུར་དང་ངོ་ལོག་གི་འདུ་ཤེས་མངའ་བར་མ་ཟད། དགེ་སྡིག་མཛེས་བཙོག་ཡོད་ཚད་རང་གཤིས་ན་ཡོད་པའི་མི་སྣ་བཤད་ཡན་རྒོད་པ་ཞིག་ཡིན།

རིགས་དབྱེ།  

རཱ་པིན་ཟུན• ཁོ་ལུའུ་སུའུ།

རཱ་པིན་ཟུན•ཁོ་ལུའུ་སུའུ་ནི་རྩོམ་མཁན་ཏན་ཉི་ཨར•ཏིས་ཧྥིས་བརྩམས་པའི་བརྩམས་སྒྲུང《རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ》འི་ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། རཱ་པིན་ཟུན་གྱི་ཉེན་མཆོང་གི་གཏམ་རྒྱུད་དང་སྲོག་འཚོ་བའི་སྙིང་སྟོབས་ལ་རྗེས་རབས་པ་ཡིས་ཡི་རངས་བྱ་འོས་བ་ཡིན།

རིགས་དབྱེ།  

ར་ལོ།

ར་ལོ་ནི་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ《ར་ལོ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་བོ་ནི་ཆུང་དུས་ནས་ཕ་མའི་གཉོར་སྐྱོང་དང་བྲལ་བའི་དྭ་ཕྲུག་ལྡོམ་པོ་ཞིག་ཡིན། ལྡོམ་པོའི་འཚོ་བའི་ཁྲོད་ནས་ཁོ་ལའང་སློབ་གྲྭར་བསྐྱལ་བ། མག་པར་བསྡད་པ། མནའ་མ་བླངས་པ། གྲྭ་བ་བྱས་པ་སོགས་འཚོ་བའི་རེ་བ་གསར་བ་ཐེངས་མང་བོ་བྱུང་མྱོང་། འོན་ཀྱང་ཁོ་ནི་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་འདང་རྒྱག་མི་ཤེས་པ། དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟན་པོར་ཚུགས་མི་ཐུབ་པ། གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་ནས་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པའི་མི་དྲ་ང་དྲང་ངེ་། གླ་ན་གླེན་ནེ། ལྡ་ང་ལྡང་ངེ་ཞིག་ཡིན་པས། ས་གར་སོང་ས་ནས་རང་སྡུག་རང་གིས་ཉོས་ནས་སྡོད་པ་ཞིག་ཡིན། ཁོ་ནི་ང་ཚོས་སྙིང་རྗེ་བའི་དུས་མཚུངས་སུ་ཁོང་ཁྲོའང་སྐྱེ་བར་འགྱུར་ལ། ཁོང་ཁྲོ་སྐྱེ་བའི་དུས་མཚུངས་སུ་སྙིང་རྗེའང་སྐྱེ་བར་འགྱུར་བ་ཞིག་ཡིན།

རིགས་དབྱེ།  

རན་ཨ་རིང་།

རན་ཨ་རིང་ནི་ཧྥ་རན་སེའི་འཆར་ཡན་རིང་ལུགས་ཀྱི་དེད་དཔོན་དང་མིང་དུ་གྲགས་པའི་སྙན་ངག་པ། སྒྲུང་གཏམ་པ། རྩོམ་རིག་དཔྱད་བརྗོད་པ་དང་སྲིད་དོན་དཔྱད་གླེང་པ་ཡུས་ཀོས་བརྩམས་པའི་སྒྲུང་གཏམ《ཡ་ང་བའི་འཇིག་རྟེན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་ཤིང་བཟོའི་བུ་ཡིན་ལ། ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར། ཁོ་ལོ་ཉེར་བདུན་ལ་སོན་དུས། ཁོས་རང་གི་ཨ་ཅེ་ཡི་བྱིས་པ་བདུན་པོ་གསོ་ཆེད་བག་སོབ་ཅིག་བརྐུས་པས་བཙོན་ལ་ལོ་ངོ་བཅུ་དགུར་འདུག་དགོས་པའི་ཁྲིམས་ཐག་བཅད་པ་དང་། བཙོན་ལས་ཕྱིར་ཐོན་རྗེས་ཁོ་རང་གྲོང་ཁྱེར་གྱི་གྲོང་གཙོ་རུ་བདམས་ཐོན་བྱུང་། ཁོའི་གཏོང་ཕོད་ཡངས་ཤིང་སེམས་པ་དཀར་པོ་ལ་དྲང་བདེན་གྱི་བདེན་ཁ་ཞིག་མ་ཐོབ་པས། མི་ཚེ་གང་བོར་སྐུ་དྲག་གྲལ་རིམ་གྱི་མ་ཉེས་ཁག་གཡོགས་དང་དུས་རྒྱུན་འཇིགས་སྐུལ་བྱེད་ཀྱི་བཀས་བཀོད་སྒེར་སྡོམ་གྱི་ཁྲིམས་ལུགས་དང་འཐབ་རྩོད་བྱེད་དགོས་བྱུང་།

རིགས་དབྱེ།  

རོའུ་སྨི་ཨོའུ།

རོའུ་སྨི་ཨོའུ་ནི་ཧྲ་ཧྲི་པི་ཡའི་སྐྱོ་གར་བརྩམས་ཆོས་གྲགས་ཆེན《རོའུ་སྨི་ཨོའུ་དང་ཀྲུའུ་ལི་ཡེ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་བརྩེ་དུང་གི་ཆེད་དུ་རང་སྲོག་ཤོར་བའི་སྐྱེས་པ་ཞིག་ཡིན།

རིགས་དབྱེ།