ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རོལ་དབྱངས།

གླིང་བུ།

གླིང་བུ་ལ་དག་ཡིག་གསར་བསྒྲིགས་ལས། སྦུ་གུའི་རྣམ་པ་ཅན་སྟེང་ན་བུ་ག་དྲུག་ཡོད་པའི་འབུད་རྒྱུའི་རོལ་མོ་ཞིག་གི་མིང་སྟེ། དེ་སྨྱུག་མས་བཟོས་པ་མང་ཤོས་ཡིན། ཞེས་གསུངས།

རིགས་དབྱེ།  

ཀྲུང་གོའི་དམངས་གླུ།

ལོ་རྒྱུས་རིང་པོ་ལྡན་པའི་ཀྲུང་གོའི་དམངས་གླུའི་རྗོད་བྱེད་ལས་རིགས་དབྱེ་ན་རི་གླུ་དང་གླུ་ཆུང་། ཧའོ་ཙེ་བཅས་གསུམ་ཡོད། བརྗོད་བྱའི་ནང་དོན་ནི་སྤྱི་ཚོགས་ཀྱི་འགལ་བ་དང་། ཐོན་སྐྱེད་ངལ་རྩོལ། ཉིན་རྒྱུན་གྱི་འཚོ་བ། ཡུལ་སྲོལ་གོམས་གཤིས་བཅས་ཡིན།

རིགས་དབྱེ།  

གན་ཆག

གན་ཆག་ཅེས་པ་ནི་བོད་ཀྱི་གླུ་གར་རྩེད་མོའི་སྐབས་རམས་འདེགས་རོལ་ཆར་བཀོལ་བའི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

གཎྜི།

གཎྜི་ནི་བརྡུང་བྱའི་རོལ་མོའི་ཁོངས་སུ་གཏོགས་པ་ཞིག་སྟེ། སྤྱིར་མི་རིགས་གཞན་ལའང་དར་སོ་ཆེ་ཞིང་། རྒྱ་ནག་གི་ལུགས་ལྟར་ན་ཉ་ཁོག་ཅེས་བརྗོད་ཅིང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

ཀུན་ཁྱབ་རོལ་མོ།

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར།

རིགས་དབྱེ།  

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད།

རིགས་དབྱེ།  

ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ།

ཀྲུང་གོའི་མི་རིགས་མང་པོ་ལ་རང་ཉིད་ཀྱི་རོལ་མོ་ཚོགས་པའི་སྒྲིག་གཞི་ཡོད། འདིར་བརྗོད་པའི་ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ་ནི་རྒྱལ་རིགས་དང་གྲངས་ཉུང་མི་རིགས་ཁག་ཅིག་གི་ས་ཁུལ་དུ་དར་བ་དང་། གཙོ་བོར་རྒྱ་རིགས་ཀྱི་རོལ་ཆས་ཀྱིས་གྲུབ་པའི་སྦུག་རྒྱུད་རོལ་མོ་ཚོགས་པ་ཡིན།

རིགས་དབྱེ།  

གནའ་སྲོལ་རོལ་མོ།

གནའ་སྲོལ་རོལ་མོ་ནི་དུས་རབས18པའི་དུས་སྨད་ནས་དུས་རབས19ལོ་རབས20པའི་རིང་ལ་རོལ་མོའི་གྲོང་ཁྱེར་ཝེ་ཡེ་ན་རུ་རོལ་མོ་བ་སྐོར་ཚོ་ཞིག་འདུས་ནས་རོལ་མོའི་བརྩམས་ཆོས་འབོར་ཆེན་མཛད་པ་དང་། དེ་དག་གིས་མངོན་སུམ་རིང་ལུགས་ཉིད་གསར་རྩོམ་གྱི་དོན་གཉེར་བྱས་ཏེ་བབས་ཆགས་ཀྱི་རོལ་མོའི་སྐད་བརྡ་དང་། དམ་ཚགས་ཆེ་བའི་སྲོལ་ལུགས་དང་ཐབས་ཤེས། མངོན་གསལ་ཆེ་བའི་བསམ་བློ་དང་བརྩེ་དུང་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་འདོད་བློ་དང་སྐྱེ་སྟོབས་འབར་བའི་འཚོ་བའི་སྤྲོ་བ་མཚོན་པ་རེད།

རིགས་དབྱེ།  

གཞས་མ་གཏམ།

གཞས་མ་གཏམ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་སྤྱི་མིང་ཡིན་པ་དང་། དེ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་གླུ་ལེན་སྒྱུ་རྩལ་ཉིད་དུ་ཡུན་རིང་པོར་དར་ཞིང་རྒྱས་ནས་བྱུང་བའི་སྒྱུ་རྩལ་གྱི་རྣམ་གྲངས་དམིགས་བསལ་ཅན་ཞིག་ཡིན།

རིགས་དབྱེ།  

གཟབ་བརླིང་རོལ་མོ།

གཟབ་བརླིང་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོ་ལ་ལྟོས་ཏེ་བཤད་པའི་བརྗོད་གཞི་དང་ནང་དོན་གཟབ་ནན་ཆེ་བ་དང་། སྒྱུ་རྩལ་གྱི་རྣམ་པ་ངེས་སྲོལ་ལྡན་པའི་སློབ་གསོ་དང་མཛེས་དཔྱོད་ཀྱི་དོན་སྙིང་ངེས་ཅན་ལྡན་པའི་རོལ་མོ་ལ་ཟེར།

རིགས་དབྱེ།  

གླུ་དབྱངས།

གླུ་དབྱངས་ནི་གླུ་ཚིག་དང་རོལ་དབྱངས་ཟུང་དུ་སྦྲེལ་ནས་གྲུབ་པའི་སྒྱུ་རྩལ་གྱིས་བསམ་བློ་དང་བརྩེ་དུང་མཚོན་པའི་སྐད་སྒྲའི་རོལ་མོའི་ནང་གསེས་ཡིན་པ་དང་། ཆ་ཚད་ཐུང་ཞིང་དར་ཁྱབ་འགྲོ་བདེ་བ་ཞིག་ཡིན། གླུ་དབྱངས་ཀྱི་རོལ་དབྱངས་ཀྱིས་གླུ་ཚིག་གི་ནང་དོན་དང་གྲུབ་ཚུལ་དང་སྡེབ་སྦྱོར་བཅས་དང་བསྟུན་ཡོད་པ་རེད།

རིགས་དབྱེ།  

དམག་དཔུང་རོལ་མོ་ཚོགས་པ།

དམག་དཔུང་རོལ་མོ་ཚོགས་པ་ནི་དུས་རབས18པའི་སྨད་ལ་བྱུང་དང་། གཙོ་བོར་རག་སྦུག་རོལ་ཆས་དང་། ཤིང་སྦུག་རོལ་ཆས། རྡུང་དཀྲོལ་རོལ་ཆས་བཅས་ཀྱིས་གྲུབ་པའི་དམག་དཔུང་གི་རོལ་མོ་ཚོགས་པ་ལ་ཟེར།

རིགས་དབྱེ།  

དམག་སྦྲེང་རོལ་དབྱངས།

དམག་སྦྲེང་རོལ་དབྱངས་ཀྱི་མ་གཞི་ནི་དམག་དཔུང་གྲལ་བསྟར་བསྒྲིགས་ནས་སྐྱོད་དུས་གོམ་སྟབས་གཅིག་གྱུར་ཡོང་བྱེད་དང་། དམག་དཔུང་གི་ཟིལ་ངར་སྐྱེད་བྱེད། ངར་སེམས་སྐུལ་བྱེད་བཅས་ཀྱི་དམག་སྦྲེང་སྒྲིག་པའི་རོལ་དབྱངས་ཡིན།

རིགས་དབྱེ།  

དམངས་གླུ།

རོལ་མོའི་ནང་གསེས་ཤིག་སྟེ་མི་དམངས་མང་ཚོགས་ཀྱིས་འཚོ་བའི་ཉམས་ལེན་གྱི་ཁྲོད་དུ་ངག་ཐོག་ནས་བརྒྱུད་དེ་བྱུང་ཞིང་དར་བའི་གླུ་དབྱངས་སྒྱུ་རྩལ་ཡིན། དེ་ལ་ཁྱད་ཆོས་གཙོ་བོར་ཁྱད་ཆོས་གསུམ་ལྡན་པ་རེད།

རིགས་དབྱེ།  

མཉམ་དཀྲོལ་རོལ་དབྱངས་ཚོགས་པ།

སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། ཡོ་རོབ་དང་འཛམ་གླིང་ཡོངས་སུ་དར་ཁྱབ་བྱུང་། མཉམ་དཀྲོལ་རོལ་དབྱངས་ཚོགས་པ་ནི་སྤྱིར་བཏང་རོལ་ཆས་ཚོ་ཁག4ཡིས་གྲུབ་ཡོད་པ་ནི་རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག རག་སྦུག་རོལ་ཆས་ཚོ་ཁག རྡུང་དཀྲོལ་རོལ་ཆས་ཚོ་ཁག་བཅས་ཡིན།

རིགས་དབྱེ།  

ཡང་ཆིན།

ཡང་ཆིན་ནི་རྒྱུད་རྡུང་རོལ་མོའི་རྣམ་གྲངས་ཤིག་སྟེ། «ཀྲུང་གོའི་རོལ་མོའི་ཚིག་མཛོད» ཅེས་པའི་རྒྱ་ཡིག་གི་དཔར་མའི་ཤོག་ངོས450ནང་དེའི་མིང་གི་རྣམ་གྲངས་ལ་དྷ་ཆིན(打琴)ཞེས་ཟེར། དེའི་སྔོན་གྱི་གཟུགས་ནི་པར་སིག་དང་ཨ་རབ་རྒྱུད་དུ་དར་སོ་ཆེ་བའི་གནའ་རབས་རྒྱུད་རྡུང་རོལ་མོ་ཡིན་སྐད་ཅེས་བྱུང་འདུག

རིགས་དབྱེ།  

རེ་མ།

རེ་མ་ཞེས་པ་ནི་འཐེན་དཀྲོལ་རོལ་མོའི་རྣམ་གྲངས་ཤིག་སྟེ། དེ་ནམ་བྱུང་གི་ལོ་རྒྱུས་ཞིབ་པར་མི་གསལ་ཡང་འབྲེལ་ཡོད་རོལ་མོར་ཉམས་ཞིབ་གནང་མཁན་ཚོས་ཉིང་ཁྲི་ས་ཁུལ་རྨེ་རུ་ཤང་གི་ཨ་ཕོ་བློ་བརྟན་ལ་བཅར་འདྲི་ཞུས་འབྲས་སུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

མཉམ་དཀྲོལ་རོལ་དབྱངས།

མཉམ་དཀྲོལ་རོལ་དབྱངས་ཀྱི་བརྗོད་གཞི་རྒྱ་ཆེན་པོ་ཡོད་པ་དང་། རོལ་དབྱངས་ཀྱི་རྩོམ་གཞིའི་གྲུབ་ཚུལ་ཚགས་དམ་ཞིང་ཞིབ་རྒྱས་ཆེ་བ་ཡིན་ཞིང་། དོན་སྟོན་པའི་ཐད་དུ་རོལ་ཆས་ཁག་གི་དོན་སྟོན་ནུས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་རེད། དེ་ནི་རོལ་དབྱངས་རྩོམ་པ་པོའི་བརྗོད་གཞི་གང་ཞིག་གཏིང་ཟབ་མོར་སྟོན་པ་དང་རྩོམ་རྩལ་མཐོན་པོར་མངོན་པའི་ཐོན་དངོས་ཡིན།

རིགས་དབྱེ།  

དྲིལ་ལེབ།

དྲིལ་ལེབ་ནི་ཀྲུང་གོའི་གནའ་རབས་རོལ་ཆས་གཙོ་ཤོས་ཤིག་ཡིན། དྲིལ་བུའི་རིགས་ཤིག་རེད། དེ་ནི་ཀྲོའུ་ནུབ་མའི་སྐབས་སུ་དར་བ་ཡིན་ལ། ཁྲུན་ཆིའུ་ཀྲན་གོའི་སྐབས་ནས་ཆིན་རྒྱལ་རབས་བར་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད། ལོ་རབས་མི་འདྲ་བའི་དབང་གིས་དྲིལ་ལེབ་ཀྱི་བཟོ་དབྱིབས་ཀྱང་རྣམ་པ་སྣ་ཚོགས་ཡིན། ཡིན་ཡང་། དྲིལ་ལེབ་ཀྱི་སྟེང་ན་རི་མོ་སྤུལ་ལེགས་ཅན་དག་བྲིས་ཡོད་པ་རེད།

རིགས་དབྱེ།  

Rockརོལ་མོ།

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད།

རིགས་དབྱེ།  

རོལ་མོ།

རོལ་མོ་ནི་སྒྲ་རླབས་ཀྱི་གཡོ་འགུལ་ལ་བརྟེན་ནས་གནས་པ་དང་དུས་ཀྱི་ནང་དུ་མངོན་ལ་མིའི་རིགས་ཀྱི་རྣ་ཤེས་ཀྱིས་ཟིན་པའི་བསམ་བག་སྣ་ཚོགས་སྐྱེད་ཐུབ་པའི་སྒྱུ་རྩལ་གྱི་ནང་གསེས་ཤིག་ཡིན།

རིགས་དབྱེ།  

རོལ་མོ་བཀོད་འདོམས་པ།

རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར། བཀོད་སྒྲིག་འཁྲབ་སྦྱོང་དང་འཁྲབ་སྟོན་ལ་བཀོད་འདོམས་བྱས་ཏེ་རྩོམ་པ་པོའི་དགོངས་དོན་མཚོན་པར་བྱེད་པ་རེད།

རིགས་དབྱེ།  

ལྗད་ཟི་རོལ་མོ།

རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། ལྗད་ཟི་རོལ་མོ་ཞེས་པ་ནི་དྲག་ཞན་གོ་ལྡོག་ནས་རོལ་དབྱངས་ཉིད་སྤྱི་ཆ་ནས་ལྷོད་ཅིང་ལྷུག་པའི་གྲུབ་ཚུལ་དང་། གདངས་ཚད་དམིགས་བསལ་ཆེ་བ། གང་དགའི་རྡུང་དཀྲོལ་བྱེད་པ་བཅས་བྱས་ཆོག་པ་རེད།

རིགས་དབྱེ།  

སྐད་སྒྲའི་རོལ་མོ།

སྐད་སྒྲའི་རོལ་མོ་ཞེས་པ་ནི་མིས་ལེན་པ་གཙོ་བོ་བྱས་པའི་རོལ་མོའི་རྣམ་པ་ལ་ཟེར། དེ་ཉིད་ལེན་སྟངས་ཀྱི་སྒོ་ནས་དབྱེ་ན་རིགས་བཞི་ཡོད་པ་དང་། སྐད་སྒྲའི་རོལ་མོ་ཉིད་ལེན་སྲོལ་གྱི་སྒོ་ནས་དབྱེ་ན་རིགས་གསུམ་ཡོད་པ་རེད།

རིགས་དབྱེ།  

སྐོར་གཞས།

སྐབས་འདིའི་སྐོར་གཞས་ཞེས་པ་ནི་ཡོ་རོབ་ཀྱི་ཧྭ་ཨེར་ཚི་ཞེས་པའི་ཞབས་བྲོའི་རོལ་མོ་ལ་གོ་ཞིང་། དེའི་མཆེད་ཁོངས་ནི་ཨོ་སི་ཁྲི་རུ་ཡའི་བྱང་རྒྱུད་དུ་བྱུང་བའི་འགྲོས་རྡེབ་གསུམ་ལྡན་གྱི་ཞིང་པའི་སྐོར་གཞས་རེད།

རིགས་དབྱེ།  

སྦུག་རྒྱུད་རོལ་མོ་ཚོགས་པ།

སྦུག་རྒྱུད་རོལ་མོ་ཚོགས་པ་ནི་མཉམ་དཀྲོལ་རོལ་དབྱངས་ཉིད་སྒྲའི་རྣམ་པ་ཅན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་ཡིན། སྦུག་རྒྱུད་རོལ་མོ་ཚོགས་པ་གཅིག་གི་གྲུབ་ཆ་ལ་རོལ་ཆས་ཚོ་ཁག4ཡོད་པ་སྟེ། རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག་བཅས་ཡིན།

རིགས་དབྱེ།  

སྦུར་པ་རོལ་མོ་ཚོགས་པ།

དུས་རབས20པའི་ལོ་རབས60པར། དབྱིན་ཇིའི་ལེ་ཝེར་ཕུལ་གྲོང་ཁྱེར་གྱི་གཞོན་ནུ་བཞི་ཡིས་གྲུབ་པའི་རོལ་མོའི་སྟེགས་བུའི་སྟེང་དུ་ཚ་རླབས་ཤིག་སྤྲོས་ནས་འཛམ་གླིང་ཡོངས་ལ་དར་ཁྱབ་བྱུང་བ་རེད། རོལ་མོ་ཚོགས་པ་དེའི་ཁོངས་མི་ཚོ་ནུབ་ཕྱོགས་ཀྱི་གཞོན་ནུ་ཚོའི་དད་རྟེན་ཆགས་པས་མི་ཚད་དར་མ་དང་བགྲེས་སོང་ཁག་ཅིག་གི་སེམས་པ་ཡང་བཀུག་ཡོད་པ་རེད་ལ། ཐ་ན་དབྱིན་ཇིའི་རྒྱལ་མོས་ཁོང་ཚོ་ལ་སྐུ་དྲག་གི་ཐོབ་ཐང་བསྩལ་བ་རེད།

རིགས་དབྱེ།  

རྔ།

དེ་ཡང་རྔ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆོས་འཇིག་རྟེན་གྱི་སྒྱུ་རྩལ་ཐད་གལ་ཆེའི་གནས་བབ་བཟུང་ཡོད་པའི་རོལ་ཆ་ཞིག་ཡིན་ལ། ཆོས་ལུགས་ཀྱི་གར་འཆམ་དང་། དམངས་ཁྲོད་ཀྱི་བྲོ་ཤོན་སོགས་ནི་རྔ་དང་འབྲེལ་བ་དམ་ཟབ་མཆིས་པས། དམངས་ཁྲོད་ངག་རྒྱུན་དུ་ཡང་རྔ་རོལ་ལ་བསྟེན་ནས་འཆམ་ཞེས་ཤོད་རྒྱུན་ཆགས་ཡོད།

རིགས་དབྱེ།  

ཤུ།

སྤྱིར་ཤུ་ཞེས་པ་ནི་སོ་རྐན་གཉིས་ཀྱི་བར་ནས་བྱུང་བའི་ཚིག་མེ་བརྡ་གཏོང་གི་སྒྲ་ལ་ཟེར་ཞིང་། དེའི་མིང་གི་རྣམ་གྲངས་ལ་སིའམ་བཤུག་པ་ཞེས་སོགས་ཀྱང་བྱུང་བར་མ་ཟད། ཤུ་གླུ་ལ་བཤུག་གླུའམ་སི་གླུ་ཞེས་ཀྱང་བརྗོད་སྲོལ་ཡོད།

རིགས་དབྱེ།  

སིལ་སྙན།

སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་སྟེ། བོད་ཀྱི་ཆོས་ལུགས་སོགས་ཀྱི་ཆོ་ག་སྤེལ་དུས་བཀོལ་བའི་རོལ་མོའི་བྱེ་བྲག་མེད་དུ་མི་རུང་བ་ཞིག་ཡིན།

རིགས་དབྱེ།