ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་རིགས།

ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་རུ་དཔུང་།

ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་རུ་དཔུང་ནི་རྒྱལ་ཁབ་ཀྱིས་གནང་བའི་རྒྱལ་ཁབ་ནང་ཁུལ་བདེ་འཇགས་ཉེན་སྲུང་ལས་འགན་ཕྲག་ཏུ་འཁུར་བའི་རུ་དཔུང་ཞིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཆའི་སྣེ་ཁྲིད་འོག་གི་ལས་ཁུངས་ཡིན་ཞིང་། ནང་སྲུང་དང་གསེར། ནགས་ཚལ། ཆུ་གློག འགྲིམ་འགྲུལ་སོགས་ཀྱི་རུ་དཔུང་དང་། སྤྱི་བདེ་སྡེ་ཁག་གི་སྣེ་ཁྲིད་འོག་གི་སྤྱི་བདེ་མཐའ་སྲུང་དང་མེ་ཟོན། སྐུ་སྲུང་དམག་དཔུང་བཅས་ཀྱིས་གྲུབ་པ་ཡིན།

རིགས་དབྱེ།  

ཁ་ལོ་པ།

ཁ་ལོ་པ་ནི་འཕྲུལ་ཆས་ཚོད་འཛིན་བྱེད་མཁན་ཡིན། དེ་ཡང་འཕྲུལ་ཆས་ནི་མིའི་རིགས་ཀྱི་སྤྱི་ཚོགས་སུ་བྱུང་བ་ཡིན་ལ། ཝ་ཐེ་ཡིས་རླངས་སྒུལ་འཕྲུལ་ཆས་གསར་གཏོད་བྱས་རྗེས་ཡིན། དུས་དེ་ནས་བཟུང་། ཁ་ལོ་པ་ཞེས་པའི་མིང་བརྡ་དེ་བྱུང་བ་ཡིན་ཞིང་། རླངས་འཁོར་སྐོར་མཁན་དང་ཚོད་འཛིན་མཁན་གྱི་མིང་ལ་བྱ་བ་ཡིན།

རིགས་དབྱེ།  

ཁྱིམ་ཚང་དོ་དམ།

ཅ་ཧོ་ཡེ་ཞིང་སློབ་གསོ་ཚོགས་པས་ཆེས་ཐོག་མར་རྒྱལ་ནང་དུ་ཁྱིམ་ཚང་དོ་དམ་ཞེས་པ་བཏོན་པ་ཡིན་ལ། ཞིབ་འཇུག་གི་ཁ་གཏད་ས་གཙོ་བོ་ཁྱིམ་ཚང་བྱས་ནས། ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་ཁྱིམ་མིའི་སྤུས་ཚད་ཤུགས་སྣོན། ཁྱིམ་ཚང་ཕན་ཚུན་བར་གྱི་འབྲེལ་བ་ཡར་སྐུལ། ཕྱོགས་ཡོངས་ནས་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་གཏང་བ་དམིགས་ཡུལ་དུ་བཟུང་ནས། སློབ་སྦྱོང་དང་དོ་དམ་བརྒྱུད་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཚོར་བ་ཇེ་མཐོར་གཏང་བ་ལ་ཟེར་བ་ཡིན།

རིགས་དབྱེ།  

ཁྱིམ་འཛིན་མ།

ཁྱིམ་འཛིན་མ་ནི་གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱིས་གཉེར་བའི་བྱ་བའི་ལས་གནས་རིགས་ཤིག་ཡིན་ལ། ཁྱིམ་ལས་ཀྱི་བྱ་བ་ཁོ་ན་བསྒྲུབ་པ་ལས་སྒོ་ཕྱི་རུ་སོང་ནས་ལས་ཀ་སོགས་མི་གཉེར་བའི་བུད་མེད་ལ་གོ་བ་ཡིན།

རིགས་དབྱེ།  

ཁྲིམས་རྩོད་པ།

ཁྲིམས་རྩོད་པ་ནི་གནའ་རབས་ཀྱི་གཏུག་བཤེར་བློ་འདོན་མཁན་དང་མི་འདྲ་བར། ཁྲིམས་ལྟར་ཁྲིམས་རྩོད་པའི་ལས་གཉེར་དཔང་ཡིག་བླངས་ཏེ། མངག་བཅོལ་དང་དམིགས་འཛུགས་དང་ལེན་བྱས་ནས། དོ་བདག་ལ་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་ཀྱི་ལས་གཉེར་མི་སྣ་ལ་གོ་བ་ཡིན།

རིགས་དབྱེ།  

གཏེར་ལས།

གཏེར་ལས་ཐོན་ཁུངས་ནི་ས་ཤུན་གྱི་དུས་ཡུན་རིང་བོའི་གྲུབ་ཚུལ་དང་འཕེལ་རྒྱས། རིམ་འགྱུར་བཅས་ཀྱི་གོ་རིམ་ཁྲོད་བྱུང་བའི་ཐོན་དངོས་ཡིན་ལ། དེ་ནི་རང་བྱུང་ཁམས་ཀྱི་གཏེར་རྫས་དག་ས་གཤིས་ཀྱི་ཆ་རྐྱེན་ངེས་ཅན་འོག ས་གཤིས་ཀྱི་ནུས་པ་ངེས་ཅན་ཞིག་བརྒྱུད་པ་དང་། ས་གཤིས་མི་འདྲ་བའི་ནུས་པའི་འོག རིགས་མི་འདྲ་བའི་གཏེར་རྫས་རྣམ་པ་སྣ་ཚོགས་གྲུབ་པ་ལ་ཟེར་བ་ཡིན།

རིགས་དབྱེ།  

གཞས་གདངས་རྩོམ་མཁན།

གཞས་གདངས་རྩོམ་མཁན་ནི་གདངས་དབྱངས་རྩོམ་མཁན་རོལ་མོ་པ་ཐམས་ཅད་ཀྱི་སྤྱི་མིང་ལ་བྱ་བ་ཡིན་ཞིང་། ཆེད་དུ་རོལ་དབྱངས་གསར་རྩོམ་གྱི་རོལ་དབྱངས་མཁན་ལ་གོ་བ་ཡིན་ལ། དེ་ཡི་རྣམ་པ་མངོན་སྟངས་ནི་གདངས་དབྱངས་ཡིན་པ་དང་། དེ་ནི་རོལ་དབྱངས་མཁན་གྱི་ནང་གསེས་ཤིག་ཡིན།

རིགས་དབྱེ།  

གཙང་སྦྲ་པ།

གཙང་སྦྲ་པ་ནི་ས་ངོས་གཙང་སྦྲ་བྱེད་མཁན་གྱི་ལས་བཟོ་པ་ལ་ཟེར་བ་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་གད་བདར་བྱ་བ་དང་གད་སྙིགས་བྱི་དོར་བྱས་ནས། གད་སྙིགས་ཕྱོགས་གཅིག་ཏུ་སྤུང་སར་བསྐྱལ་བ་བཅས་ཡིན། ཡང་དེ་ནི་སྤྱིར་བཏང་དུ་གཙང་སྦྲའི་ལས་ཁུངས་དང་ཀུང་སི། སྤྱི་དམངས་ཀྱི་ཁོར་ཡུག་ཏུ་ཡོད་པའི་ལས་བཟོ་པར་གོ་བ་ཡིན་ལ། མི་རྣམས་ཀྱིས་དེར་གྲོང་ཁྱེར་གྱི་མཛེས་བཟོ་མཁན་པོ་ཞེས་བསྟོད་བསྔགས་བྱས་མྱོང་།

རིགས་དབྱེ།  

ཇ་མ།

ཇ་མ་ནི་ཟས་གཡོ་སྐོལ་ལས་རིགས་སུ་བྱས་ནས་ཚལ་རྔོ་བའི་ལས་ཀ་དེ་བྱ་བ་གཙོ་བོར་བྱས་པའི་མི་ལ་ཟེར་བ་ཡིན། དེ་ཡང་ཇ་མའི་ལས་རིགས་བྱུང་སྔ་བ་དང་། ཕལ་ཆེར་བྲན་གཡོག་སྤྱི་ཚོགས་ཀྱི་དུས་སྐབས་ནས་བཟུང་ཆེད་ལས་ཇ་མ་ཡོད་པ་ཡིན་ལ། སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་མཐོ་ནས་མཐོ་རུ་ཕྱིན་པ་དང་བསྟུན་ནས། ཇ་མའི་ལས་རིགས་མུ་ནས་མུ་རུ་འཕེལ་རྒྱས་སུ་སོང་བར་མ་ཟད། ཆེད་ལས་ཇ་མའི་དཔུང་ཁག་ཀྱང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་ཡིན་ཞིང་། འབྲེལ་ཡོད་རྒྱུ་ཆ་ལྟར་ན། དུས་རབས21པའི་དུས་འགོར། འཛམ་གླིང་གི་ཇ་མའི་དཔུང་ཁག་ནི་མི་གྲངས་བྱེ་བ་འགའི་ཡན་ལ་སོན་པ་དང་། ཀྲུང་གོ་ནི་ཟ་མ་གཡོ་སྐོལ་གྱི་རྒྱལ་ཁམས་སུ་གྲགས་པ་ཡིན།

རིགས་དབྱེ།  

ཇུས་འགོད་པ།

ཇུས་འགོད་པ་ནི་བྱ་དངོས་ཇུས་འགོད་ཀྱི་མི་ཡི་སྤྱི་མིང་རིགས་ཤིག་ཡིན་ལ། རྒྱུན་པར་ངེས་གཏན་གྱི་ཆེད་ལས་ཁྱབ་ཁོངས་ག་གེ་མོར་གསར་གཏོད་འདོན་སྤྲོད་ཀྱི་བྱ་བ་ལ་གོ་བ་ཡིན་པར་མ་ཟད། སྒྱུ་རྩལ་དང་ཚོང་ལས་མཉམ་འབྲེལ་གྱི་བྱ་བ་གཉེར་བའི་མི་ཡི་རིགས་ཡིན་ཞིང་། རྒྱུན་པར་རི་མོའམ་མཐོང་ཚོར་བརྒྱུད་སྒྲོག་གི་ཐབས་ལམ་རྣམ་པ་སྣ་ཚོགས་བེད་སྤྱོད་བྱས་པ་བརྒྱུད། རང་ཉིད་ཀྱི་བྱ་བའམ་བརྩམས་ཆོས་མཚོན་པར་བྱ་བ་ཡིན།

རིགས་དབྱེ།  

ཉ་ལས།

ཉ་ལས་ནི་མིའི་རིགས་ཀྱིས་ཆུ་ནང་གི་སྐྱེ་དངོས་ཀྱི་དངོས་རྫས་བརྗེ་སྤོར་གྱི་བྱེད་ནུས་བེད་སྤྱད་དེ། ཉ་བཟུང་བ་དང་གསོ་བ། ལས་སྣོན་བཅས་ཀྱི་གོ་རིམ་བརྒྱུད་ནས། ཆུའི་ཐོན་རྫས་ཀྱི་སྤྱི་ཚོགས་ཐོན་ལས་སྡེ་ཁག་གཉེར་བ་ཡིས། ཉའི་རིགས་བཟུང་བ་དང་གསོ་བ། ལས་སྣོན་བཅས་ཀྱི་ཐོན་སྐྱེད་ཁྱབ་ཁོངས་ལ་གོ་བ་ཡིན།

རིགས་དབྱེ།  

ཉེན་རྟོག་པ།

ཀྲུང་གོའི་ཉེན་རྟོག་པར་དྲག་ཆས་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པའི་དབྱེ་བ་གཉིས་ཡོད་ཅིང་། སྤྱི་བདེ་ནི་སྒྲ་ཡངས་འཇུག་གི་སྒོ་ནས་མི་དམངས་ཉེན་རྟོག་པ་ལ་གོ་བ་ཡིན། དེ་ལ་ཡང་སྤྱི་བདེ་སྡེ་ཁག་གིས་དོ་དམ་གྱི་སྤྱི་བདེ་ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་དོ་དམ་གྱི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཁོངས་སུ་གཏོགས་པའི་ཁྲིམས་འཛིན་ཉེན་རྟོག་པ་བཅས་རིགས་གསུམ་ཡོད། དེ་ཡང་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ལ། ཉེན་རྟོག་ལྟ་ཞིབ་པ་དང་ཉེན་རྟོག་ལྟ་སྐུལ་པ། ཉེན་རྟོགས་ལས་ཚན་པ། ཉེན་རྟོག་པ་བཅས་ཀྱི་ཉེན་རྟོག་པའི་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན། དེ་དག་གི་གྱོན་པའི་ཁ་དོག་ནི་ནག་པོ་ཤས་ཆེ་བ་ཡིན། གཞན་དྲག་ཆས་ཉེན་རྟོག་པའི་མིང་ཧྲིལ་བོ་ལ་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་ཟེར་བ་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་གནང་བའི་བདེ་འཇགས་ཉེན་སྲུང་གི་འགན་འཁུར་དང་དུ་བླངས་པའི་དམག་དཔུང་ཞིག་ཡིན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཆའི་སྣེ་ཁྲིད་འོག་གི་ལས་ཁུངས་ཡིན།

རིགས་དབྱེ།  

དངུལ་རྩའི་ལས་རིགས།

དངུལ་རྩའི་ལས་རིགས་ནི་དངུལ་ཁང་དང་འབྲེལ་ཡོད་ཀྱི་མ་དངུལ་མཉམ་འབྲེལ་དང་ཉེན་འགོག་ལས་རིགས། ད་རུང་བཟོ་ལས་རང་བཞིན་གྱི་དཔལ་འབྱོར་བྱ་སྤྱོད་ལས་གཞན། དཔལ་འབྱོར་དང་འབྲེལ་བ་ཡོད་པ་ཐམས་ཅད་ནི་དངུལ་རྩའི་ལས་རིགས་ཡིན།

རིགས་དབྱེ།  

དངུལ་སྡུད་པ།

དངུལ་སྡུད་པ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་རིགས་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། ལས་རིགས་སོ་སོའི་ཁྲོད་ཀྱི་ཞོར་ལས་སམ་ཆེད་དུ་དངུལ་སྡུད་ཀྱི་བྱ་བ་གཉེར་བའི་མི་སྣར་གོ་བ་དང་། རྣམ་གྲངས་གང་ཞིག་གི་དངུལ་སྡུད་ཀྱི་བྱ་བར་འགན་འཁུར་མཁན་གྱི་མི་སྣ་ལ་གོ་བ་ཡིན།

རིགས་དབྱེ།  

དབོར་འདྲེན་པ།

སྔ་དུས་སུ་དབོར་འདྲེན་པ་ནི་ལུས་ཤུགས་ངལ་རྩོལ་གྱི་བྱ་བ་གཉེར་མཁན་གྱི་མི་ལ་གོ་བ་ཡིན་ཞིང་། དེ་ནི་གཙོ་བོ་དངོས་པོ་དབོར་འདྲེན་གྱི་བྱ་བ་ཡིན་ལ། ཀུང་སིའི་ནང་གི་གཞི་རིམ་གྱི་ལས་བཟོ་པ་ཡིན། དེ་ཡང་གྲོང་ཁྱེར་ནང་གི95%ཡི་དབོར་འདྲེན་པ་ནི་ཞིང་གྲོང་ནས་ཡོང་བ་ཡིན་པར་མ་ཟད། ཁོ་ཚོའི་ལས་ལ་བརྩོན་པའི་རླབས་ཆེན་གྱི་བྱ་བ་ཡིས་ང་ཚོའི་འཚོ་བའི་ཁ་དོག་བསྒྱུར།

རིགས་དབྱེ།  

དམག་མི།

དམག་མི་ནི་རྒྱལ་ཁབ་དམག་དཔུང་ཁྲོད་དམག་སྐུལ་དང་ལེན་བྱས་པའི་དམག་དཔོན་གྱི་ལས་འགན་ཁུར་བའི་མི་སྣའི་མིང་ལ་བྱ་བ་ཡིན་ཞིང་། དེ་ལ་འཐབ་འཛིང་མི་སྣ་དང་འཐབ་འཛིང་མི་སྣ་མ་ཡིན་པ། གནའ་རབས་ཀྱི་དཔའ་རྒོད་དང་འདྲ་བ། སྐྱ་མི་བཅས་འདུ་བ་ཡིན།

རིགས་དབྱེ།  

དུག་སེལ་པ།

རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་ཐང་སོགས་ཀྱི་ཐད། སྦྱོང་བརྡར་ཐོབ་ཡོད་པའི་དུག་སེལ་པའི་རུ་ཁག་གིས་འགོ་ནད་སྔོན་འགོག་གི་བྱ་བ་བསྒྲུབ་དགོས་པ་ཡིན། དེ་ཡང་མ་ལག་རང་བཞིན་གྱི་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད། ལས་ཞུགས་དང་ལས་འདེམས་ཀྱི་མི་སྣར་རྒྱལ་ཁབ་ལས་རིགས་ཐོབ་ཐང་དཔང་རྟགས་གནང་ཆོག་ལ། ལས་ཐོག་མི་སྣ་ཡིན་ན། ཤེས་བྱ་གསར་སྣོན་དང་ནུས་རྩལ་མཐོར་འདེགས། ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་བྱ་བ་བཅས་ཡིན་ཞིང་། ཉིན་རེ་བཞིན་ཚད་ལྡན་དང་འགྲན་རྩོད། གོ་རིམ་ལྡན་པ་བཅས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཚོང་རའི་ཁྲོད། མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱས་ནས། དུག་སེལ་ལས་རིགས་སྤྱི་ཚོགས་ཅན་དང་དུག་སེལ་ཞབས་ཞུ་ལས་རིགས་ཅན་དུ་མངོན་འགྱུར་ཡོང་བ་བྱས་ཏེ། རང་རྒྱལ་གྱི་དུག་སེལ་ཚོང་རའི་འཕེལ་རྒྱལ་ལ་སྐུལ་འདེད་བྱ་དགོས།

རིགས་དབྱེ།  

དྲུང་ཡིག

དྲུང་ཡིག་ནི་སྲིད་ཏང་གི་གལ་ཆེ་བའི་གོ་གནས་ཡིན་ལ། གོ་གནས་ཆེས་མཐོ་བ་ལ་སྤྱི་ཁྱབ་ཧྲུའུ་ཅིར་འབོད་པ་ཡིན། དེ་ཡང་ཡིག་ལས་ཐོག་ཁང་དང་ཚོང་ལས་སྡེ་ཁག་གི་གཞུང་ཡིག་པའི་ལས་གནས་ཡིན་ཞིང་། ལས་ཀ་གཙོ་བོ་ནི་མྱུར་འགོད་དང་ཡིག་གཏག ཉིན་རེའི་གྲོས་རིམ་བཀོད་སྒྲིག ཚོགས་འདུ། གནམ་གྲུའི་པ་སེ་མངག་ཉོ། མགྲོན་ཁང་ཉོ་བ་སོགས་ཡིན།

རིགས་དབྱེ།  

ནགས་ཚལ་བཟོ་ལས།

ནགས་ཚལ་བཟོ་ལས་ནི་ཤིང་ཆ་ཐོན་སྐྱེད་དང་ཤིང་ནགས་ཐོན་རྫས་གཞན་པ་ལས་སྣོན་བེད་སྤྱོད་ཀྱི་ཐོན་ལས་ལ་ཟེར་བ་ཡིན། དེ་ཡང་ནགས་ཚལ་བཟོ་ལས་ཀྱི་འཕེལ་རྒྱས་ནི་འོས་འཚམ་གྱི་སྒོ་ནས་ཤིང་ཆ་ཐོན་སྐྱེད་ཀྱི་རྟེན་གཞི་བཀོད་སྒྲིག་བྱ་བ་དེ་ཡིན།

རིགས་དབྱེ།  

ནད་གཡོག

ནད་གཡོག་ནི་ལས་གཉེར་ཐོ་འགོད་བྱས་པ་བརྒྱུད། ནད་གཡོག་གི་ལས་གཉེར་དཔང་རྟགས་བླངས་ནས། ཁྲིམས་སྲོལ་གྱི་གཏན་འབེབ་ལྟར་བདག་སྐྱོང་བྱེད་སྒོ་ཡི་ལས་གཉེར་བ་དང་། ཚེ་སྲོག་སྲུང་སྐྱོབ་དང་སྡུག་བསྔལ་ཇེ་ཡང་དུ་གཏང་བ། བདེ་ཐང་གི་ལས་འགན་མཐོ་རུ་གཏང་བ་བཅས་ལག་བསྟར་གྱི་འཕྲོད་བསྟེན་ལག་རྩལ་མི་སྣ་ལ་གོ་བ་ཡིན་ལ། ནད་གཡོག་ལ་སྨན་ལྷའི་ཕོ་ཉར་འབོད་པ་ཡིན། ནད་གཡོག་ཅེས་པའི་མིང་བརྡ་དེ་ནི་ཀྲུང་མའོ་ཧྥང་ནས་བྱུང་བ་ཡིན་ཞིང་། སྤྱི་ལོ1914ལོར། ཀྲུང་ཧྭ་ནད་གཡོག་ཚོགས་འདུ་ཐེངས་དང་པོའི་སྟེང་། དབྱིན་ཡིག་གི nurseཞེས་པའི་མིང་བརྡ་དེ་རྒྱ་ཡིག་གི་ནད་གཡོག་གི་དོན་དུ་བསྒྱུར་བ་རེད།

རིགས་དབྱེ།  

པར་ལེན་གསར་འགོད་པ།

པར་ལེན་གསར་འགོད་པ་ནི་པར་བླངས་པ་ལ་བརྟེན་ནས་གསར་འགྱུར་གྱི་བྱ་བ་སྒྲུབ་མཁན་གྱི་ཆེད་ལས་མི་སྣ་ལ་གོ་བ་ཡིན་ཞིང་། པར་ལེན་དང་གསར་འགོད་པ་གཉིས་ཆའི་ནུས་པ་ལྡན་དགོས།

རིགས་དབྱེ།  

པར་ལེན་པ།

པར་ལེན་ཚོགས་ཆུང་གི་པར་ལེན་ཡོ་བྱད་སྐྱེལ་འདྲེན་དང་བཟོ་དབྱིབས་གསར་རྩོམ་གྱི་འགན་འཁུར་མི་སྣ་ཡིན་ཞིང་། འཁྲབ་ཁྲིད་པའི་བསམ་འདུན་མ་ལུས་གཟུགས་བརྙན་དུ་འཆར་བར་བྱ་བ་ལ་ཟེར་བ་ཡིན། དེ་ཡང་པར་ལེན་ཚོགས་ཆུང་ནང་སྤྱིར་བཏང་དུ་འཁྲབ་ཁྲིད་པ་དང་པར་ལེན་པ། འོད་འདོན་སྤྲོད་ཀྱི་མི་སྣ་བཅས་ཡོད་པ་ཡིན་ལ། འཁྲབ་ཁྲིད་པ་ནི་པར་ལེན་ལག་རྩལ་ཐག་གཅོད་མཁན་གྱི་འགན་འཁུར་མི་སྣ་ཡིན་པ་དང་། པར་ལེན་ཚོགས་ཆུང་གི་བྱ་བའི་སྣེ་ཁྲིད་མཁན་ཡང་ཡིན།

རིགས་དབྱེ།  

ཕྱུགས་ནད་སྨན་པ།

ཕྱུགས་ནད་སྨན་པ་ནི་སྲོག་ཆགས་ཀྱི་ནད་གཞིའི་སྐོར་ནས་ནད་གཞི་སྔོན་འགོག་དང་ནད་གཞི་བརྟག་དཔྱད། ནད་གཞི་གསོ་བཅོས་བཅས་ཀྱི་བྱ་བར་འགན་འཁུར་བའི་སྨན་པ་ལ་ཟེར་བ་ཡིན། བྱེ་བྲག་གི་སྒོ་ནས་བཤད་ན། ཕྱུགས་ནད་སྨན་པ་ནི་གསོ་རིག་གི་བྱེད་ཐབས་བེད་སྤྱད་ནས། སྲོག་ཆགས་ཀྱི་ལུས་ཁམས་དང་སྐྱེ་དངོས་ཕྲ་རབ། རང་བྱུང་ཁོར་ཡུག་སོགས་ཕན་ཚུན་སྙོམས་སྒྲིག་གི་བྱ་བ་སྒྲུབ་མཁན་རིགས་ཤིག་ཡིན།

རིགས་དབྱེ།  

ཕྱུགས་ལས།

ཕྱུགས་ལས་ནི་སྒོ་ཕྱུགས་སོགས་མི་རྣམས་ཀྱིས་བཏུལ་ཟིན་པའི་སྲོག་ཆགས་སམ་ཤྭ་བ་དང་གླ། ཝ། ཆུ་སྲམ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་ཁམས་ནུས་རྩལ་བེད་སྤྱད་ནས། གསོ་ཚགས་དང་སྐྱེ་འཕེལ་བརྒྱུད་རྩྭ་ར་དང་གསོ་ཆས་སོགས་རྩི་ཤིང་གི་ནུས་ཚད་སྲོག་ཆགས་ཀྱི་ནུས་ཚད་དུ་བསྒྱུར་ནས། ཤ་དང་སྒོ་ང་། འོ་མ། བལ། ཁུལ་ལུ། ཀོ་པགས། སྨན་རྫས་སོགས་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་སྡེ་ཁག་བསྐྲུན་པ་དེ་ལ་ཟེར་བ་ཡིན།

རིགས་དབྱེ།  

བདེ་སྐྱོང་པ།

བདེ་སྐྱོང་པ་ནི་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་སུ་བྱ་བ་བསྒྲུབས་པའི་མི་དམངས་ཉེན་རྟོག་པའི་རོགས་འདེགས་ཡིན་ལ། གཙོ་བོ་བདེ་སྐྱོང་དང་ཉེན་ཟོན་སྐོར་ཞིབ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་བྱ་བ་གཉེར་བ་ཡིན། གཏན་འབེབ་ལྟར་ན། བདེ་སྐྱོང་པ་ནི་ངེས་པར་དུ་ལོ18ཡན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པའི་ཁྲིམས་མཐུན་གྱི་སྤྱི་དམངས་ཡིན་དགོས་ཤིང་། ངེས་པར་དུ་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་བྲིས་པའི་ཆབ་སྲིད་ཞིབ་བཤེར་གྱི་བདེན་དཔང་དང་། སྨན་ཁང་གིས་བྲིས་པའི་ལུས་ཕུང་བརྟག་དཔྱད་ཀྱི་བདེན་དཔང་ཡོད་པའི་མི་སྣ་ཡིན་དགོས།

རིགས་དབྱེ།  

ཕྱོགས་བསྡུས་ལས་རིགས།

ཕྱོགས་བསྡུས་ལས་རིགས་ནི་ཉི་ཧོང་གི་ངལ་རྩོལ་སྐོར་གྱི་ལམ་ལུགས་ཤིག་ཡིན་པར་མ་ཟད། ལས་ཀའི་གོ་མིང་རིགས་ཤིག་ཏུ་གྱུར་ཡོད། དེ་ཡང་ཉི་ཧོང་ཀུང་སིའི་ལས་ཀ་པ་ངོ་མ་ནི་སྤྱིར་བཏང་དུ་ཕྱོགས་བསྡུས་ལས་རིགས་དང་ལས་རིགས་ཕལ་བ་རིགས་གཉིས་སུ་བཀར་ཡོད།

རིགས་དབྱེ།  

བདེ་སྲུང་པ།

བདེ་སྲུང་པ་ནི་བདེ་འཇགས་སྲུང་སྐྱོབ་ཀྱི་མི་སྣ་ལ་གོ་བ་ཡིན་ཞིང་། དེ་ནི་སྤྱི་ཚོགས་ཀྱི་ལས་རིགས་ཤིག་ཡིན། དེའི་ལས་འགན་གཙོ་བོ་ནི་མེ་ཟོན་དང་རྐུན་ཟོན་ལ་མཉམ་འཇོག རང་ཉིད་ཀྱིས་འགན་འཁུར་བའི་ཁྱབ་ཁོངས་ཀྱི་མི་ལུས་བདེ་འཇགས་ལ་འགན་འཁུར་བ་བཅས་ཡིན་ལ། བདེ་སྲུང་པའི་བྱ་བའི་བྱེད་སྟངས་བརྒྱུད། ཁྱབ་ཁོངས་གཏན་འཁེལ་ནང་གི་བདེ་འཇགས་དང་རྒྱུན་ལྡན་གྱི་བྱ་བའི་སྒྲིག་ལམ། བདེ་སྐྱོང་སྒྲིག་ལམ་བཅས་ལ་འགན་འཁུར་བར་ཟེར་བ་ཡིན།

རིགས་དབྱེ།  

བཟོ་སྐྲུན་པ།

བཟོ་སྐྲུན་པ་ནི་བཟོ་སྐྲུན་མ་ལག་ཇུས་འགོད་དང་དོ་དམ་གྱི་བྱ་བ་གཉེར་བར་ནུས་པ་ངེས་ཅན་ལྡན་པའི་མི་སྣ་ལ་གོ་བ་ཡིན་ཞིང་། བཟོ་སྐྲུན་པའི་མིང་གི་འབོད་ལུགས་དེ་ནི་རྒྱུན་པར་བཟོ་སྐྲུན་རིག་པའི་ཁྲོད་ཀྱི་ཁོངས་གཏོགས་ཏེ། ཆེད་ལས་རང་བཞིན་གྱི་སློབ་གནས་སམ་འབྲེལ་ཡོད་ཀྱི་བྱ་བའི་ཉམས་མྱོང་ལྡན་པའི་མི་སྣ་ཁོ་ནར་གོ་བ་ཡིན།

རིགས་དབྱེ།  

བཟོ་སྐྲུན་ལས་རིགས།

བཟོ་སྐྲུན་ལས་རིགས་ནི་དངོས་པོའི་རྒྱུ་ཆ་དང་ནུས་ཁུངས། སྒྲིག་ཆས། ལག་ཆ། མ་དངུལ། ལག་རྩལ། ཆ་འཕྲིན། མི་ཤུགས་སོགས་ལ་ཚོང་རའི་ཆ་རྐྱེན་ལྟར། བཟོ་སྐྲུན་གྱི་གོ་རིམ་བརྒྱུད་ནས་མི་རྣམས་ཀྱིས་བཀོལ་སྤྱོད་དང་བེད་སྤྱོད་བྱས་ཆོག་པའི་ལག་ཆ་དང་བཟོ་ལས་ཐོན་རྫས། འཚོ་བའི་མཛད་སྤྱོད་ཐོན་རྫས་སུ་བསྒྱུར་བའི་ལས་རིགས་ལ་ཟེར་བ་ཡིན།

རིགས་དབྱེ།  

བརྙན་བཟོ་མཁན།

བརྙན་བཟོ་མཁན་ནི་སྤྱིར་བཏང་ལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་བརྙན་བཟོ་ཐོན་སྐྱེད་ཀྱི་གསར་བཟོ་མཁན་ལ་གོ་བ་ཡིན། འཁྲབ་གཞུང་གི་གཅིག་གྱུར་འཆར་འགོད་དང་དུས་སྔ་མའི་སྟ་གོན། པར་ལེན་ཚོགས་ཆུང་རྩ་འཛུགས། པར་ལེན་མ་དངུལ་ཞིབ་རྩིས། ནོར་སྲིད་ཞིབ་རྩིས་བཅས་ཀྱི་འགན་ཡོངས་སུ་འཁུར་བ་དེ་ལ་ཟེར་བ་ཡིན།

རིགས་དབྱེ།