ཡོངས་འཛིན་རིག་མཛོད། >སྤྱི་ཚོགས།

གཉེན་སྒྲིག་བཅའ་ཁྲིམས།

1980ལོའི་ཟླ9ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་ཞིང་། 2001ལོའི་ཟླ4ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་གཞིར་བཟུང་ནས་དག་བཅོས་བྱས།

རིགས་དབྱེ།  

བོད་རིགས།

བོད་རིགས་ལ་བསྡོམས་པས་མི་གྲངས་ཁྲི640ལྷག་ཡོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་འདབས་འབྲེལ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་པ་དང་། ཕྱུགས་ལས་གཙོ་བོ་ཡིན་ལ། ཞོར་དུ་ཞིང་ལས་ཀྱང་གཉེར་བཞིན་ཡོད་པ་རེད། བོད་རིགས་ལ་རང་གི་སྐད་དང་ཡི་གེ་ཡོད། དུས་རབས་བཅུ་བ་ནས་བཅུ་དྲུག་བར་ནི། བོད་ཀྱི་རིག་གནས་དར་རྒྱས་ཆེས་ཆེ་བའི་དུས་སྐབས་ཡིན་ཞིང་། ལོ་བརྒྱ་ཕྲག་གི་རིང་ལ་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཀྱི་གཟི་འོད་རབ་ཏུ་འབར་བ་དང་། འཛམ་གླིང་ན་སྐད་གྲགས་ཆེ་བའི《བཀའ་འགྱུར》དང《བསྟན་འགྱུར》གཙོ་བྱས་པའི་སངས་རྒྱས་ཆོས་གཞུང་གི་དཔེ་ཚོགས་རི་བོའི་གཏོས་དང་མཉམ་པ་སྔ་ཕྱིར་བྱུང་བ་དང་། དེ་མིན་སྡེབ་སྦྱོར་དང་རྩོམ་རིག མཚན་ཉིད་རིག་པ་དང་ལོ་རྒྱུས། ས་ཁམས། གནམ་དཔྱད་རིག་པ་། སྐར་རྩིས་དང་གསོ་བ་རིག་པ་སོགས་ཀྱི་གསུང་རྩོམ་ཡང་རབས་དང་རིམ་པ་བྱུང་བ་རེད།

རིགས་དབྱེ།  

སྤྱི་ཚོགས་བརྟག་དཔྱད།

སྤྱི་ཚོགས་ལས་ཁུངས་ནི་བརྟག་དཔྱད་ལས་ཁུངས་སམ་རྩ་འཛུགས་མཁན་དེ་གཞུང་ཕྱོགས་ཀྱི་སྤྱི་ཚོགས་ནུས་ཤུགས་མ་ཡིན་ཞིང་། སྤྱི་ཚོགས་ནུས་ཤུགས་ཀྱི་སློབ་སྒྲུབ་ཀྱི་དོན་སྤྱི་ལ་ཁྱབ་པ་དང་རིགས་མཚུངས། དེ་ཡང་དམངས་ཀྱི་འདོད་བློ་དང་དམངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཐུན་མོང་གི་ལས་དོན་བརྟག་དཔྱད་ཞིབ་འཇུག་ལས་ཁུངས། སྤྱི་ཚོགས་བརྟག་དཔྱད་ཀུང་སི། དམངས་ཁྲོད་བརྟག་དཔྱད་ཀུང་སི། ཚོང་ལས་བརྟག་དཔྱད་ཀུང་སི། ཚོང་དོན་བརྟག་དཔྱད་ཀུང་སི་སོགས་སྤྱི་ཚོགས་བརྟག་དཔྱད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་ཤིང་། དེའི་ཞབས་ཞུའི་རྣམ་གྲངས་གཙོ་བོ་ནི་སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་ཆ་འཕྲིན་བརྟག་དཔྱད་ཁོ་ན་ཙམ་ཡིན།

རིགས་དབྱེ།  

95ཅན་འཕྲལ་རྒོལ་རིང་མདའ།

95ཅན་འཕྲལ་རྒོལ་རིང་མདའ་ནི་ཀྲུང་གོའི་མཚོན་ཆ་དམག་ཆས་ཚོགས་ཁག་ཀུང་སིའི 208ཞིབ་འཇུག་སུའོ་ཡིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་འཕྲལ་རྒོལ་རིང་མདའ་ཡིན་ལ། ཇུས་འགོད་མཁན་གཙོ་བོ་ནི་ཀྲུང་གོའི་བཟོ་བཀོད་གླིང་གི་ཡོའན་ཧྲི་ཏུའོ་ཡིང་ཞན་ཡིན་ཞིང་། 95ཅན་མེ་མདའི་རྒྱུད་ཀྱི་ཆ་ཤས་སུ་གཏོགས། མེ་མདའ་འདི་ནི་མིག་སྔར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བཀོལ་བའི་འཕྲལ་རྒོལ་རིང་མདའི་གྲས་ཀྱི་གཅིག་ཡིན་ལ། དེ་ནི་ཀྲུང་གོའི་ཞིབ་འཇུག་དང་གསར་བཟོ་བྱས་པའི་མེ་མདའི་ཁའི་ཚངས་ཐིག་ཆུང་བའི་འཕལ་རྒོལ་རིང་མདའི་རིགས་ཀྱི་རིགས་གཉིས་པ་ཡིན་ཞིང་། བཅིངས་འགྲོལ་དམག་རིགས་དང་པོའི་ཁྱབ་རྒྱ་ཆེ་བའི་དྲག་པོའི་དམག་དཔུང་གི་མེ་མདའི་ཁའི་ཚངས་ཐིག་ཆུང་བའི་འཕྲལ་རྒོལ་རིང་མདའ་ཡིན།

རིགས་དབྱེ།  

AK-47འཕྲལ་རྒོལ་རིང་མདའ།

AK-47ནི་སུའུ་ལེན་གྱི་མེ་མདའི་ཇུས་འགོད་མཁན་པོ་སྨི་ཧ་དབྱི་ཨེར•ཅི་མོ་ཧྥེ་ཡེ་ཝེ་ཆི•ཁ་ལ་ཧྲི་ཉི་ཁོ་ཧྥུ(Михаил Тимофеевич Калашников)ས་ཇུས་འགོད་བྱས་པའི་རང་འགུལ་རིང་མདའ་ཞིག་ཡིན་ཞིང་། AK ནིАвтомат Калашникова (རང་འགུལ་རིང་མདའ་ཡི་ཐོག་མའི་གསལ་བྱེད་ཀྱི་བསྡུས་འབྲི)ཁ་ལ་ཧྲི་ཉི་ཁོ་ཧྥུས་སྤྱི་ལོ1947ལོར་གསར་བཟོ་བྱས་པའི་རང་འགུལ་རིང་མདའ་ཡིན་ལ། མེ་མདའ་འདི་ནི་སུའུ་ལེན་གྱི་རབས་དང་པོའི་འཕྲལ་རྒོལ་རིང་མདའ་ཡིན། AK-47ནི་འཕྲལ་རྒོལ་རིང་མདའི་ཁོངས་སུ་གཏོགས་ཤིང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་དུས་སྐབས་ཀྱི་རིང་མདའ་དང་བསྡུར་ན། དེ་ལས་ཆུང་ཞིང་ཐུང་བ་དང་མདའ་རྒྱང་ཡང་དེ་དང་བསྡུར་ན་ཅུང་ཐུང་བ་ཡིན་ལ། དེ་ནི་བར་ཐག་ཧ་ཅང་ཉེ་བའི་སྐབས་ཀྱི་འཐབ་འཁྲུག་གི་སྐབས་སུ་བཀོལ་བར་འཚམ།

རིགས་དབྱེ།  

ཀྲུང་ཅང་།

ཀྲུང་ཅང་ནི་རྒྱལ་ཁབ་ལ་ལའི་ཅང་རིམ་དམག་དཔོན་ཁྲོད་ཀྱི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན་ཞིང་། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཅང་གི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།

རིགས་དབྱེ།  

ཀྲུང་ཝེ།

ཀྲུང་ཝེ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཝེ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས་དང་པེ་དབྱང་སྲིད་གཞུང་གི་དུས་སྐབས། རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གིས་སྤྱི་ལོ1955ལོ་དང་སྤྱི་ལོ1988ལོར་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་པའི་ཁྲོད་ཀྲུང་ཝེ་ནི་ཝེ་རིམ་དམག་དཔོན་གྱི་རིམ་པ་གཉིས་པར་གསར་འཛུགས་བྱས་ཡོད་པ་ཡིན།

རིགས་དབྱེ།  

ཀྲུང་ཞའོ།

ཀྲུང་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་མིའི་གོ་རྟགས་ཀྱི་མ་ལག་ཁྲོད་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་ལ། སྤྱིར་བཏང་དུ་མདའ་དཔོན་གཞོན་པའམ་ཡང་ན་རུ་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།

རིགས་དབྱེ།  

ཁྲི་དཔོན།

ཁྲི་དཔོན་ནི་ཁྲི་ཤོག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་པ་ཡིན་ལ། དམག་མིའི་གོ་རྟགས་ནི་སྤྱིར་བཏང་དུ་ཧྲའོ་ཅང་ངམ་ཡང་ན་ཀྲུན་ཅང་ཡིན་ཞིང་། རྒྱལ་ཁབ་ལ་ལར་མཚོན་ན་དེ་དང་ཉེ་བའི་དམག་མིའི་གོ་རྟགས་རིམ་པས་འགན་ཁུར་བ་ཡིན་པ་དང་། དཔེར་ན་ཏ་ཞའོ་ཡིས་འགན་ཁུར་བ་ཡིན།

རིགས་དབྱེ།  

ཆུར་འཛུལ་དམག་གྲུ།

ཆུར་འཛུལ་དམག་གྲུ་ནི་ཆུ་འོག་ནས་འགུལ་སྐྱོད་དང་འཐབ་འཁྲུག་བྱེད་པའི་དམག་གྲུ་ཞིག་ཡིན་ལ་མཚོ་དམག་གི་དམག་གྲུའི་རིགས་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

ཉིང་རྡུལ་མཚོན་ཆ།

ཉིང་རྡུལ་མཚོན་ཆ་ནི་མ་རྡུལ་སྙིང་པོས་བྱས་པའི་གས་འགྱུར་དང་གས་འགྱུར་ནས་འདུས་འགྱུར་གྱི་འགྱུར་བར་བརྟེན་ནས་སྐད་ཅིག་དེ་ཉིད་དུ་བསྐྱེད་པའི་ནུས་པ་ཤིན་ཏུ་ཆེན་པོ་ལས་འགད་པའི་བྱེད་ནུས་ཐོན་པ་དང་། དེས་གསོད་རྨས་དང་གཏོར་བརླག་རྒྱ་ཆེན་པོ་བྱེད་པའི་ཕན་འབྲས་ལྡན་པའི་མཚོན་ཆ་ཞིག་ལ་ཟེར་བ་ཡིན།

རིགས་དབྱེ།  

ཏ་ཞའོ།

ཏ་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། ཏ་ཞའོ་དམག་མིའི་གོ་རྟགས་ནི་ཆེས་ཐོག་མར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་གསར་འཛུགས་བྱས་པ་ཡིན་ལ། ཧྲི་དཔོན་གཞོན་པའི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད་ཏ་ཞའོ་ནི་ཞའོ་རིམ་དམག་དཔོན་གྱི་ཆེས་མཐོའི་རིམ་པ་ཡིན།

རིགས་དབྱེ།  

ཐན་ཁེ།

ཐན་ཁེ་ནི་ཐད་འཕེན་གྱི་མེ་ཤུགས་ཆེན་པོ་དང་རི་ཐང་འགུལ་སྐྱོད་ཀྱི་བྱེད་ནས་ཆེ་བ། འགོག་སྲུང་གི་ནུས་སྟོབས་ཆེན་པོ་དང་ལྡན་པའི་ལྕགས་ཐག་ལེབ་མོ་ཅན་གྱི་ཁྲབ་ལྡན་དམག་འཁྲུག་གི་འཁོར་ལོ་ཞིག་ལ་ཟེར་བ་དང་། དེ་ནི་ས་སྟེང་འཐབ་འཛིང་གི་འཕྲལ་རྒོལ་མཚོན་ཆ་གཙོ་བོ་དང་ཁྲབ་དམག་གི་རྨང་གཞིའི་སྒྲིག་ཆས་ཡིན་པས། ས་བབ་དང་མཁའ་དབུགས་རྙོག་འཛིང་ཅན་གྱི་གནས་ཚུལ་འོག་ཀྱང་འཐབ་འཛིང་གི་ལས་འགན་མང་པོ་འཁུར་ཐུབ་པ་ཡིན།

རིགས་དབྱེ།  

དམག་མི་དཀྱུས་མ།

དམག་མི་དཀྱུས་མ་ནི་དམག་མིའི་གོ་རྟགས་ཤིག་ཡིན་ལ། རིམ་པ་དམག་མི་རིམ་པ་དང་པོ་ལས་དམའ་བ། སྤྱི་ལོ1722ལོར། ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཐོག་མར་དམག་མི་དཀྱུས་མའི་དམག་མིའི་གོ་རྟགས་གསར་འཛུགས་བྱས་པ་དང་། སྤྱི་ལོ1918ལོར། སུའུ་ལེན་གྱིས་དམག་མི་དཀྱུས་མ་དམར་དམག་འཐབ་མོ་བ་རུ་བསྒྱུར་ཞིང་། སྤྱི་ལོ1946ལོར། སུའུ་ལེན་གྱིས་ཡང་བསྐྱར་དམག་མི་དཀྱུས་མའི་དམག་མིའི་གོ་རྟགས་སླར་གསོ་བྱས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རང་དམག་གིས་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་ཤིང་། ཆ་སྙོམས་དུ་དམག་མིའི་གོ་རྟགས་འདི་གསར་འཛུགས་བྱས། མིག་སྔར། དམག་མི་གསར་བས་ཟླ་གསུམ་རིང་གི་དམག་སྦྱོང་བརྒྱུད་ཚར་ན། དམག་མི་དཀྱུས་མིའི་གོ་རྟགས་ཐོབ་པ་ཡིན་ལ། ལོ་གཅིག་གི་རྗེས་དམག་མི་རིམ་པ་དང་པོ་ལ་འཕར་འགྲོ་བ་ཡིན།

རིགས་དབྱེ།  

དམག་མི་རིམ་པ་དང་པོ།

དམག་མི་རིམ་པ་དང་པོ་ནི་དམག་དཔུང་ནང་གི་དམག་མིའི་གོ་རྟགས་ཤིག་ཡིན་ལ། རིམ་པ་དམག་མི་དཀྱུས་མ་ལས་མཐོ་བ། རང་རྒྱལ་དུ་དམག་མི་རིམ་པ་དང་པོས་དམག་སྐུལ་དང་ལེན་ལོ་གཅིག་བྱས་རྗེས་ཞ་ཧྲི་རུ་འཕར་ཆོག་ལ། སྔར་རྒྱུན་རང་འཇགས་སུ་ཡང་གནས་ཆོག

རིགས་དབྱེ།  

དམག་སྤྱི།

དམག་སྤྱི་ནི་ཁོངས་གཏོགས་དམག་དཔུང་གི་བཀོད་འདོམས་ཀྱི་འགན་ཁུར་བའི་དམག་དཔོན་ལ་གོ་ཞིང་། སྤྱིར་བཏང་དུ་ཁྲི་རིམ་ཡད་ཆད་ཀྱི་སྒྲིག་གཞི་ལ་ད་གཟོད་དམག་སྤྱི་རུ་འབོད་ལ། དཔེར་ན་དམག་ཁུལ་གྱི་དམག་སྤྱི་དང་ཤོག་སྒྲིག་དཔུང་ཚོགས་ཀྱི་དམག་སྤྱི། མཁའ་དམག་གི་དམག་སྤྱི། གཞན་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་དམག་སྤྱི་དང་ཡན་ལག་དམག་ཁུལ་ཁང་གི་དམག་སྤྱི་སོགས་ལྟ་བུ་ཡོད། དམག་སྤྱི་འགན་ཁུར་བའི་དམག་མིའི་གོ་རྟགས་ནི་དམག་དཔུང་གི་ཁྱབ་ཆེ་ཆུང་གིས་མི་འདྲ་བ་ཡིན་མོད། འོན་ཀྱང་ཆེས་དམའ་ནའང་ཧྲང་ཞའོ་ཡི་ཡན་ཡིན།

རིགས་དབྱེ།  

བཅུ་དཔོན།

བཅུ་དཔོན་ནི་དེང་རབས་དམག་དཔུང་ཁྲོད་ཆེས་གཞི་རིམ་རྩ་འཛུགས༼བཅུ་ཤོག༽གི་འགན་ཁུར་མི་སྣར་གོ་ལ། བཅུ་དཔོན་ནི་དམག་དཔོན་གྱི་ཁོངས་སུ་མི་གཏོགས་ཤིང་། ཧྲི་ཀོན་ནམ་ཡང་ན་ཕུལ་བྱུང་གི་འོས་འགན་དམག་མིས་འགན་འཁུར་བ་ཡིན། ལག་བསྟར་བྱ་བའི་འོས་འགན་དམག་སྐུལ་ལམ་ལུགས་དང་དང་བླངས་དམག་སྐུལ་ལམ་ལུགས་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་དམག་དཔུང་ཁྲོད། བཅུ་དཔོན་ནི་སྤྱིར་བཏང་དུ་དང་བླངས་དམག་མིས་འགན་འཁུར་བ་ཡིན་ཞིང་། ཕུལ་བྱུང་གི་འོས་འགན་དམག་མིས་བཅུ་དཔོན་གྱི་འགན་འཁུར་བ་ཡང་ཁ་ཤས་ཡོད། ཡོངས་སུ་ལག་བསྟར་བྱ་བའི་དང་བླངས་དམག་སྐུལ་ལམ་ལུགས་ཀྱི་དམག་དཔུང་ཁྲོད། བཅུ་དཔོན་ནི་དང་བླངས་དམག་མིའམ་ཧྲི་ཀོན་གྱིས་འགན་འཁུར་བ་ཡིན། བཅུ་ཤོག་གཅིག་ལ་ཧ་ལམ་མི་བརྒྱད་ནས་བཅུ་བར་ཡོད་ལ། སྤྱིར་བཏང་དུ་མི་བརྒྱད་ཡོད་པ་ཡིན།

རིགས་དབྱེ།  

བརྒྱ་དཔོན།

བརྒྱ་དཔོན་ནི་དམག་དཔུང་ཁྲོད་བརྒྱ་ཤོག་གི་ཆེས་མཐོའི་བཀོད་འདོམས་དམག་དཔོན་ཡིན་ཞིང་། སྤྱིར་བཏང་དུ་ཧྲང་ཝེའམ་ཡང་ན་ཀྲུང་ཝེ་ཡིས་འགན་འཁུར་བ་ཡིན། བརྒྱ་ཤོག་རེ་ལ་ལྡིང་ཤོག་གསུམ་ཡོད་ཅིང་། ལྡིང་ཤོག་རེ་ལ་བཅུ་ཤོག་གསུམ་རེ་ཡོད་ལ། བཅུ་ཤོག་རེ་ལ་ཧ་ལམ་མི་བཅུ་རེ་ཡོད་པ་དང་། དམག་མི་མ་བྱན་སོགས་ཁ་བསྣན་ན་བརྒྱ་ཤོག་རེ་ལ་ཧ་ལམ་མི་བརྒྱ་ཁ་ཤས་ཡོད་པ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁྲོད། བརྒྱ་དཔོན་ནི་བརྒྱ་ཤོག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡིན་ལ། ཆབ་སྲིད་ཐོག་ཆབ་སྲིད་ཁྲིད་སྟོན་པ(ཏང་ཀྲི་པུའུ་ཧྲུའུ་ཅི)ས་ལྟ་སྐུལ་བྱ་བ་ཡིན། བརྒྱ་དཔོན་དང་ཆབ་སྲིད་ཁྲིད་སྟོན་པ་གཉིས་ཀྱི་རིམ་པ་ནི་འདྲ་མཉམ་ཡིན་ཡང་། བྱ་བའི་ཐོག་གི་ལས་ཀ་མི་འདྲ་བ་ཡིན་ཞིང་། བརྒྱ་དཔོན་གྱིས་དམག་དོན་བྱ་བ་ལ་འགན་འཁུར་བ་དང་ཆབ་སྲིད་ཁྲིད་སྟོན་པས་ཆབ་སྲིད་བྱ་བ་ལ་འགན་འཁུར་བ་ཡིན། སྤྱིར་བཏང་དུ་བརྒྱ་དཔོན་ལ་འཕྲིན་སྐྱེལ་མི་སྣ་རེ་བཀོད་སྒྲིག་བྱ་བ་ཡིན།

རིགས་དབྱེ།  

བྱེ་ཐང་གི་གླག་རྒོད།

བྱེ་ཐང་གི་གླག་རྒོད་ནི་སྤྱི་ལོ1980ལོརMRIཡིས་ཡོངས་བསྒྲགས་བྱས་པ་ཡིན་ཞིང་། མ་དཔེ་མདའ་ནི་སྤྱི་ལོ1981ལོར་ལེགས་འགྲུབ་བྱུང་བ་དང་། དབྱི་སི་རལ་དམག་དོན་བཟོ་ལས་ཀུང་སི(IMI)ནས་ཆེས་མཇུག་མཐའི་བཟོ་དབྱིབས་གཏན་ཁེལ་བྱས་པ་ཡིན། མེ་མདའ་རྒྱག་པའི་ཚོད་ལྟ་བགྲང་ལས་འདས་པ་ཤིག་བརྒྱུད་མཐར་ཆེས་ཐོག་མའི་བྱེད་ནུས་ཁ་ཚང་ལྡན་པའི་མེ་མདའི་ཁའི་ཚངས་ཐིག0.357ཅན་གྱི་བྱེ་ཐང་གི་གླག་རྒོད་ཀུན་གྱི་མིག་མདུན་ཏུ་མངོན་ཞིང་། མེ་མདའ་འདི་ཐོན་པ་ནས་བཟུང་། མེ་མདའི་ཁའི་ཚངས་ཐིག0.357ཅན་གྱི་བྱེ་ཐང་གི་གླག་རྒོད་ནི་རིག་རྫས་བསྡུ་ཉར་བྱེད་མཁན་དང་མེ་མདའ་ལ་དགའ་ཞེན་ཡོད་མཁན་ཚོས་སྨྱོ་ཧམ་ངང་རག་ཐབས་བྱ་སའི་དམིགས་ཡུལ་ཏུ་གྱུར། སྤྱི་ལོ1986ལོའི་ལོ་གཅིག་གི་ནང་དབྱི་སི་རལ་དམག་དོན་བཟོ་ལས་ཀུང་སིས་ཐུན་མོང་མ་ཡིན་པའི་མེ་མདའི་ཁའི་ཚངས་ཐིག0.357ཅན་གྱི་བྱེ་ཐང་གི་གླག་རྒོད་གཅེས་ཉར་པར་སྟོང་གཅིག་ཐོན་སྐྱེད་བྱས་ལ། དེའི་ནང་གསེར་པར་བརྒྱ་དང་དངུལ་པར་བཞི་བརྒྱ། ཟངས་པར་ལྔ་བརྒྱ་བཅས་འདུ་ཤིང་། གཅེས་ཉར་པར་གྱི་མེ་མདའི་ཁའི་ཚངས་ཐིག0.357ཅན་གྱི་བྱེ་ཐང་གི་གླག་རྒོད་རེ་རེ་ཁམ་ཤིང་གི་སྒམ་རེ་རེའི་ནང་དུ་ཐུམ་སྒྲིལ་བྱས་ཡོད།

རིགས་དབྱེ།  

མཁའ་དམག

མཁའ་དམག་ནི་དེང་རབས་ཅན་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་ཁྲོད་དབུ་བརྙེས་པའི་དུས་ཚོད་ཆེས་འཕྱིས་པ་སྟེ། རྒྱལ་ཁབ་མང་ཤོས་ཤིག་ལ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་རྫོགས་རྗེས་ད་གཟོད་རང་རྐྱ་འཕེར་བའི་མཁའ་དམག་མངོན་པ་ཡིན། མཁའ་དམག་ནི་མཁའ་དབྱིངས་ནས་དམག་འཐབ་བྱ་བའི་དཔུང་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་མང་ཤོས་ཀྱི་མཁའ་དམག་ནི་མཁའ་སྐྱོད་དམག་དཔུང་དང་ས་ཐོག་འཕུར་མདའ་དམག མཁའ་འཕེན་མེ་སྒྱོགས་དམག་སོགས་དཔུང་རིགས་ཀྱིས་གྲུབ་པ་ཡིན་ལ། མཁའ་དམག་གི་དམག་ཆས་གནམ་གྲུ་ལ་རྒྱུན་པར་རྒོལ་འཇོམས་གནམ་གྲུ་དང་མདེལ་དབྱུག་གནམ་གྲུ། རྒོལ་འཇོམས་མདེལ་དབྱུག་གནམ་གྲུ་སོགས་ཡོད། གཞི་རྩའི་ལས་འགན་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་མཁའ་ཟོན་དང་སྐམ་དམག་ལ་རོགས་སྐྱོར། མཁའ་དམག་དམག་འཐབ། དགྲ་བོའི་རྗེས་ལ་མཁའ་རྒོལ་བྱ་བ། མཁའ་ཐོག་སྐྱེལ་འདྲེན། མཁའ་སྐྱོད་མྱུལ་ཞིབ་བཅས་ཡིན།

རིགས་དབྱེ།  

མཚོ་དམག

མཚོ་དམག་ནི་རྒྱལ་ཁབ་ཅིག་གི་མཚོ་ཐོག་དམག་དོན་དང་འགོག་སྲུང་གི་དམག་དོན་རྩ་འཛུགས་ཡོངས་ལ་གོ་ཞིང་། དེའི་ཁོངས་སུ་གྲུ་དང་མི་སྣ། མཚོ་དམག་གི་ལས་ཁུངས་བཅས་འདུ་བ་ཡིན། མཚོ་འཐབ་ཀྱི་དམག་དཔུང་ནི་རྒྱུན་པར་དམག་གྲུའི་དམག་དཔུང་དང་ཆུར་འཛུལ་དམག་གྲུའི་དམག་དཔུང་། མཁའ་སྐྱོད་དམག་དཔུང་། མཚོ་དམག་སྐམ་འཐབ་རུ་ཁག གཞན་ཆེད་ལས་དམག་དཔུང་བཅས་ཀྱིས་གྲུབ་པ་ཡིན།

རིགས་དབྱེ།  

མདའ་དཔོན།

མདའ་དཔོན་ནི་དམག་དཔུང་ཁྲོད་མདའ་རིམ་སྡེ་ཚན་གྱི་ཆེས་མཐོའི་བཀོད་འདོམས་དམག་དཔོན་ཡིན་ལ། སྤྱིར་བཏང་དུ་ཧྲང་ཞའོ་འམ་ཡང་ན་ཀྲུང་ཞའོ་ཡིས་འགན་ཁུར་བ་ཡིན་ཞིང་། མདའ་ཤོག་རེ་ལ་ཧ་ལམ་མི་སྟོང་གཅིག་ལྷག་ཡོད་པ་དང་། ཤུགས་ཆེ་རུ་བཏང་བའི་མདའ་ཤོག་ལ་མི་སྟོང་གསུམ་ལ་སླེབས་པ་ཡིན། མདའ་དཔོན་གྱི་གོང་རིམ་ནི་སྟོང་དཔོན་དང་འོག་རིམ་ནི་སྒར་དཔོན་ཡིན། བཅིངས་འགྲོལ་དམག་གི་ཁྲོད། མདའ་དཔོན་དང་རིམ་པ་མཉམ་པ་ནི་མདའ་ཤོག་གི་སྲིད་ཨུ་ཡིན་ཞིང་། སྲིད་ཨུ་ལ་བཀའ་ཕབ་པའི་དབང་ཆ་ཡོད། མདའ་རིམ་དམག་དཔུང་ལ་མདའ་ཤོག་གི་ཏང་ཨུ་ཡོད་ལ། ཏང་ཅུ་ཧྲུའུ་ཅི་ནི་སྲིད་ཨུ་ཡིན་ཞིང་། མདའ་དཔོན་ནི་ཧྲུའུ་ཅི་གཞོན་པ་ཡིན། མི་སྣ་བསྐོ་འཐེན་གྱི་ཕྱོགས་ནས་སྲིད་ཨུ་ཡིས་གཙོ་ཁྲིད་ཀྱི་གོ་གནས་འཛིན་པ་དང་། མདའ་དཔོན་གྱིས་དམག་དོན་བྱ་བའི་ཐད་ལ་འགན་ཁུར་བ་ཡིན།

རིགས་དབྱེ།  

ཀྲུང་ཧྲི།

ཀྲུང་ཧྲི་ནི་ཅུན་ཧྲི་དམག་མིའི་གོ་རྟགས་ཁྲོད་ཀྱི་རིམ་པའི་འབོད་སྟངས་ཤིག་ཡིན་པ་དང་། ཆེས་ཐོག་མར་ཧྥ་རན་སེའི་དམག་དཔུང་ཁྲོད་གསར་འཛུགས་བྱས་ཤིང་། རྗེས་སུ་འཇར་མན་དང་དབྱིན་ཇིའི་དམག་དཔུང་ཁྲོད་བྱུང་བ་ཡིན། ཀྲུང་ཧྲིའི་དམག་མིའི་གོ་རྟགས་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་ཁྲོད་ཡོངས་ཁྱབ་ངང་གསར་འཛུགས་བྱས་ཡོད་ལ། རྒྱལ་ཁབ་ལ་ལས་ཀྲུང་ཧྲི་དེ་ཡང་རིམ་པ་འགའ་རུ་བཀར་ཡོད་ལ། དཔེར་ན་ཕ་ར་ཀུའེ་རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་ཀྲུང་ཧྲི་དང་རིམ་པ་གཉིས་པའི་ཀྲུང་ཧྲི་བཅས་རིགས་གཉིས་སུ་བཀར་ཡོད་པ་དང་། ཨོ་སི་ཁྲུ་རི་ཡས་ཀྲུང་ཧྲི་ནི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་བཀར་ཡོད། ཀྲུང་གོའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས། པེ་དབྱང་སྲིད་གཞུང་གི་དུས་སྐབས། རྒྱལ་དམངས་སྲིད་གཞུང་གི་དུས་སྐབས་ཚང་མས་ཀྲུང་ཧྲིའི་དམག་མིའི་གོ་རྟགས་གསར་འཛུགས་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ལམ་ལུགས་མ་ལག་ཁྲོད་ཀྱི་ཀྲུང་ཧྲིའི་དམག་མིའི་གོ་རྟགས་ཏེ་གསར་འཛུགས་དང་མི་དགོས་པར་བཟོ་བ། ཡང་བསྐྱར་བཙུགས་པ་སོགས་རིམ་པ་གང་མང་ཞིག་བརྒྱུད་པ་ཡིན།

རིགས་དབྱེ།  

དྲ་རྒྱའི་སྨྱན་སྦྱོར།

དྲ་རྒྱའི་སྨྱན་སྦྱོར་ནི་སྲོལ་རྒྱུན་གྱི་སྒྲ་ཟློས་དང་བརྙན་ཟློས་སྒྲིག་འགོད་བཀོལ་སྤྱོད་ཀྱི་བྱ་ཐབས་དང་མི་འདྲ་བ་ཞིག་མིན་པར། IT སྒྲིག་ཆས་གསར་སྤེལ་ཚོང་བ་དག་གིས་འདོན་སྤྲོད་བྱས་པའི་ལག་རྩལ་དང་སྒྲིག་ཆས་སྤྱད་ནས་བརྒྱུད་གཏོང་བྱེད་ཀྱི་ཡོད་ལ། དེས་གསོག་འཇོག་དང་སྒྲ་ཟློས། བརྙན་ཟློས་ཀྱི་བརྡ་རྟགས་ཐག་གཅོད་བྱེད་ཀྱི་ཡོད། ཆེས་རྒྱུགས་ཆེ་བའི་སྲོལ་རྒྱུན་གྱི SDI (ཕྲེང་སྦྲེལ་གྲངས) བརྒྱུད་གཏོང་བྱ་ཐབས་ཀྱི་ཆད་སྐྱོན་དངོས་དེ་དྲ་རྒྱའི་བརྗེ་རེས་ཀྱི་ཁྱད་གཤིས་ཡིན། དེའི་ཕྱོགས་ཀྱི་བྱ་བར་ཤུགས་སྣོན་གྱིས་ཧུར་བརྩོན་བྱས་ན། ད་གཟོད SDI བེད་སྤྱོད་བྱས་ཏེ་རིགས་མཚུངས་ཀྱི་ཐའེ་དྲ་དང IP ཡིས་འདོན་སྤྲོད་བྱས་པའི་དྲ་ལམ་གྱི་ནུས་པ་གསར་འཛུགས་བྱས་ཆོག དེ་བས་དྲ་ཐོག་བརྙན་ཟློས་ལས་རིགས་ཁྲོད་ཀྱི་དྲ་རྒྱའི་སྨྱན་སྦྱོར་གྱི་ལག་རྩལ་ནི་དེ་བསྟུན་གྱིས་བྱུང་ཞིང་འཕེལ་བ་ཡིན། གཞི་རྩའི་གནས་ཚུལ།

རིགས་དབྱེ།  

བརྒྱུད་གཏོང་སྨྱན་ཆས།

བརྒྱུད་གཏོང་སྨྱན་ཆས(Transmission Medium) ལ་བརྒྱུད་གཏོང་ཟམ་ཐིག་དང་ཡང་ན་བརྒྱུད་གཏོང་སྨྱན་དངོས་ཞེས་ཀྱང་བརྗོད་ལ། དེ་ནི་གཞི་གྲངས་བརྒྱུད་གཏོང་མ་ལག་གི་སྐུར་ཆས་དང་བསྡུ་ལེན་འཕྲུལ་ཆས་བར་གྱི་དངོས་ལུགས་ལམ་ཐིག་ཡིན་པ་དང་། དེ་ལ་ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་དང་ཕྱོགས་འདྲེན་མ་ཡིན་པའི་བརྒྱུད་གཏོང་སྟེ་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ཀྱི་ནང་དུ། གློག་རྡུལ་རླབས་རྒྱུན་གྱིས་ཕྱོགས་འདྲེན་དེ་སྲ་གཟུགས་ཀྱི་སྨྱན་ཆས(ཟངས་སྐུད་དང་འོད་སྐུད)བརྒྱུད་ནས་བརྒྱུད་སྒྲོག་བྱེད་ཀྱི་ཡོད་ལ། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ནི་རང་དབང་གི་བར་གསེང་ལ་བརྗོད་ཀྱི་ཡོད་པ་དང་། ཕྱོགས་འདྲེན་བརྒྱུད་གཏོང་མ་ཡིན་པའི་སྨྱན་ཆས་ཀྱི་ཁྲོད་དུ་གློག་རྡུལ་གྱི་བརྒྱུད་གཏོང་ལ་རྒྱུན་པར་སྐུད་མེད་བརྒྱུད་གཏོང་ཀྱང་ཟེར་གྱི་ཡོད།

རིགས་དབྱེ།  

ཚོར་བའི་སྨྱན་སྦྱོར།

ཚོར་བའི་སྨྱན་སྦྱོར་ནི་ཐད་ཀར་མིའི་ཚོར་བའི་དབང་བོ་བརྒྱུད་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན་ལ། དེར་མིའི་རིགས་ཀྱི་སྐད་ཆ་དང་ཡི་གེ རོལ་དབྱངས། རང་བྱུང་ཁམས་ཀྱི་སྐད་སྒྲ། འགུལ་མེད་ཀྱི་པར་རིས་དང་གྲིབ་བརྙན། འགུལ་རིས་སོགས་ཀྱི་བརྡ་འཕྲིན་ལ་ཟེར་གྱི་ཡོད།

རིགས་དབྱེ།  

སྨྱན་ཆས།

སྨྱན་ཆས་ལ་རྒྱ་སྐད་ཀྱིས“媒体”ཞེས་འབོད་པ་དང་། མིང་བརྡ་འདི་ནི་ལཱ་ཏིང་སྐད་ཀྱི“Medius”ཞེས་པ་ལས་བྱུང་བ་ཡིན་ཞིང་། སྨྱན་ཆས་ནི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་པའི་ཟམ་ཐིག་ལྟ་བུ་ཡིན་ཏེ། དེ་ནི་མི་རྣམས་ཀྱིས་བརྡ་འཕྲིན་བརྒྱུད་སྤྲོད་དང་བསྡུ་ལེན་བྱེད་པར་ཡོ་ཆས་གང་རུང་དང་། བརྒྱུད་ལམ། སྐྱེལ་བྱེད་དངོས་པོ། མཚམས་སྦྱོར་བྱེད་ཀྱི་དངོས་པོའམ་ཡང་ན་ཐབས་རྩལ་གྱི་བྱེད་ཐབས་བེད་སྤྱོད་པར་ཟེར་བ་ཡིན་ལ། ཡང་ན་སྨྱན་ཆས་ནི་བརྡ་འཕྲིན་དེ་བརྡ་འཕྲིན་སྤྲོད་ཡུལ་ནས་བརྡ་འཕྲིན་འཕྲོད་ཡུལ་ལ་འབྱོར་བར་བྱ་བའི་ཐབས་ལམ་དེ་ཡིན་ཞེས་ཀྱང་བརྗོད་ཆོག སྨྱན་ཆས་ལ་ནང་དོན་གཉིས་ལྡན་ཞིང་། དང་པོ་ནི་བརྡ་འཕྲིན་སྐྱེལ་བྱེད་ཀྱི་དངོས་གཟུགས་ཡིན་པ་དང་། གཉིས་པ་ནི་བརྡ་འཕྲིན་གསོག་ཉར་དང་། གསལ་སྟོན། བཀོད་བསྒྲིག བརྒྱུད་སྤྲོད་བྱེད་པའི་དངོས་གཟུགས་ཡིན།

རིགས་དབྱེ།  

མཚོན་ཆ་གྲང་མོ།

མཚོན་ཆ་གྲང་མོ་ནི་མིས་རྐང་ལག་དབྱུག་པར་བརྟེན་ནས་གྲི་སོགས་ཀྱི་རྩེ་མོ་དང་དངོ་། ལྗིད་ཚད་བཅས་ཀྱི་སྒུལ་ཤུགས་དང་འགུལ་ནུས་ཀྱིས་བསྐྱེད་ཅིང་ཐད་ཀར་ཕ་རོལ་པོའི་མི་རྟ་གསོད་རྨས་བྱེད་པའི་ཕན་ཚུན་འཛིང་རེས་ཀྱི་མཚོན་ཆ་ལ་ཟེར་གྱི་ཡོད་པ་རེད། མདའ་གྲི་མདུང་སྟ་ལྕགས་ཀྱུ་སོགས་མཚོན་ཆ་བཅོ་བརྒྱད་དེ་མཚོན་ཆ་གྲང་མོའི་རིགས་སུ་གཏོགས་པ་ཡིན།

རིགས་དབྱེ།  

ཞ་ཧྲི།

ཞ་ཧྲི་ནི་དམག་མིའི་གོ་རྟགས་ཤིག་གི་མིང་ཡིན་ཞིང་། ཧྲི་ཀོན་གྱི་རིམ་པ་དང་པོ་ཡིན་ལ། རིམ་པ་ཀྲུང་ཧྲི་ལས་དམའ།

རིགས་དབྱེ།  

འབུམ་དཔོན།

འབུམ་དཔོན་ནི་དམག་དཔུང་ཁྲོད་དམག་དཔུང་ཞིག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་ཀྱི་གཙོ་འཛིན་ཡིན་ལ། འབུམ་དཔོན་གྱི་གོང་རིམ་ནི་དམག་སྤྱི་དང་འོག་རིམ་ནི་ཁྲི་དཔོན་ནམ་ཡང་ན་སྟོང་དཔོན་ཡིན། ཆབ་སྲིད་ཨུ་ཡོན་གསར་འཛུགས་བྱས་ཡོད་པའི་དམག་དཔུང་ཁྲོད། འབུམ་དཔོན་དང་འབུམ་ཤོག་གི་ཆབ་སྲིད་ཨུ་ཡོན་གཉིས་ནི་འབུམ་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་། མཉམ་གྱིས་འབུམ་ཤོག་ཡོངས་ཀྱི་བྱ་བ་ལ་འགན་ཁུར་བ་ཡིན་ལ། འབུམ་དཔོན་ནི་འབུམ་ཤོག་ཡོངས་ཀྱི་དམག་དོན་བྱ་བ་ལ་འགན་གཙོ་བོ་འཁུར་མཁན་ཡིན།

རིགས་དབྱེ།