ཡོངས་འཛིན་རིག་མཛོད། >ས་ཁམས། >ས་རྒྱུས། >ས་རྒྱུས།

ཡོམ་མཚུངས་ཐིག

ས་འགུལ་ཐེངས་གཅིག་ཁྲོད་ས་གཡོའི་དྲག་ཚད་འདྲ་མཚུངས་ས་གནས་ཁག་ལ་སྦྲེལ་བའི་ཐིག་དང་། ཡང་ན་ས་གཡོའི་དྲག་ཚད་ཁུལ་མི་འདྲ་བའི་འབྲེལ་མཚམས་ཐིག་སྟེ། ས་ཡོམ་ཐིག་ལ་དུས་རྒྱུན་དུ་ཁ་ཟུམ་འཁྱོག་ཐིག་ཟེར་ལ། དེ་ནི་ཡོམ་ལྟེ་བསྐོར་ནས་ལྟེ་བའི་མཚུངས་ཐིག་ཟླུམ་དབྱིབས་ལྟར་མངོན་ནས་ཁྱབ་པ་ཡིན།

རིགས་དབྱེ།  

ས་འགུལ་རྒྱུན་ཤེས།

ས་འགུལ་རྒྱུན་ཤེས་ནི་སའི་གོ་ལའི་ནང་གི་འགྱུར་ལྡོག་གི་དབང་གིས་བྱུང་བའི་ས་ཤུན་གྱི་གཡོ་འགུལ་ཏེ། ས་གཡོ་བའི་སྐབས་སུ་རང་ཉིད་དམ་མི་གཞན་ཇི་ལྟར་ཉེན་ཁ་ལས་སྐྱོབ་པའི་མན་ངག་ཅིག་གོ།

རིགས་དབྱེ།  

གཞུང་ཐིག

གཞུང་ཐིག་གམ་བྱི་རྟའི་གཞུང་ཐིག་ནི་​སའི་གོ་ལ་ཡི་ལྷོ་སྣེ་དང་བྱང་སྣེ་མཉམ་དུ་སྦྲེལ་ཞིང་འཕྲེད་ཐིག་དང་དྲང་འཕྱང་དུ་གནས་པའི་ཐིག་ཅིག་ཡིན།

རིགས་དབྱེ།  

རང་རྒྱལ་གྱི་རང་བྱུང་ཁུལ་ཆེན་པོ་གསུམ།

རང་རྒྱལ་གྱི་རང་བྱུང་ཁམས་ཆེན་པོ་གསུམ་ནི་ཤར་ཕྱོགས་དུས་རླུང་ཁུལ་དང་ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ། མདོ་དབུས་མཐོ་ལྷགས་ཁུལ་བཅས་ཡིན།

རིགས་དབྱེ།  

ཤར་ཕྱོགས་དུས་རླུང་ཁུལ།

ཤར་ཕྱོགས་དུས་རླུང་ཁུལ་གྱི་རྒྱབ་ཏུ་སྐམ་སའི་མཐོ་སྒང་ཡོད་ལ་མདུན་དུ་རྒྱ་མཚོ་ཆེན་པོ་ཡོད། དེར་ཐེམ་སྐས་རིམ་པ་གཉིས་པའི་ས་སེར་མཐོ་སྒང་དང་། སི་ཁྲོན་གཤོང་ས། ཡུན་ཀའེ་མཞོ་སྒང་བཅས་དང་། ཐེམ་སྐས་རིམ་པ་གསུམ་པའི་མཚོ་རྒྱུད་བདེ་ཐང་དང་རི་མ་ཐང་བཅས་འདུས་ཡོད། དེས་རྒྱལ་ཡོངས་ཀྱི་སྐམ་སའི་བརྒྱ་ཆའི45ཟིན་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི95(སྤྱི་ལོ2004)ཟིན།

རིགས་དབྱེ།  

ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།

ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ་ནི་གཙོ་བོ་སྐས་རིམ་གཉིས་པའི་སྟེང་གི་ནང་སོག་མཐོ་སྒང་དང་། ཐ་ལེ་མུའུ་གཤོང་ས། ཇུན་གར་གཤོང་ས་ལ་སོགས་པའི་ས་དབྱིབས་འདུས་ཤིང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི30ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི4ཙམ་མ་གཏོགས་ཟིན་མེད།

རིགས་དབྱེ།  

མདོ་དབུས་མཐོ་ལྷགས་ཁུལ།

མདོ་དབུས་མཐོ་ལྷགས་ཁུལ་ནི་རང་རྒྱལ་གྱི་ས་བབ་སྐས་རིམ་དང་པོར་གཏོགས་ཤིང་། དེས་རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི25ཟིན་ན་ཡང་། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི1ཙམ་ལས་ཟིན་མེད།

རིགས་དབྱེ།  

རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ།

རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ་ནི་ཕལ་ཆེར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་དཔལ་འབྱོར་ས་ཁུལ་གསུམ་དུ་དབྱེ་ཆོག

རིགས་དབྱེ།  

ཤར་རྒྱུད་ས་ཁུལ།

ཤར་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་མཚོ་རྒྱུད་དུ་ཆགས་ཡོད་ལ། རང་རྒྱལ་གྱི་ས་རྒྱུད་ཆེན་པོ་གསུམ་ལས་རྨ་གཞིའི་སྒྲིག་ཆས་ལེགས་ཤིང་། གྲོང་ཁྱེར་ཅན་དུ་འགྱུར་བའི་ཆུ་ཚད་དང་ཚན་རྩལ་གྱི་ཆུ་ཚད་ཆེས་མཐོ་བའི་ས་རྒྱུད་ཅིག་ཡིན།

རིགས་དབྱེ།  

དབུས་རྒྱུད་ས་ཁུལ།

དབུས་རྒྱུད་ས་ཁུལ་ནི་ཀྲུང་གོའི་དཀྱིལ་དབུས་སུ་གནས་ཡོད་ཅིང་། ཤར་རྒྱུད་ཀྱི་དཔལ་འབྱོར་མུ་མཐུད་དུ་གོང་འཕེལ་དུ་འགྲོ་དགོས་ན་ངེས་པར་དུ་དབུས་རྒྱུད་ཀྱི་མ་བཅོས་རྒྱུ་ཆར་བརྟེན་དགོས་ཤིང་། དབུས་རྒྱུད་ལ་ཤར་རྒྱུད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་ཆེན་པོ་ལྡན།

རིགས་དབྱེ།  

ནུབ་རྒྱུད་ས་ཁུལ།

ནུབ་རྒྱུད་ས་ཁུལ་ནི་སྐམ་སའི་མཐའ་ཁུལ་དུ་གནས་ཤིང་། མང་ཤས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཡིན། ཞིང་ཆེན་མང་ཤོས་མཐའ་མཚམས་སུ་གནས་པ་དང་། རང་རྒྱལ་གྱི་བརྒྱ་ཆའི70ཡི་མཐའ་མཚམས་ཐིག་དེ་རུ་ཡོད།

རིགས་དབྱེ།  

ཚོར་འདྲེན་འཕྲུལ་ཆས།

ཚོར་འདྲེན་འཕྲུལ་ཆས་ནི་མིའི་མིག་ཤེས་ཀྱི་ཚོར་བ་ཇེ་གསལ་དུ་གཏོང་བའི་དཔྱད་ཆས་ཤིག་ཡིན་པ་དང་། མཁའ་འགྲུལ་ཡོ་བྱད་དམ་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་སྟེང་དུ་དེས་ས་ཐོག་གི་དངོས་གཟུགས་ལས་ལྡོག་འཕྲོའམ་ཁྱབ་འགྱེད་བྱས་པའི་གློག་ཁབ་ལེན་རླབས་ཀྱི་བརྡ་འཕྲིན་བསྡུ་ལེན་བྱེད་པ་མ་ཟད། འདྲ་པར་སྦྱིན་ཤོག་གམ་ཡང་ན་གཞི་འཛིན་གྲངས་ཀྱི་སྒྲ་ཕབ་སྦྱིན་ཤོག་སྟེང་དུ་ཟིན་ཐོ་བཀོད་དེ། ས་ཐོག་གི་སྡུད་ལེན་ས་ཚིགས་སུ་གཏོང་བ་ཡིན།

རིགས་དབྱེ།  

ས་རྒྱུས་བརྡ་འཕྲིན་མ་ལག

ས་རྒྱུས་བར་སྟོང་གི་གཞི་འཛིན་གྲངས་ཁོ་ན་ལེགས་སྒྲིག་བྱེད་པའི་རྩིས་འཁོར་མ་ལག་ལ་ས་རྒྱུས་བརྡ་འཕྲིན་མ་ལག་ཟེར་བ་དང་། བསྡུས་མིང་ལGISཟེར།

རིགས་དབྱེ།  

གོ་ལ་ཧྲིལ་བོའི་གནས་ཁེལ་མ་ལག

འཁོར་སྐར་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་དུས་འོས་འཚམ་ཞིག་ཏུ་ཕྱོགས་སྟོན་དང་གནས་གཏན་ཁེལ་བྱེད་པའི་མ་ལག་ལ་གོ་ལ་ཧྲིལ་བོའི་གནས་གཏན་ཁེལ་མ་ལག་ཟེར་བ་དང་། དེའི་བསྡུས་མིང་ལGPSཟེར།

རིགས་དབྱེ།  

བྱང་ཤར་ཁུལ།

བྱང་ཤར་ཁུལ་དུ་ཧེ་ལུང་ཅང་དང་ཅི་ལིན། ལིའོ་ཉིང་བཅས་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་བཅས་འདུས་ལ། རང་བྱུང་ས་ཁོངས་ཀྱི་ཁག་ཆ་ཚང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ། ནང་ཁུལ་གྱི་དཔལ་འབྱོར་འབྲེལ་བ་དམ་པོ་ཡིན་པའི་ས་ཁུལ་ཞིག་ཡིན།

རིགས་དབྱེ།  

དབུས་ཕྱོགས་བདེ་ཐང་།

དབུས་ཕྱོགས་བདེ་ཐང་ནི་རྨ་ཆུའི་སྨད་རྒྱུད་དུ་ཡོད་ཅིང་། རྨ་ཆུ་དང་ཧའེ་ཧོ་ཆུ་བོ། ཧོའེ་ཧོ་ཆུ་བོ་སོགས་བྱེ་མ་འདུས་ཚད་མཐོ་བའི་ཆུ་བོས་མཉམ་དུ་རྡེག་སྤུངས་བྱས་ནས་ཆགས་པས་རྨ་ཧོའེ་ཧའེ་གསུམ་བདེ་ཐང་ཡང་ཟེར།

རིགས་དབྱེ།  

བྱང་ཤར་ས་ནག་ཁུལ།

ས་ནག་ནི་བྱང་ཤར་ས་ཁུལ་གྱི་ཐོན་སྐྱེན་ནུས་ཤུགས་ཅུང་ཆེ་བའི་ས་རྒྱུ་རིགས་ཤིག་ཡིན་མོད། འོན་ཀྱང་བྱང་ཤར་གྱི་སའི་ཐོན་ཁུངས་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། གནད་དོན་མི་འདྲ་བ་ཡོད་པ་ཡིན།

རིགས་དབྱེ།  

བྱང་ཤར་ན་ཐང་ཁུལ།

ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་པའི་གཙང་བོ་གསུམ་གྱི་བདེ་ཐང་ནི་ཧེ་ལུང་ཅང་གཙང་བོ་དང་སུང་ཧྭ་གཙང་བོ། ཝུ་སུའུ་ལི་གཙང་བོ་བཅས་ཀྱིས་རྡེག་སྤུངས་བྱས་ཏེ་གྲུབ་པའི་བདེ་ཐང་དམའ་མོ་ཞིག་ཡིན་ཞིང་། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་ན་ཐང་ས་ཁུལ་ཡིན།

རིགས་དབྱེ།  

ཚོང་འབྲུའི་རྟེན་གཞི།

བྱང་ཤར་ས་ཁུལ་ནི་རྒྱལ་ཡོངས་ཀྱི་ཅུང་བརྟན་འཇགས་ཡིན་པའི་ཚོང་འབྲུའི་རྟེན་གཞི་ཡིན་ལ། ལོ་རེར་རྒྱལ་ཁབ་ལ་ཚོང་འབྲུ་ཏུན་ཁྲི་ཚོ་མང་པོ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། རང་རྒྱལ་གྱི་ཚོང་འབྲུའི་རྟེན་གཞི་ཆེས་ཆེ་བ་ཡིན།

རིགས་དབྱེ།  

ཧུང་ཧུའུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧུང་ཧུའུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་། འབྲི་ཆུའི་བར་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཡོད་པ་དང་། སྲིད་འཛིན་ས་ཁོངས་ནི་ཅིང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁུལ་ནི་ཧུང་ཧུའུ་གྲོང་ཁྱེར་དང་ལྟ་སྐུལ་རྫོང་ལས་བརྒལ་ཡོད་ལ། ཤར་གྱི་གཞུང་ཐིག113°12-113°26ཡིན་པ་དང་། བྱང་གི་འཕྲེད་ཐིག29°-29°58སྲུང་སྐྱོབ་ས་ཁུལ་དེ་ཆུ་ལོག་དང་མཚེའུ་ཡི་ཆུ་རགས་ས་མཚམས་སུ་བྱས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང41412ཟིན་པའི་ནང་ལྟེ་བའི་ཁུལ་ལ་སྤྱི་ཆིང12851དང་། བར་ཆོད་ཁུལ་ལ་སྤྱི་ཆིང4336 ཚོད་ལྟ་ཁུལ་ལ་སྤྱི་ཆིང24225 མཐའ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ104.5བཅས་ཡོད། ཧུང་ཧུའུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཧུང་ཧུའུ་གཙོར་བྱས་པའི་འདམ་རའི་སྐྱེ་ཁམས་མ་ལག་རིགས་ཀྱི་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་པ་དང་། སྤྱི་ལོ1996ལོར་བསྐྲུན་པ་དང་སྤྱི་ལོ2000ལོར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རིམ་སྤོར་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། སྤྱི་ལོ2008ལོར《རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང》ནང་བཅུག་པ་དང་སྤྱི་ལོ2014ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་དངོས་སུ་རིམ་སྤོར་བྱས།

རིགས་དབྱེ།  

ཧྲེན་ནུང་ཅ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧྲེན་ནུང་ཅ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཧྲེན་ནུང་ཅ་ནགས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད། ས་ཁམས་གནས་ཡུལ་ནི་གཞུང་ཐིག་ཤར་མ110°03′05″~110°33′50″དང་། འཕྲེད་ཐིག་བྱང་མ31°21′20″~31°36′20″ཡིན། ཧུའུ་པེ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་འབྲེལ་མཚམས་ཀྱི་འབྲི་ཆུ་དང་ཧན་ཧྲུའེ་བར་དུ་གནས་ཡོད། ལྗོངས་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི105.28ཡོད། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་བྱང་གི་ཚ་ཁུལ་ཕལ་བའི་རི་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་དང་དེར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྲོག་ཆགས་རིགས་ཡིན།

རིགས་དབྱེ།  

ཧོ་ནན་ཏན་ཅང་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧོ་ནན་ཏན་ཅང་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ལི་ཁྲོན་རྫོང་ཁོངས་སུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང64027ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་སྤྱི་ཆིང31458དང་། ཆུ་ཁོངས་སྤྱི་ཆིང32969ཡོད་པ་དེ་ནི་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་འགོ་ཡིན་པ་དང་། ཆུ་སྐྱེས་དང་སྐམ་སར་འཚོ་བའི་རི་སྐྱེས་སྐྱེ་དངོས་དང་དེའི་སྐྱེ་ཁོངས་ཐུན་མོང་ཐོག་གྲུབ་པའི་སྐམ་སའི་དབུས་ཁུལ་གྱི་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱ་ཡུལ་དུ་བྱས་ཡོད། ས་ཁོངས་སུ་ཀྲུང་གོའི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་དཀར་མོ་སོགས་ཡོད་པ་དང་། རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ངང་དཀར་དང་། ངང་སེར། ཁྲ་སོགས་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རྩི་ཤིང་གི་ཁམ་དཀར་དང་སྤྱི་བཞུར་སོགས་ཡོད། སྲུང་སྐྱོབ་ས་ཁུལ་གསར་སྐྲུན་བྱས་པ་དེས་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ངེས་རེད།

རིགས་དབྱེ།  

ཧུའུ་པེ་ཏུའུ་ཧུ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧུའུ་པེ་ཏུའུ་ཧུ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི། སྤྱི་ལོ2013ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་དང་། ནགས་ལས་ཁོངས་གཏོགས་ཀྱི་དོ་དམ་ཁོངས་སུ་གཏོགས་ཤིང་། རང་བྱུང་སྲུང་སྐྱོབ་དང་། ཚན་རིག་ཞིབ་འཇུག ཁྱབ་བསྒྲགས་སློབ་གསོ། སྐྱེ་ཁམས་ཡུལ་སྐོར། སྣ་མང་གཉེར་སྐྱོང་བཅས་གཞི་གཅིག་ཏུ་བསྡུས་པ་མ་ཟད། ལྗོངས་ནང་ཁུལ་གྱི་ཐོན་ཁུངས་ནགས་ལས་དང་། ནགས་སྲུང་མེ་ཟོན། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་ཀྱི་འགན་འཁུར་ནས་ལྗོངས་ནང་ཁུལ་གྱི་བདེ་འཇགས་སྒྲིག་ལམ་གྱི་ཕྱོགས་བསྡུས་རྣམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་རེད། དེའི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་བྱང་གི་ཚ་ཁུལ་ཕལ་བ་དང་དྲོད་ཁུལ་གྱི་བར་བརྒལ་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེ་དག་གི་འཚོ་གནས་བྱེད་ས། རྩི་ཤིང་གི་ཐོན་ཁུངས། རང་བྱུང་མཛེས་ལྗོངས་ཐོན་ཁུངས། ལྷག་པར་དུ་དམིགས་བསལ་གྱི་ས་དབྱིབས་དང་ས་ངོས་ཆགས་ཚུལ་སོགས་ཡིན།

རིགས་དབྱེ།  

འབྲི་ཆུའི་ཐེན་ཨུ་ཀྲོའུ་ཆུ་ཕག་དཀར་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧུའུ་པེ་འབྲི་ཆུའི་འབྲི་ཆུའི་ཐེན་ཨུ་ཀྲོའུ་ཆུ་ཕག་དཀར་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་འབྲི་ཆུའི་བར་རྒྱུད་དང་། ཅིན་ཅང་གཙང་པོའི་དུམ་བུ་རུ་གནས་པ་དང་། སྤྱི་ལོ1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་བཙུགས་པ་དང་། འབྲི་ཆུའི་སྤྱི་ལེ89ཡོད་པའི་ཧྲི་ཧྲོའུ་གཙང་པོའི་མཚམས་དང་འབྲི་ཆུའི་ཐེན་ཨུ་ཀྲོའུ་གནའ་ལམ་དུ་གཏོགས། སྤྱི་ལོ1992ལོར་ཧུའུ་པེའི་ཧྲི་ཧྲོའུ་གྲོང་ཁྱེར་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་སྲུང་སྐྱོབ་ས་ཁུལ་དོ་དམ་ཁང་འཛུགས་རྒྱུའི་ཆོག་མཆན་བཀོད་པ་དང་། སྤྱི་ལོ2006ལོའི་ཟླ11པར་ཧུའུ་པེ་ཞིང་ཆེན་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཐད་གཏོགས་ཞིང་ཆེན་ཆུའི་ཐོན་ཁུངས་ཅུས་ཀྱིས་དོ་དམ་བྱེད་པའི་ཁྲུའུ་རིམ་པ་རྒན་པའི་ལས་དོན་སྡེ་ཁག་ཏུ་ཆོག་མཆན་གནང་།

རིགས་དབྱེ།  

འབྲི་ཆུའི་ཞིན་ལུའོ་མཚམས་ཀྱི་ཆུ་ཕག་དཀར་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

འབྲི་ཆུའི་ཞིན་ལུའོ་མཚམས་ཀྱི་ཆུ་ཕག་དཀར་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ཧུའུ་པེ་ཞིང་ཆེན་ཧུང་ཧུའུ་གྲོང་ཁྱེར་དང་། ཁྲི་པི་གྲོང་ཁྱེར། ཅ་ཡུས་རྫོང་། ཧུའུ་ནན་ཞིང་ཆེན་ལིན་ཞང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་བཞིའི་འབྲེལ་མཚམས་སུ་གནས་ཡོད། ས་ཁམས་གནས་ཡུལ་ནི་གཞུང་ཐིག་ཤར་མ113°07 19~114°05 12དང་། འཕྲེད་ཐིག་བྱང་མ29°38 39~30°05 12མཚམས་སུ་ཡོད། རྒྱ་ཁྱོན་སྤྱི་ཆིང41607ཡོད། ས་ཁུལ་དེའི་ཁྱབ་ཁོངས་ཀྱི་རིང་ཚད་ལ135.5 kmདང་ཞེང་ལ1000~2500 mཡོད། སྤྱི་ལོ1987ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། སྤྱི་ལོ1992ལོའི་ཟླ10པའི་ཚེས27ཉིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སྤར། སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་ཀྲུང་གོའི་རིམ་པ་དང་པོའི་རི་སྐྱེས་ཆུ་སྐྱེས་སྲོག་ཆགས་ཆུ་ཕག་དཀར་པོ་ཡིན།

རིགས་དབྱེ།  

ཧྲི་ཧྲོའུ་ཁ་ཤ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧྲི་ཧྲོའུ་ཁ་ཤ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་འབྲི་ཆུ་དང་འབྲི་ཆུའི་ཐེན་ཨུ་ཀྲོའུ་གི་རྗེས་ཤུལ་གྱི་ཟུར་དུ་གནས་པ་དང་། ས་ཁམས་ལྟེ་གནས་ཀྱི་གནས་ཚད་ནི་གཞུང་ཐིག་ཤར་མ112.23°དང་། འཕྲེད་ཐིག་བྱང་མ29.49°ཡིན། སྤྱི་ལོ1991ལོའི་ཟླ11པར། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧྲི་ཧྲོའུ་ཁ་ཤ་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་རྒྱུར་དངོས་སུ་ཆོག་མཆན་བཀོད། སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་1567ཟིན་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གྱུར་ཡོད། སྲུང་སྐྱོབ་ས་ཁུལ་ནི་རི་སྐྱེས་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་རི་སྐྱེས་ཁ་ཤ་དང་འཚོ་གནས་བྱེད་སའི་ཚྭ་མེད་ཆུའི་འདམ་གཞོང་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

རི་བོ་ཀའོ་ལུ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

རི་བོ་རི་བོ་ཀའོ་ལུ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་སྤྱི་ལོ2004ལོའི་ཟླ3པར་བཙུགས་པ་དང་། ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཐུང་པའོ་རྫོང་གི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་དང་འབྲེལ་ཡོད། བྱང་ཕྱོགས་སུ་མ་ཏེན་གྲོང་ཁྱེར་གྱི་ཆུའེ་ཧྲན་རྫོང་དུ་འབྲེལ་བ་དང་། ནུབ་ཕྱོགས་སུ་མ་ཏེན་གྲོང་ཁྱེར་གྱི་ཏེན་དབྱང་རྫོང་དང་འབྲེལ་ཡོད། རང་བྱུང་མཛེས་ལྗོངས་ཕུད། ནགས་ཁུལ་ཁྲོད་ཀྱི་ཀྲ་ལིའུ་གྲོང་ཚོ་ནི་གསར་བརྗེའི་འབྱུང་ཁུངས་ཤིག་ཡིན་པ་དང་། ལིའུ་ཧྲའོ་ཆི་དང་། ལི་ཞན་ཉན། ཝང་གོ་ཧྭ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་མང་པོའི་བཞུགས་གནས་རྙིང་པ་ཞིག་རེད།

རིགས་དབྱེ།  

ཧུའུ་པེ་ཧོའུ་ཧུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

ཧུའུ་པེ་ཧོའུ་ཧུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི། ཝུའུ་ཧྥུང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཁོངས་ཀྱི་དབུས་ལྷོ་རྒྱུད་དུ་གནས་པ་དང་། ཧུའུ་པེ་ཞིང་ཆེན་དང་ཧུའུ་ནན་ཞིང་ཆེན་འབྲེལ་མཚམས་ཀྱི་རི་བོ་ཝུའུ་ལིང་ཧྲན་ཤར་རྒྱུད་ཀྱི་རི་ཁུལ་དུ་གཏོགས་པ་དང་། རྒྱ་ཁྱོན་སྤྱི་ཆིང40964.9ཡོད་པས་ནགས་ཚལ་སྐྱེ་ཁམས་མ་ལག་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏོགས། སྤྱི་ལོ2000ལོའི་ཟླ4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཆོག་མཆན་གནང་། ཧུའུ་པེ་ཧོའུ་ཧུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི། ཚ་ཁུལ་དབུས་མའི་ནགས་ཚལ་སྐྱེ་ཁམས་མ་ལག་དང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ལ་གུང་ཐུང་དང་། གཟིག ཁ་ཤ་ནག་པོ།་སོགས་རྒྱལ་སྤྱིའི་ཆེས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་དང་འཚོ་གནས་བྱ་ཡུལ་ཚུད་ཡོད།

རིགས་དབྱེ།  

ཆུ་བོའི་སྐས་རིམ་ས་དབྱིབས།

ཆུ་བོའི་འོག་རིམ་དུ་བསླད་སྐྱོན་ཐེབས་ནས་སྔོན་ཆད་ཀྱི་གྲམ་གཞུང་གི་མཐིལ་དེ་སྤྱིར་བཏང་གི་ཆུ་ལོག་གི་ཆུ་གནས་ལས་བརྒལ་ཏེ། སྐས་དབྱིབས་ལྟར་དུ་གྲམ་གཞུང་གི་ལྡེབས་ངོས་སུ་ཆགས་པའི་ས་དབྱིབས་དེའི་རིགས་ལ་ཆུ་བོའི་སྐས་རིམ་ས་དབྱིབས་ཟེར། སྐས་རིམ་ས་དབྱིབས་གྲུབ་རྐྱེན་གཙོ་བོ་ནི་ས་ཤུན་གྱི་དྲང་འཕྱང་འཕར་ཆག་འགུལ་སྐྱོད་ཀྱི་ཤུགས་རྐྱེན་འོག་ཏུ། ཆུ་བོའི་འོག་རིམ་བསླད་སྐྱོན་ཐེབས་པའི་ནུས་པ་ལས་གྲུབ་པ་ཡིན་ལ། སའི་གོ་ལའི་ཕྱི་ནང་གི་སྒུལ་ཤུགས་ས་གཤིས་ནུས་པའི་ཐུན་མོང་གི་ནུས་པ་ཐོན་པའི་མཇུག་འབྲས་ཡིན། སྐས་རིམ་ས་དབྱིབས་ཀྱི་རིམ་པ་ལས་འགུལ་སྐྱོད་ཐེངས་ག་ཚོད་བྱུང་བ་ཤེས་ཐུབ་ལ། སྐས་རིམ་ས་དབྱིབས་ཀྱི་གནས་སའི་ཐད་ནས་སྐས་རིམ་ཇི་ལྟར་མཐོ་ན་གྲུབ་པའི་དུས་ཚོད་དེ་ཙམ་སྔ་བ་ཡོད་པ་ཤེས་ཐུབ།

རིགས་དབྱེ།  

ས་ཁམས་བར་སྟོང་།

དེ་ནི་དངོས་པོ་དང་། ནུས་པ། ཆ་འཕྲིན་བཅས་ཀྱི་གྲངས་འབོར་དང་བྱ་སྤྱོད་དེ་ས་ཁམས་ཁྱབ་ཁོངས་ཁྲོད་ཀྱི་རྒྱ་ཆེའི་རང་བཞིན་གྱི་གནས་པའི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་རྣམ་པ་དང་། གྲུབ་ཚུལ། བརྒྱུད་རིམ། འབྲེལ་བ། བྱེད་ལས་བཅས་ཀྱི་ཁྱབ་ཚུལ་དང་ཁྱབ་སྟངས་ནི་དུས་མཉམ་དུ“གནས་སྐབས”ཀྱི་དུས་ཚོད་རྒྱུན་མཐུད(སྤྱི་མཚན་གྱི་དོན་སྙིང་ཐོག་གི་འཇགས་རྣམ)ལ་བསྟན་པ་དང་། ས་ཁམས་བར་སྟོང་གི་ཞིབ་འཇུག་ནི་ས་ཁམས་རིག་པའི་གཞི་རྩའི་སྲོག་ཤིང་ཞིག་ཡིན།

རིགས་དབྱེ།