ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >གངས་རི།

ཨ་མྱེས་བ་ཡན།

གནས་རི་འདི་ནི་དཔལ་ཁ་གྲོང་རྡལ་དང་གསེར་ཆེན་རྫོང་གི་ཐེ་གེ་ཡུལ་ཚོ་གཉིས་ཀྱི་ས་མཚམས་ཏེ། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ25ཡིས་ཆོད་པའི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3618ཡོད།

རིགས་དབྱེ།  

རྒྱལ་སྲས་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། རྒྱལ་སྲས་གངས་རི་ནི་གནས་ཆེན་ཁ་བ་དཀར་པོའི་འཁོར་གྱི་རྒྱལ་སྲས་བཅུ་གསུམ་གྱི་གྲས་ཤིག་ཡིན་པ་དང་། ཚ་བ་རོང་ཤང་གི་ཁོངས་ཏེ། ཡུན་ནན་ཞིང་ཆེན་དང་དང་ས་འབྲེལ་གྱི་མཚམས་སུ་ཆགས་ཡོད་པ་རེད།

རིགས་དབྱེ།  

རྐྱང་རྟ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། རྐྱང་རྟ་གངས་རི་ནི་ཚ་བ་རོང་ཤང་མོ་ཁམས་གྲོང་ཚོའི་ནུབ་བྱང་སྤྱི་ལེ9ཙམ་གྱི་སར་ཡོད།

རིགས་དབྱེ།  

ཁམས་གཙང་རླུང་འཁོར།

རི་བོ་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་རི་བོ་ཞིག་ཡིན་པ་སྟེ། རི་བོ་དེ་ནི་ཚ་བ་རོང་ཤང་ར་བཏགས་གྲོང་ཚོའི་ནུབ་ངོས་སྤྱི་ལེ4ཡི་སར་ཡོད།

རིགས་དབྱེ།  

དགེ་བསྙེན་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། དགེ་བསྙེན་གངས་རི་དེ་ནི་མགོ་ཡུལ་ཤང་སྤོས་ཡུལ་གྲོང་ཚོའི་ནུབ་ངོས་སྤྱི་ལེ12ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

བཤེས་དགེ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། བཤེས་དགེ་གངས་རི་དེ་ནི་མགོ་ཡུལ་ཤང་མདའ་ཐང་གྲོང་ཚོའི་ནུབ་ངོས་སྤྱི་ལེ14ཡི་མཚམས་ན་ཡོད།

རིགས་དབྱེ།  

རིན་ཆེན་ལྕགས་མཁར་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། རིན་ཆེན་ལྕགས་མཁར་གངས་རི་ནི་མགོ་ཡུལ་ཤང་སྤོ་ཤུལ་གྲོང་ཚོའི་ནུབ་ངོས་སྤྱི་ལེ30ཡི་ས་སྟེ། ཆབ་མདོ་དཔའ་ཤོད་རྫོང་དང་འབྲེལ་མཚམས་སུ་ཡོད།

རིགས་དབྱེ།  

སྟོན་པ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན། སྟོན་པ་གངས་རི་ནི་མགོ་ཡུལ་ཤང་སྲིད་གཞུང་གི་གནས་ཡུལ་མགོ་ཆེན་གྲོང་ཚོའི་བྱང་ཤར་ངོས་སྤྱི་ལེ10ཡི་སར་ཡོད།

རིགས་དབྱེ།  

འཇམ་རྡར་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། འཇམ་རྡར་གངས་རི་དེ་ནི་མགོ་ཡུལ་ཤང་སྤོ་ལོགས་གྲོང་ཚོའི་ལྷོ་ངོས་སྤྱི་ལེ15ཡི་སར་ཡོད།

རིགས་དབྱེ།  

དགྲ་འདུལ་འཁྱགས་རོམ།

འཁྱགས་རོམ་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་འཁྱགས་རོམ་ཞིག་ཡིན་པ་སྟེ། དགྲ་འདུལ་འཁྱགས་རོམ་ནི་འགྲོ་བ་དགོན་གྲོང་རྡལ་གྱི་རྒྱས་ཐར་གྲོང་ཚོའི་བྱང་ངོས་སྤྱི་ལེ4ཡི་སར་ཡོད།

རིགས་དབྱེ།  

ཆུ་བུར་རིགས་གསུམ་མགོན་པོ།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། གངས་རི་ཆུ་བུར་རིགས་གསུམ་མགོན་པོ་ནི་འགྲོ་བ་གྲོང་རྡལ་གྱི་ཆུ་བུར་གྲོང་ཚོའི་ཤར་ངོས་སྤྱི་ལེ7ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

རག་རྨོག་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། རག་རྨོག་གངས་རི་ནི་འགྲོ་བ་དགོན་གྲོང་རྡལ་གྱི་བཀའ་གཏེར་སྲིད་འཛིན་གྲོང་ཚོའི་བྱང་ངོས་སྤྱི་ལེ7གྱི་སར་ཡོད།

རིགས་དབྱེ།  

ཧ་ནུ་མན་ཏ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། ཧ་ནུ་མན་ཏ་གངས་རི་རྫ་ཡུལ་རྫོང་གི་འགྲོ་བ་དགོན་གྲོང་རྡལ་གྱི་ལྷོ་ངོས་སྤྱི་ལེ21ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

ཁྲབ་དགུ་ལ་རྩེ།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། ཁྲབ་དགུ་ལ་རྩེ་ནི་རྫ་ཡུལ་རྫོང་གི་མགོ་ལ་ཤང་སྦུག་ཟོམ་གྲོང་ཚོའི་ཤར་ལྷོའི་ངོས་སྤྱི་ལེ21ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

ལུང་འཛོམས་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། ལུང་འཛོམས་གངས་རི་ནི་རྫ་ཡུལ་རྫོང་མགོ་ལ་ཤང་གི་ནགས་ཞོལ་གྲོང་ཤར་ལྷོའི་ངོས་སྤྱི་ལེ21ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

རྟ་མགྲིན་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། རྟ་མགྲིན་གངས་རི་ནི་རྫ་ཡུལ་རྫོང་མགོ་ལ་ཤང་འོབས་ཁུག་གྲོང་ཚོའི་ལྷོ་ནུབ་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

སྤྲེལ་ལ་རག་མོ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། སྤྲེལ་ལ་རག་མོ་གངས་རི་རྫ་ཡུལ་རྫོང་མགོ་ལ་ཤང་ནགས་ཞོལ་གྲོང་ཚོའི་ནུབ་ངོས་སྤྱི་ལེ7ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

སྨོན་ལམ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། སྨོན་ལམ་གངས་རི་ནི་རྫ་ཡུལ་རྫོང་མགོ་ལ་ཤང་གི་ལུང་རིང་གྲོང་ཚོའི་ནུབ་བྱང་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

བཏེགས་གནམ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། བཏེགས་ནམ་གངས་རི་ནི་རྫ་ཡུལ་རྫོང་མགོ་ལ་ཤང་གི་ས་སྨད་གྲོང་ཚོའི་བྱང་ངོས་སྤྱི་ལེ18ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

ཀླུ་ཐོན་ཁ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། ཀླུ་ཐོན་ཁ་གངས་རི་ནི་རྫ་ཡུལ་རྫོང་གི་རོང་སྟོད་གྲོང་རྡལ་གྱི་ཕུང་གཙང་གྲོང་ཚོའི་བྱང་ངོས་སྤྱི་ལེ12ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

དབང་གྲགས་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། དབང་གྲགས་གངས་རི་ནི་རོང་སྟོད་གྲོང་རྡལ་གྱི་ཕུང་གཙང་གྲོང་ཚོའི་བྱང་ངོས་སྤྱི་ལེ10ཡི་མཚམས་ན་ཡོད།

རིགས་དབྱེ།  

མར་ཁུ་གངས་རི།

གངས་རི་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གངས་རི་ཞིག་ཡིན་པ་སྟེ། མར་ཁུ་གངས་རི་ནི་རོང་སྟོད་གྲོང་རྡལ་གྱི་ནུབ་ངོས་སྤྱི་ལེ12ཡི་སར་ཡོད།

རིགས་དབྱེ།  

གེ་རི་རྣམ་རྒྱལ་ཕྱུག་མོ།

གེ་རི་རྣམ་རྒྱལ་ཕྱུག་མོ་ནི་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོའི་ཁྲ་ལེབ་གྲོང་ཚོ་དང་བཤམས་མགུ་གྲོང་ཚོ། དཔལ་སྨད་གྲོང་ཚོ་བཅས་ཀྱི་དཀྱིལ་དུ་ལྷང་ངེར་འགྱིང་པའི་རི་སྟོད་རྫ་དང་རི་སྨད་སྤང་ནགས་ཀྱིས་གྲུབ་པའི་ནགས་རི་ཞིག་སྟེ། དེ་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་བར་ཐག་སྤྱི་ལེ་༣༨དང་ལམ་ཐག་སྤྱི་ལེ46ཙམ་གྱི་མཚམས་སུ་ས་གོ་ལའི་བྱང་གི་འཕྲེད་ཚད32°4.49′དང་། ཤར་གྱི་གཞུང་ཚད97°17′20′′ཡི་ཐོག་ཏུ་ཡོད་ཅིང་མཚོ་ངོས་ལས་མཐོ་ཚད་ལ་སྨི4951ཡོད།

རིགས་དབྱེ།  

ཤར་སྟོད་གཉན་པོ་གཡུ་རྩེའི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་མདོར་བཤད།

སྤྱིར་འཇིག་རྟེན་ཆགས་ཚུགས་དང་སྨིན་ཚུལ་སོགས་འཛམ་གླིང་སྟེང་གི་མི་རིགས་སོ་སོའི་མཁས་དབང་རྣམས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་སྒྲུབ་ལུགས་སྣ་ཚོགས་ཡོད་པ་ནང་བཞིན་གངས་ཅན་བོད་ཀྱི་སྣོད་བཅུད་ཀྱི་ཆགས་ཚུལ་བོད་རང་གི་མཁས་དབང་རྣམས་ནས་ལུང་དང་རིགས་ལམ་གྱི་བཞེད་ཚུལ་སྣ་ཚོགས་པ་ཡོད། བྱེ་བྲག་ཟལ་མོ་སྒང་གི་རང་རྒྱུད་ཡུལ་སྐྱོང་གཉན་པོ་གཡུ་རྩེའི་ཕྱི་སྣོད་ཀྱི་ཆགས་ཚུལ་མདོར་བསྒྲིལ་ནས་བརྗོད་པ་ལ། འཇིག་རྟེན་གོ་ལ་ཧྲིལ་པོའི་ཡང་རྩེར་སོན་པའི་གངས་ཅན་མཐོ་སྒང་གི་གཞི་ཁྱོན་འདི་ཆགས་ནས་ལོ་ངོ་ས་ཡ་དུ་མར་སླེབས་ཡོད་པར་ཚན་རིག་པས་བརྟག་དཔྱད་ཀྱིས་བརྟགས་འབྲས་གསལ་པོར་བསྟན་ཡོད་པས་དེ་མིན་དོགས་གཅོད་ཀྱི་གསལ་ཆ་འདོན་མི་དགོས་པ་ནི་འཛམ་གླིང་ལོ་རྒྱུས་སྨྲ་བ་ཀུན་ལ་མཐུན་སྣང་དུ་གྲུབ་ཀྱིན་ཡོད་ཅེས་གསུངས།

རིགས་དབྱེ།  

གནམ་ལྕགས་འབར་བ།

རི་བོ་གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། གཉན་ཆེན་ཐང་ལྷའི་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་བཅས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རི་བོ་མཐོ་ཤོས་ཡིན་པ་དང་། ས་བབ་མཐོ་ཚད་སྨི7782ཡོད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་སྣེ་རུ་ཡོད།

རིགས་དབྱེ།  

ལྕགས་མདུད་ཁ་བ་ལུང་རི།

ལྕགས་མདུད་ཁ་བ་ལུང་རིའི་ས་བབ་མཐོ་ཚད་ལ་སྨི5992ཡོད་པ་དང་། རི་རྩེར་ལོ་འཁོར་མོར་གངས་ཀྱིས་གཡོགས་ཡོད་ལ། སི་ཁྲོན་ཞིང་ཆེན་གྱི་ཉག་རོང་རྫོང་ཁོངས་སུ་གནས་པ་དང་། ཉག་རོང་རྫོང་དང་བར་ཐག་སྤྱི་ལེ90ཡི་སར་ཡོད་ཅིང་། བོད་ཁུལ་གྱི་གནས་རི་གྲགས་ཅན་ཞིག་ཡིན་པས། བན་བོན་གཉིས་ཀྱི་དད་ལྡན་པ་ཚོས་དད་གུས་ཆེན་པོ་བྱེད་སའི་གནས་མཆོག་ཁྱད་པར་བ་ཞིག་ཡིན།

རིགས་དབྱེ།  

ཨའོ་ཧོའུ་སི་ཏུ་ཨེར་ས་ལཱ་ཏུའོ་རི་བོ།

ཨའོ་ཧོའུ་སི་ཏུ་ཨེར་ས་ལཱ་ཏུའོ་རི་བོ་ནི་ཨ་ཀེན་ཐིན་དང་ཆི་ལིའི་མཐའ་མཚམས་སྟེ་སའི་གོ་ལའི་ཕྱེད་ནུབ་མའི་རི་རྩེ་མཐོ་ཤོས་ཨ་ཁུང་ཅཱ་ཀྭ་རི་བོའི་བྱང་ཕྱོགས་ཀྱི་སྟོང་སྨི600ཡི་མཚམས་སུ་གནས་པའི་མེ་རི་ཞིག་ཡིན་ཞིང་། མཐོ་ཚད་ལ་སྨི6891ཡོད།

རིགས་དབྱེ།  

སྦྲ་གུར་སྟོང་ཤོང་ཆེན་མོ།

འདི་ནི་ཨ་མྱེས་རྨ་ཆེན་གྱི་འཁོར་དང་འབྲེལ་ཡོད་གནས་རིའི་གྲས་ཤིག་ཡིན།

རིགས་དབྱེ།  

གསའ་ཕུ་གངས་རི།

གསའ་ཕུ་གངས་རི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་དུ་གནས་པ་དང་། གངས་རིའི་འདབས་སུ་འཁྱགས་རོམ་དང་། མཚེའུ། རྩྭ་ཐང་བཅས་ཡོད།

རིགས་དབྱེ།  

འབྲུག་མོའི་རྟ་སྒ།

འབྲུག་མོའི་རྟ་སྒ་ནི་མཛོ་རྒན་རྭ་བར་གྲོང་རྡལ་གྱི་འགྱུར་མེད་སྡེ་བའི་ཁོངས་སུ་ཡོད་ཅིང་། མཛོ་རྭ་གྲོང་རྡལ་ནས་སྤྱི་ལེ57ཡས་མས་སུ་ཡོད།

རིགས་དབྱེ།