ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >སྐམ་ས།

འགྱིག་སོབ་གྲོང་ཁྱེར།

འགྱིག་སོབ་གྲོང་ཁྱེར་ནི་རབས་གསར་བའི་གྲོང་ཁྱེར་གྱི་ཆར་ཆུ་དང་ཆུ་ལོག་དོ་དམ་གྱི་དོན་སྤྱི་ཞིག་ཡིན་ཞིང་། གྲོང་ཁྱེར་དེ་འགྱིག་སོབ་དང་འདྲ་བར་ཁོར་ཡུག་འགྱུར་ལྡོག་དང་འཚམ་པ་དང་ཆར་ཆུ་ལས་བྱུང་བའི་རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་ལྡེམ་ཤུགས་ལེགས་པོ་ལྡན་པ་དང་། “ཆུའི་ལྡེམ་ཤུགས་ལྡན་པའི་གྲོང་ཁྱེར”ཞེས་ཀྱང་བརྗོད་ཆོག

རིགས་དབྱེ།  

ཧེ་ལུང་ཅང་དབྱི་ཁྲུན་འཛེང་རྡོའི་ནགས་ཚལ་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

ཞིང་ཨན་ལིང་ཆུང་བའི་བྱང་ངོས་སུ་གནས་པའི་ཧེ་ལུང་ཅང་དབྱི་ཁྲུན་འཛེང་རྡོའི་ནགས་ཚལ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནི་རང་རྒྱལ་གྱིས་གསར་དུ་རྙེད་པའི་རིགས་ཆ་ཚང་ཤོས་དང་། སྐྱེ་འཕེལ་ཆེས་དཔེ་མཚོན་ཅན། བཟོ་དབྱིབས་ཕུན་སུམ་ཚོགས་ཤོས་བཅས་ཀྱི་འཛེང་རྡོའི་ནགས་ཚལ་གྱི་ས་གཤིས་རྗེས་ཤུལ་ཞིག་ཡིན།

རིགས་དབྱེ།  

ཁྲུང་ཆིང་ཆན་ཅང་ནན་ཧའེ་ཆུང་བའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

དེ་ནི་ཁྲུང་ཆིང་ཤར་ལྷོའི་མཚམས་ཀྱི་ཆན་ཅང་ཆུས་ཀྱི་བྱང་རྒྱུད་དུ་གནས་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་གཞུང་ལམ་དང་བར་ཐག་སྤྱི་ལེ400ཙམ་ཡོད། སྤྱི་གླིང་གི་ལྷོ་ཕྱོགས་ཡིའུ་དབྱང་དང་འབྲེལ་བ་དང་། ནུབ་ཕྱོགས་ཕེང་ཧྲུའེ་དང་འབྲེལ། བྱང་མཚམས་ཧུའུ་པེ་ལི་ཁྲོན་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག108°38'20"--108°49'48"དང་། བྱང་གི་འཕྲེད་ཐིག29°31'14"--29°43'27"གྱི་མཚམས་སུ་ཡོད།

རིགས་དབྱེ།  

ལིའོ་ཉིང་པུན་ཞི་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

དེ་ནི་ལིའོ་ཉིང་ཞིང་ཆེན་ཤར་རྒྱུད་ཀྱི་པུན་ཞི་གྲོང་ཁྱེར་གྱི་ཁོངས་སུ་གནས་ཤིང་། འཆར་འགོད་རྒྱ་ཁྱོན218.2km²ཡོད་པའི་ནང་ཆུ་ཕུག་གླིང་ཁུལ་དང་། ཕིང་ཏིང་རི་བོའི་གླིང་ཁུལ། ཝུའུ་ཉུས་རི་བོའི་གླིང་ཁུལ་བཅས་ཚུད་ཡོད་པ་རེད། སྤྱི་གླིང་གི་ནང་དུ་ས་གཤིས་རྗེས་ཤུལ་ཕུན་སུམ་ཚོགས་པ་དང་། ས་དབྱིབས་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་བ། རང་བྱུང་མཛེས་ལྗོངས་ཞི་མཐུན་མཛེས་སྡུག་ལྡན་པ། ལོ་རྒྱུས་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་བཅས་རེད། འཛམ་གླིང་དུ་སྐད་གྲགས་ཆོད་པའི་པུན་ཞིའི་རིམ་པའི་གཤགས་ངོས་ནི་ལིའོ་ཉིང་ས་ཁམས་ཀྱི་མིང་གིས་བཏགས་པ་དང་ཧྭ་པེ་ས་སྟེགས་སུ་ཐུན་མོང་དུ་སྤྱོད་པའི་བྲག་རྡོའི་ས་རིམ་སྡེ་ཚན་གཅིག་པུ་དེ་ཡིན།

རིགས་དབྱེ།  

མཚོ་སྔོན་གཅིག་སྒྲིལ་གྱི་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

ས་གཤིས་སྤྱི་གླིང་དེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ལྷོ་ནུབ་ཀྱི་སྤྱི་ལེ40kmཡི་སར་ཡོད་པ་དང་། སྤྱི་ལོ2005ལོའི་ཟླ8པར་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཁག་བཞི་བར་ཆོག་མཆན་བཀོད། རིགས་གཙོ་བོ་ནི་འཁྱགས་རོམ་གྱི་ས་དབྱིབས་དང་། འཁྱགས་གོང་གི་ས་བབ་ཆགས་ཚུལ་ཡིན།

རིགས་དབྱེ།  

ཞིན་ཅང་ཧྥུའུ་ཡུན་ཁུ་ཁུ་ཐུའོ་ཧའེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

དེ་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བྱང་རྒྱུད་ཀྱི་ཨར་ཐའེ་ས་ཁུལ་གྱི་ཧྥུའུ་ཡུན་རྫོང་ཁོངས་སུ་གནས་ཤིང་། ཨེར་ཆི་སི་གཙང་བོའི་མགོ་ཁུངས་ཡིན་པ་དང་། མཚོ་འཕགས་སྨི1155ནས2695.6mབར་ཡོད། སྤྱི་ལོ2005ལོའི་ཟླ8པར་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཁག་བཞི་བར་ཆོག་མཆན་བཀོད།

རིགས་དབྱེ།  

སྐམ་སའི་ས་སྒྲོམ་གྱི་ཐོན་ཁུངས།

སྐམ་སའི་ས་སྒྲོམ་གྱི་ཐོན་ཁུངས་ཞེས་པ་ནི་སྐམ་སའི་ས་སྒྲོམ་དུ་གནས་པའམ། མིའི་རིགས་ཀྱིས་བེད་སྤྱོད་ཐུབ་པའི་དངོས་པོའམ། ནུས་ཚད། བར་སྟོང་བཅས་ལ་ཟེར།

རིགས་དབྱེ།  

ཡོམ་ཁུངས།

སའི་གོ་ལའི་ནང་ཁུལ་གྱི་བྲག་རིམ་གས་ཆག་བྱུང་ནས་འདར་འགུལ་བྱུང་བའི་གནས་ལ་ཡོམ་ཁུངས་ཟེར་བ་ཡིན། དེ་ལ་ས་ཁོངས་ཆེ་ཆུང་ངེས་ཅན་ཞིག་ཡོད་དེ། དེར་ཡོམ་ཁུངས་ཁུལ་དང་ཡོམ་ཁུངས་ཕུང་པོ་ཡང་ཟེར་བ་ཡིན། དེ་ནི་ས་ཡོམ་གྱི་ནུས་ཚད་གསོག་འཇོག་དང་གློད་གྲོལ་གཏོང་བའི་གནས་ཡིན། མིས་བཟོས་ས་ཡོམ་གྱི་འབྱུང་ཁུངས་ལ་མིས་བཟོས་ཡོམ་ཁུངས་ཟེར་བ་ཡིན། དཔེར་ན་མིས་བཟོས་འགད་གཏོར(འབར་རྫས་གས་གཏོར་དང་། ཉིང་རྡུལ་འབར་མདེལ་ཚོད་ལྟ)སོགས་ལྟ་བུ། རང་བྱུང་ས་ཡོམ་གྱི་ཡོམ་ཁུངས་དང་མིས་བཟོས་འགས་གཏོར་ཡོམ་ཁུངས་ཀྱི་ངོ་བོ་ལ་ཁྱད་པར་ཆེན་པོ་ཡོད་དེ། སྤྱིར་བཏང་དུ། རང་བྱུང་ས་ཡོམ་གཙོ་བོ་ཆད་རིམ་དུ་བྱུང་བ་དང་། མིས་བཟོས་འགས་གཏོར་གྱི་ཡོམ་ཁུངས་ནི་གནས་གཅིག་ལྟེ་བར་བྱས་ནས་མཐའ་འཁོར་དུ་སྦོས་པའི་བརྒྱུད་རིམ་ཞིག་ཡིན། ས་ཡོམ་རླབས་དབྱིབས་ཀྱི་རྒྱུ་ཆ་སྤྱད་དེ་ས་ཡོམ་གྱི་མོམ་རྐྱོང་ཚད་ལ་ལྡོག་སྟོན་བྱས་ན། མི་རྣམས་ཀྱིས་ཡོམ་ཁུངས་འདི་གཉིས་ཀྱི་ཁྱད་པར་རགས་ཙམ་དབྱེ་འབྱེད་བྱེད་ཐུབ་པ་ཡིན།

རིགས་དབྱེ།  

ཧར་ཏ་བའོ།

ཧར་ཏ་བའོ་ནི་སོག་སྐད་དུ་ལུང་བ་ནག་ལྡང་ཞེས་པའི་དོན་ཡིན་ལ། ལུང་བའི་ནང་དུ་རྡོ་མདོག་ནག་པོ་ཅན་མང་བས་དེ་ལྟར་ཐོགས།

རིགས་དབྱེ།