ཡོངས་འཛིན་རིག་མཛོད། >ས་ཁམས། >ཆུ་བོ། >འབབ་ཆུ།

ཉི་ལུའོ་གཙང་བོ།

ཉི་ལུའོ་གཙང་བོ་ནི་ཨ་ཧྥེ་རི་ཁ་གླིང་གི་ཤར་རྒྱུད་དང་བྱང་རྒྱུད་དུ་འབབ་པའི་གཙང་བོ་ཞིག་ཡིན་ལ། ལྷོ་ནས་བྱང་ལ་བཞུར་ཏེ་མཐར་ས་དབུས་རྒྱ་མཚོར་འབབ་ཀྱིན་ཡོད། དེ་དང་ཨ་ཧྥེ་རི་ཁ་གླིང་གི་དབུས་ཁུལ་གྱི་ཁོན་ཀོ་གཙང་བོ་དང་ནུབ་ཁུལ་གྱི་ནི་ཀྲེར་གཙང་བོ་བཅས་གསུམ་ནི་ཨ་ཧྥེ་རི་ཁ་གླིང་གི་གཙང་བོའི་མ་ལག་ཆེན་པོ་གསུམ་རེད། ཉི་ལུའོ་གཙང་བོའི་རིང་ཚད་ལ་སྟོང་སྨི6670ཡོད་ལ་འཛམ་གླིང་སྟེང་ཆེས་རིང་བའི་གཙང་བོ་ཡིན། སྤྱི་ལོ2007ལོར། པར་ཙིར་རྒྱལ་ཁབ་ཀྱི་ཆེད་མཁས་པས་ཡ་མ་སུན་གཙང་བོ་ནི་འཛམ་གླིང་གི་གཙང་བོ་ཨང་དང་པོ་ཡིན་པར་བསྒྲགས་ནའང་འཛམ་གླིང་གི་ས་ཁམས་ཆེད་མཁས་ཚོས་ཐུན་མོང་གིས་ཁས་ལེན་བྱེད་མེད། ཉི་ལུའོ་གཙང་བོ་ལ་ཆུ་ལག་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཨེ་ཙེ་ཨོ་ཕི་ཡ་མཐོ་སྒང་གི་ཉི་ལུའོ་གཙང་བོ་སྔོན་པོ་ཡིན་པ་དང་དེ་ཉི་ལུའོ་གཙང་བོའི་སྨད་རྒྱུད་ཀྱི་ཆུ་དང་འཚོ་བཅུད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། གཞན་ཞིག་ནི་ཉི་ལུའོ་གཙང་བོ་དཀར་པོ་ཡིན་ལ། དེ་ནི་ཉི་ལུའོ་གཙང་བོའི་ཆེས་རིང་བའི་ཆུ་ལག་དང་ཉི་ལུའོ་གཙང་བོའི་ཉ་ཆེན་རྨིགས་པ་གནས་སའི་ཡུལ་ཡང་ཡིན།

རིགས་དབྱེ།  

འབྲི་ཆུ།

འབྲི་ཆུ་ལ་གནའ་མིའི་གཙང་བོ་དང་གཙང་བོ་ཆེན་པོ་ཞེས་འབོད་ལ། ཨེ་ཤ་ཡ་གླིང་གི་ཆུ་བོ་རིང་བོ་ཨང་དང་པོ་དང་འཛམ་གླིང་གི་ཆུ་བོ་ཨང་གསུམ་པ་ཡིན། དེ་ནི་འཛམ་གླིང་སྟེང་རྒྱལ་ཁབ་གཅིག་གི་མངས་ཁོངས་ཁོ་ན་ནས་བཞུར་བའི་གཙང་བོ་ཆེན་པོ་ཞིག་ཡིན་ལ་རིང་ཚད་ལ་སྟོང་སྨི6280ཡོད། འབྲི་ཆུའི་མགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་གདང་ལའི་རི་རྒྱུད་ཡིན་ལ། དེ་ཀྲུང་གོའི་ལྷོ་ནུབ། དབུས་རྒྱུད། ཤར་རྒྱུད་བཅས་བརྒྱུད་ཅིང་ཧྲང་ཧའེ་གྲོང་ཁྱེར་ནས་ཤར་རྒྱ་མཚོར་འབབ་པ་ཡིན། འབྲི་ཆུ་འབབ་རྒྱུད་ཀྱིས་ཀྲུང་གོའི་སྐམ་སའི་ལྔ་ཆའི་གཅིག་ཟིན་ཡོད་པ་དེས་གྲུང་གོའི་མི་གྲངས་ཀྱི་སུམ་ཆའི་གཅིག་གསོ་སྐྱོང་བྱེད་བཞིནཡོད། འབྲི་ཆུའི་དཔལ་ཡོན་དང་རྨ་ཆུའི་དཔལ་ཡོན་གཉིས་ནི་མཉམ་དུ་ཀྲུང་གོའི་ལོ་རྒྱུས། དཔལ་ཡོན། དཔལ་འབྱོར་བཅས་ཀྱི་མགོ་ཁུངས་གཙོ་བོ་གཉིས་ཡིན། དར་རྒྱས་ཆེ་བའི་འབྲི་ཆུའི་ཟུར་གསུམ་གླིང་གི་དཔལ་འབྱོར་གྱིས་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི20%ཟིན་ཡོད། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་སྣ་མང་ཡིན་ཞིང་ཆུ་སྐྱེས་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་ཏེ་ཉེན་ཁར་བཅར་བའི(རྩ་མེད་དུ་འགྲོ་ལ་ཉེ་བ)སྲོག་ཆགས་མང་བོ་ཡོད་དེ། དཔེར་ན། འབྲི་ཆུའི་ཉ་ཆེན་རྨིགས་པ་སོགས་བབ་སྡོད་བྱེད་སའི་གནས་མཆོག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་མི་རྣམས་ཀྱིས་ཆུ་ལེན་པ་དང་ཞིང་ཆུ་འདྲེན་པ། བཙོག་སེལ། འགྲིམ་འགྲུལ། བཟོ་ལས་འཕེལ་རྒྱས། རྒྱལ་མཚམས་དང་དམག་དོན་སོགས་ཀྱི་ཐད་ལ་བཀོལ་སྤྱོད་བྱས། འབྲི་ཆུའི་འགག་གསུམ་བཟོ་སྐྲུན་ནི་འཛམ་གླིང་ལ་མིང་དུ་གྲགས་པའི་ཆུ་བེད་བཟོ་སྐྲུན་ཆེན་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། འབྲི་ཆུ་ལ་བཟོ་ལས་ཀྱིས་བཙོག་སྐྱོན་བཟོས་པ་དང་། ཞིང་ལས་བཞུར་རྒྱུག བྱེ་འདམ་ཆགས་པ། བཞའ་ཚན་ས་ཁུལ་དང་མཚེའུ་ཇེ་ཉུང་དུ་སོང་བ་སོགས་ཀྱིས་དུས་ཚིགས་རང་བཞིན་གྱི་ཆུ་ལོག་གནོད་འཚེའ་ཚབས་ཆེན་འབྱུང་བཞིན་ཡོད།

རིགས་དབྱེ།  

ཡ་མ་སུན་གཙང་བོ།

ཡ་མ་སུན་གཙང་བོ་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། དེ་འཛམ་གླིང་སྟེང་བཞུར་ཚད་དང་འབབ་རྒྱུད་ཆེས་ཆེ་བ་དང་། ཆུ་ལག་ཆེས་མང་བའི་གཙང་བོ་ཞིག་ཡིན། གཙང་བོའི་རིང་ཚད་ཚད་འཇལ་ཐད་ལ་གཏན་ཁེལ་བའི་བཤད་ཚུལ་བྱུང་མེད་ལ་དེ་ལས་རྒྱུན་མཐོང་གི་བཤད་ཚུལ་གཅིག་ལ་རིང་ཚད་སྟོང་སྨི6400ཡིན་པར་འདོད། འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས། ཡ་མ་སུན་གཙང་བོའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི21.9ཡིན་ལ། དེ་འཛམ་གླིང་གི་ཆུ་བོ་ཆེན་པོ་གསུམ་སྟེ། ཉི་ལུའོ་གཙང་བོ། (ཨ་ཧྥེ་རི་ཁ་གླིང) འབྲི་ཆུ (ཀྲུང་གོ)སྨི་ཞི་ཞི་པི་གཙང་བོ (ཨ་མེ་རི་ཁ)གསུམ་གྱི་སྤྱིའི་བཞུར་ཚད་ལས་ད་དུང་ལྡབ་འགའི་ཆེ་བ་ཡོད། ཕལ་ཆེར་འབྲི་ཆུ་བདུན་གྱི་བཞུར་ཚད་དང་འདྲ་ཞིང་འཛམ་གླིང་ཆུ་བོའི་སྤྱིའི་བཞུར་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་པ། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི691.5ཡོད་པ་དེས་མེ་གླིང་ལྷོ་མའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། ཆུ་ལག་ཁྲི1.5ཡན་ཡོད་པ་དེ་མེ་གླིང་ལྷོ་མའི་ས་གཞི་ཀུན་ཏུ་ཁྱབ་ཅིང་འབབ་རྒྱུད་གྱི་རྒྱ་ཁྱོན་ཨོ་སི་ཁྲི་ལི་ཡ་ཧྲིལ་བོ་དང་མཚུངས། ཆུ་ལག་ཁྲོད་རིང་ཚད་སྟོང་སྨི1600ཡན་གྱི་ཆུ་བོ་བདུན་ཙམ་ཡོད་ལ་དེ་ལས་ཆེས་རིང་བ་མ་ཏའེ་ལ་གཙང་བོ་ཡིན་ལ་དེའི་རིང་ཚད་ལ་སྟོང་སྨི3200ཡོད། ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ཚ་ཁུལ་ཆར་ནགས་མང་ཆེ་བ་པར་ཙིལ་མངའ་ཁོངས་སུ་ཡོད། རྒྱ་ཁྱོན་ཕལ་ཆེར་ཧིན་རྡུའི་ལྡབ་གཉིས་ཡིན་ལ་མཚོ་འཕགས་སྨི200ཡན་བརྒལ་མེད། ཡ་མ་སུན་གཙང་བོའི་ས་དབྱིབས་བདེ་ཞིང་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་འཕེལ་འགྲིབ་ཀྱིས་ཤུགས་རྐྱེན་ཐེབས་པའི་ཆུ་མཚམས་སྟོང་སྨི966ཡོད།

རིགས་དབྱེ།  

རྐ་རྒན།

རྐ་རྒན(རྨ་ཆུར་ནུབ་ཟིན)ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྔར་གྱི་འཁྱིལ་ཁུག་ཡུལ་ཚོའི་འཁྱིལ་ཁུག་སྡེ་བའི་ནུབ་ངོས་ཀྱི་ཆབ་ཆ་གྲམ་པའི་འབབ་ཆུ་དེ་ཡིན།

རིགས་དབྱེ།  

རྐ་སྐྱེར་བ།

རྐ་སྐྱེར་བ(རྨ་ཆུར་ནུབ་ཟིན)ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྔར་གྱི་འཁྱིལ་ཁུག་ཡུལ་ཚོའི་འཁྱིལ་ཁུག་སྡེ་བའི་ནུབ་ངོས་ཀྱི་ཆབ་ཆ་གྲམ་པའི་འབབ་ཆུ་དེ། འཁྱིལ་ཁུག་གཞོངས་ཁོག་གི་ཞིང་སར་འདྲེན་བྱེད་ཀྱི་གཞུང་རྐ་ཞིག་ཡིན།

རིགས་དབྱེ།  

བྲག་དཀར་ཆུ།

བྲག་དཀར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་བརྒྱུད་ནས་མཚོ་སྔོན་པོར་འབབ་ཀྱིན་ཡོད་ཅིང་། ཆུའི་རིང་ཚད་ལ་སྤྱི་ལེ12ཙམ་ཡོད།

རིགས་དབྱེ།  

རྡོ་ཆུ་ཁྲ་རིས།

རྡོ་ཆུ་ཁྲ་རིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆུ་འདི་ནི་ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ31གི་མཚམས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་སྦྲུལ་མགོ་ལུང་བ་ཡིན་ཞིང་ཆུ་རྔ་ནི་དབོ་ཡེ་ཆུར་འདྲེས་ཡོད། རིང་ཚད་ལ་སྤྱི་ལེ6ཙམ་ཡོད།

རིགས་དབྱེ།  

འབྲི་ཆུའི་འབབ་རྒྱུད།

འབྲི་ཆུའི་འབབ་རྒྱུད་ནི་ཤར་གྱི་ཧྲང་ཧའེ་ནས་ནུབ་ཀྱི་སི་ཁྲོན་ཕན་ཀྲི་ཧ་བར་གྱི་མཚམས་དེའི་ཤར་ནུབ་དབར་བར་ཐག་སྟོང་སྨི3000ལྷག་ཙམ་ཡོད་པ་དང་། ལྷོ་བྱང་བར་གྱི་ཞེང་ཚད་ལ་སྟོང་སྨི100-200བར་ཡོད་པའི་དམིགས་བསལ་གྱི་ས་རྒྱུད་ཅིག་ཡིན། འབྲི་ཆུའི་འབབ་རྒྱུད་གྱི་ས་རྒྱུད་གནས་བབ་དང་རང་བྱུང་ཆ་རྐྱེན་གཉིས་ཀ་བཟང་པོ་ཡོད།

རིགས་དབྱེ།  

རྫ་ཆུ།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་ཀྱི་གདང་ལ་རི་རྒྱུད་དུ་གཏོགས་པའི་རི་བོ་ཤྭ་ར་སྐྱ་ནས་འབབ་ཀྱིན་ཡོད། འབབ་ཡུལ་ནི་ཆབ་མདོ་དང་སྨར་ཁམས་ཡུན་ནན་སོགས་བརྒལ་ནས་མེ་ཀོང་གཙང་བོར་འདྲེས་ཏེ་འབར་མ་དང་། ལའོ་ཝུའོ། ཐེ་གོ ཇན་ཕུའུ་ཀྲའེ་བཅས་རྒྱལ་ཁབ་མང་བོ་བརྒྱུད་མཐར་ཡོ་ནན་རྒྱལ་ཁབ་ཀྱི་རྒྱ་མཚོ་ལྷོ་མར་འབབ་ཀྱིན་ཡོད།

རིགས་དབྱེ།  

ཆུ་བོ།

ཀྲུང་གོ་རུ་ཆུ་ཕུགས་ཟབ་ལ་རྒྱུག་ཐག་རིང་བའི་གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོ་མང་པོ་ཡོད། དེའི་ནང་དུ་རྒྱུག་ཡུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི1000བརྒལ་བའི་ཆུ་བོ1500ལྷག་ཙམ་ཡོད། ནུབ་ངོས་མཐོ་ཤིང་ཤར་ངོས་དམའ་བའི་ས་བབ་ཀྱི་ཤུགས་རྐྱེན་འོག་ཆུ་བོ་མང་ཆེ་བ་ནི་ནུབ་ནས་ཤར་དུ་བརྒྱུགས་ནས་མཐར་ཞི་བདེ་རྒྱ་མཚོར་བབས། ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་འགའ་ཤས་ཤིག་ལྷོ་ཕྱོགས་སུ་བརྒྱུགས་ནས་ཧིན་རྡུ་རྒྱ་མཚོར་བབས་པ་དང་། ཞིན་ཅང་གི་བྱང་ངོས་ཆུ་བོ་གཅིག་བྱང་ཕྱོགས་སུ་བརྒྱུགས་ནས་བྱང་འཁྱགས་རོམ་རྒྱ་མཚོར་བབས་པའོ།

རིགས་དབྱེ།  

འཇང་ཆུང་ཆུ།

འཇང་ཆུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ་གྱི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་མགོ་ཁུངས་ནི་ཞོལ་མ་ཡུལ་ཚོའི་ཁོངས་རོལ་གྱི་ཁྱ་ལྡང་ལུང་བར་ཐུག་ཡོད་དེ། འཇང་ཆུང་ལུང་བའི་ནགས་ར་བརྒྱུད་ནས་རྨ་ཆུར་འདྲེས་ཡོད།

རིགས་དབྱེ།  

འཇང་ཆེན་ཆུ།

འཇང་ཆེན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་ཕུ་མགོ་ནི་རྨོག་དཀར་རྫ་སྔོན་ལ་ཐུག་ཡོད།

རིགས་དབྱེ།  

རྐ་རྒན་ཆུ།

རྐ་རྒན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདི་ནི་གླང་མ་ཆབ་ཆེན་གྱི་རྫ་གསེང་ནས་ཐོན་རྗེས། ཤར་ནས་ནུབ་ཏུ་བཞུར་ཏེ་སྤྱི་ལེ40ཡི་མཚམས་ནས་ནུབ་བྱང་ཕྱོགས་སུ་དཀྱོགས་ཤིང༌། དེ་ནས་ཤང་ཁྲི་དགོན་པའི་ཉེ་འདབས་སུ་བསླེབས་རྗེས། སླར་ཡང་བྱང་ཤར་ཕྱོགས་སུ་བཞུར་ཏེ་རྐ་འབའ་སུམ་མདོ་ནས་འབའ་ཆུར་འདྲེས་ཡོད།

རིགས་དབྱེ།  

རོང་བོ་དགུ་ཆུ།

རོང་བོ་དགུ་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་གི་དབུས་ཁུལ་དུ་ཡོད་དེ། ལྷོ་ནས་བྱང་དུ་མངའ་ཁོངས་ཡོངས་སུ་བརྒྱུད་པའི་ཆུ་བོ་ཞིག་ཡིན། འབྱུང་ཁུངས་ནི་རྩེ་ཁོག་རྫོང་དཔྱི་ས་ཡུལ་ཚོའི་མགོ་ཁུངས་ནང་ཡིན།

རིགས་དབྱེ།  

རྫ་ཁོག་ཆུ།

རྫ་ཁོག་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཟུར་ནས་སྤྱི་ལེ10ཕྱིན་པའི་མཚམས་ཀྱི་ཤ་སྦྲང་སྡེ་བའི་ནུབ་ངོས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

དེའི་བར་ཆུ།

དེའི་བར་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཏུ་སྤྱི་ལེ14.5ཕྱིན་པའི་མཚམས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

རབ་ཆུ།

རབ་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་བློན་ཆོས་ཡུལ་ཚོ་སྲིད་གཞུང་གི་ནུབ་ཏུ་སྤྱི་ལེ4.5ཕྱིན་པའི་མཚམས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

དྭངས་མོ་ཆུ།

དྭངས་མོ་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་བློན་ཆོས་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོར་སྤྱི་ལེ17.5ཕྱིན་པའི་མཚམས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

རྫ་དམར་ཞྭ་ཆུ།

རྫ་དམར་ཞྭ་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་བློན་ཆོས་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོར་སྤྱི་ལེ21.5ཕྱིན་པའི་མཚམས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

རྡོ་རྒན་ཆུ།

རྡོ་རྒན་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་བློན་ཆོས་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོར་སྤྱི་ལེ12.5ཕྱིན་པའི་མཚམས་སུ་ཡོད་པའི་ཆུ་བོ་ཞིག་ཡིན།

རིགས་དབྱེ།  

བོད་ཁོག་ཆུ།

བོད་ཁོག་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་བློན་ཆོས་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོར་སྤྱི་ལེ15ཕྱིན་པའི་མཚམས་སུ་ཡོད་པའི་རོང་བོ་དགུ་ཆུའི་ཆུ་རྒྱུན་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

གླིང་ཆུ།

གླིང་ཆུ་ནི་ཆུ་མགོ་རྨ་ལྷོ་ཁུལ་རེབ་གོང་རྫོང་མགར་རྩེ་ཡུལ་ཚོ་དང་ཞོ་འོང་དཔྱིས་ཡུལ་ཚོའི་མངའ་ཁོངས་སུ་ཆུ་ཕྲན་བཅུ་ལྷག་དཀྱུས་གཅིག་ཏུ་འདྲེས་ཏེ། ཞོ་འོང་དཔྱིས་ཡུལ་ཚོ་དང་གླིང་རྒྱ་སྡེ་བ། འཇམ་དང་ལྷ་ཁང་། རྐ་བར་མ་སྡེ་བ་བཅས་བརྒྱུད་ནས་རོང་བོ་དགུ་ཆུར་འབབ་པ་རེད།

རིགས་དབྱེ།  

གཏིང་དཀར་ཆུ།

གཏིང་དཀར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ1ཙམ་གྱིས་ཆོད་པའི་གཏིང་དཀར་ལུང་བའི་ནང་འབབ་བཞིན་ཡོད།

རིགས་དབྱེ།  

ཀ་རིང་ཆུ།

ཀ་རིང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་མངའ་ཁོངས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་ཀ་རིང་ཡུལ་ཚོ་དགོ་མང་ལ་རྟིང་གི་བྲག་དམར་ཆུ་འཁྱིལ་གྱི་ཆུ་ལ་ཐུག་ཡོད་ཅིང་། ཆུ་དེའང་བྲ་ཤུར་ལུང་བའི་ཆུ་དང་ཨ་རོགས་ཚང་ལུང་བའི་ཆུ་དང་འདྲེས་རྗེས། རིམ་བཞིན་བྲ་ཤུར་དང་། མཚེ་མགུ། རྩ་རིང་མོ། ཀ་རིང་ལ་སོགས་པའི་ཡུལ་སྡེ་དུ་མ་བརྒྱུད་ནས་མཐར་ཨ་སྐུང་མདོ་ནས་རྨ་ཆུར་འདྲེས། ཆུ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ36.5དང་། གྲམ་པའི་ཞེང་ཚད་ལ་སྨི20ལྷག་ཡོད་ལ། འབབ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ237བཅས་ཡོད།

རིགས་དབྱེ།  

ལྕང་ར་ཆུ།

ལྕང་ར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ7ཙམ་གྱི་མཚམས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་ཨ་མྱེས་རྒོད་རྩེའི་ལྷོ་རྒྱུད་ལ་ཐུག་ཡོད་ཅིང་། དེ་ནས་ཐོན་རྗེས་རིམ་བཞིན་ལོ་ཡག་དང་། བྲག་དམར་ནང་། སམ་བྷ་སྡེ་བ་བཅས་བརྒྱུད་ནས་མཐར་སམ་བྷ་སྡེ་བའི་ལྷོ་ཕྱོགས་སུ་རྨ་ཆུ་རུ་འདྲེས་ཡོད། ཆུ་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ10.3དང་། གྲམ་པའི་ཞེང་ཚད་ལ་སྨི15 འབབ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ67.7བཅས་ཡོད།

རིགས་དབྱེ།  

གཡུ་ཚའི་ཆུ་ཆེན།

གཡུ་ཚའི་ཆུ་ཆེན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་བོ་ཞིག་སྟེ། ཆུ་བོ་འདིའི་མགོ་ཁུངས་ནི་ཉི་ཟེར་གོང་ཁའི་ལྷོ་འདབས་སུ་ཐུག་ཡོད་ཅིང་། ཆུ་བོ་འདི་ནི་རང་གི་སྟོད་རྒྱུད་ཀྱི་ཤར་ནུབ་གཉིས་ནས་བཞུར་འོངས་པའི་ཆུ་ལག་དུ་མ་ཞིག་སྟེ། འབྲོང་ལུང་ཆུ་དང་། སྨན་ལུང་ཆུ། འབྲུག་དོང་གྲམ་པའི་ཆུ། གྲམ་པ་སྲེ་རུའུ་ཆུ། ཕོ་རོག་ཆེ་ཆུང་གི་ཆུ། ཉི་མ་ལུང་གི་ཆུ། འུག་ལུང་ནང་མགོའི་ཆུ། ལ་རྒན་ཆུ། ཁྱུང་ཚ་གོང་ཞོལ་གྱི་ཆུ། འབྲུག་མོ་སྦྲའི་ཆུ། ཐོང་ལྕགས་སུམ་སྣའི་ཆུ། གསེག་ཁུག་ཆུ། བམ་འཁྱོག་གོང་ཞོལ་གྱི་ཆུ། ལུང་ཡངས་ནང་མགོའི་ཆུ། སྐྱ་བདུན་གྲམ་པའི་ཆུ། ཨ་རོགས་གསེང་ནང་མགོའི་ཆུ་བཅས་ཆུ་ལག་བཅུ་དགུ་ཕྱོགས་གཅིག་ཏུ་འདྲེས་ནས། གཡུ་ཚ་སྡེ་བའི་ས་ཐོག་དེད་དེ་རིམ་བཞིན་གཅོང་རོང་འགག་དང་། སྒ་ཁྲ། རྡོ་རིས་ཚང་སྡེ་བ་བཅས་བརྒྱུད་ནས་མཐར་ཧོར་རྒྱལ་གྲམ་པའི་མདོ་རུ་རྨ་ཆུར་འདྲེས་ཤིང་། སྤྱིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ90ཡས་མས་ཡོད། ཆུ་བོ་འདིའི་ཕུ་མགོ་ནས་བཟུང་ཆུ་ནུབ་གྲོང་རྡལ་གྱི་ཧོར་རྒྱལ་སྡེ་བའི་ས་མཚམས་ལ་ཐུག་གི་བར་དུ་འདི་ལ་གཡུ་ཚའི་ཆུ་ཆེན་ཟེར། དེ་ནས་ཧོར་རྒྱལ་སྡེ་བའི་ཁོངས་སུ་བཞུར་ནས་རྨ་ཆུ་ལ་འདྲེས་པའི་བར་དུ་འདི་ལ་ཧོར་རྒྱལ་ཆུ་ཟེར།

རིགས་དབྱེ།  

གསེར་ཆུང་ཆུ།

གསེར་ཆུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་མངའ་ཁོངས་ན་ཡོད་ཅིང་། ཆུ་བོ་འདིའི་འབྱུང་ཁུངས་ནི་རྨ་བྱང་ཡུལ་ཚོ་ཁོངས་རོལ་གྱི་རྫ་དཀར་ཁྲབ་གོན་ལ་ཐུག་ཡོད་ཅིང༌། རིང་ཚད་ལ་ཧ་ལམ་སྤྱི་ལེ21ཡོད།

རིགས་དབྱེ།  

གསེར་ཆེན་ཆུ།

གསེར་ཆེན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་མངའ་ཁོངས་ན་ཡོད་ཅིང་། ཆུ་བོ་འདིའི་འབྱུང་ཁུངས་ནི་རྨ་བྱང་ཡུལ་ཚོ་ཁོངས་རོལ་གྱི་རྩེ་འདུས་རི་གོང་མའི་རི་འདབས་ལ་ཐུག་ཡོད་ཅིང༌། རིང་ཚད་ལ་ཧ་ལམ་སྤྱི་ལེ40ལྷག་ཡོད།

རིགས་དབྱེ།  

བྱེ་ཆུ།

བྱེ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ72ཀྱི་མཚམས་ན་ཡོད།

རིགས་དབྱེ།  

རྨ་ཆུ།

རྨ་ཆུ་ནི་མདོ་དབུས་མཐོ་སྒང་གི་ཁྲ་ལ་རི་བོ་ནས་མར་གཅན་ཚའི་མངའ་ཁོངས་སུ་བཞུར་ཅིང་། རང་རྒྱལ་བྱང་ཕྱོགས་ཀྱི་ཆུ་བོ་ཆེན་པོ་ཞིག་ཡིན་ཏེ། འཛམ་གླིང་གི་ཆུ་བོ་ཆེན་པོ་ཨང་ལྔ་བ་དང་། རང་རྒྱལ་གྱི་ཆུ་བོ་ཆེན་པོ་ཨང་གཉིས་པ་ཟིན་ཡོད།

རིགས་དབྱེ།