ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >གུས་སྲོལ།

སློབ་མ་སྣོད་རུང་དུ་བྱ་བའི་གདམ་ངག

པོ་ཏོ་བ་རིན་ཆེན་གསལ་གྱི་མཛད་པའི་སློབ་མའི་ལེགས་བཤད་གདམ་པ།

རིགས་དབྱེ།  

མནའ་ཡིག

ཁས་བླངས་པའི་དོན་གྱི་བདེན་པ་མཚོན་ཕྱིར་དཔང་པོར་བཅོལ་ནས་དམོད་འདོར་བའི་ལས་སྦྱོར་ཞིག་ལ་ཟེར།

རིགས་དབྱེ།  

ཡུལ་ལྷའི་རྟེན་མཁར།

ཡུལ་ལྷའི་རྟེན་མཁར་ཞེས་པ་མདོ་ཁམས་སྟོད་སྨད་ཀྱི་ཡུལ་ལྷ་གྲགས་ཅན་ཕལ་ཆེར་ལ་བཞེངས་ཡོད་པའི་རྟེན་མཁར་དེ་ལ་ཟེར།

རིགས་དབྱེ།  

སྤྱི་ཚོགས་སྤྱོད་བཟང་།

སྤྱི་ཚོགས་སྤྱོད་བཟང་ཞེས་པའི་བསྡུས་མིང་ལ“སྤྱི་བའི་སྤྱོད་བཟང”ཟེར་ཞིང་། དེ་ནི་སྤྱི་ཚོགས་ཀྱི་ཚོགས་པའི་ཁྲོད་དུ་གནས་པའི་ཀུན་སྤྱོད་དང་། སྤྱི་ཚོགས་ཁྲོད་དུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་ང་ཚོའི་ཚོགས་པའི་ཁེ་ཕན་གྱི་ཆེད་དུ་གོམས་སྲོལ་ཆགས་པའི་ཁ་དན་བཞག་པའི་ང་ཚོས་ཅི་ཞིག་སྒྲུབ་དགོས་པ་དང་ཅི་ཞིག་སྒྲུབ་མི་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ལ་ཟེར།

རིགས་དབྱེ།  

ཀུན་སྤྱོད་ཀྱི་བྱ་སྤྱོད།

ཀུན་སྤྱོད་འདུ་ཤེས་ངེས་ཅན་ཞིག་གི་འོག་ནས་མངོན་པའི་མི་གཞན་དང་སྤྱི་ཚོགས་ལ་ཀུན་སྤྱོད་ཀྱི་དོན་སྙིང་ལྡན་པའི་བྱེད་སྒོ། དེ་ནི་མིའི་ཀུན་སྤྱོད་ཤེས་རྟོགས་ཀྱི་ཕྱིའི་མཚོན་ཚུལ་བྱེ་བྲག་པ་ཡིན་པ་དང་། ཀུན་སྤྱོད་ཀུན་སློང་མངོན་འགྱུར་བྱེད་པའི་ཐབས་ཤེས་ཡིན་ལ། “ཀུན་སྤྱོད་མ་ཡིན་པའི་བྱ་སྤྱོད”དང་བལྟོས་བཅས་སུ་གྲུབ་ཡོད། ཀུན་སྤྱོད་ཀྱི་བྱ་སྤྱོད་དང་ཀུན་སྤྱོད་མེད་པའི་བྱ་སྤྱོད་རིགས་གཉིས་ཚུད་ཡོད། དུས་རབས་དང་། མི་རིགས། སྤྱི་ཚོགས། གྲལ་རིམ་བཅས་མི་འདྲ་བའི་ཁྲོད་བྱ་སྤྱོད་དེ་གཉིས་ལ་ཚད་གཞི་མི་འདྲ་བ་རེ་ཡོད། སྤྱིར་བཏང་དུ་བཤད་ན། ཀུན་སྤྱོད་ཀྱི་བྱ་སྤྱོད་ནི་མི་གཞན་དང་སྤྱི་ཚོགས་ལ་ཕན་པའི་བྱ་སྤྱོད་ཅིག་ཡིན། དེ་ལས་ལྡོག་ན་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་ཡིན།

རིགས་དབྱེ།  

ཀུན་སྤྱོད་ཀྱི་རྩ་དོན་དང་ཚད་གཞི།

ཀུན་སྤྱོད་ཀྱི་རྩ་དོན་དང་ཚད་གཞི། སྤྱི་ཚོགས་དང་གྲལ་རིམ་ངེས་ཅན་ཞིག་གིས་རང་གི་ཁེ་ཕན་དང་དགོས་མཁོར་གཞིགས་ཤིང་ཀུན་སྤྱོད་འཚོ་བའི་ཉམས་མྱོང་ཁྲོད་གྲུབ་པ་ཞིག་ཡིན་ལ། མི་རྣམས་ཀྱི་བྱ་སྤྱོད་དང་ཕན་ཚུན་བར་གྱི་འབྲེལ་བ་སྙོམ་སྒྲིག་བྱེད་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཡིན།

རིགས་དབྱེ།  

ཆུ་ཕུད།

ཆུ་ཕུད་ནི་བོད་མིར་ལོ་གསར་ཚེས་གཅིག་གི་ཞོགས་པ་ངེས་པར་དུ་ཆུ་ཕུད་ལེན་པའི་སྲོལ་ཞིག་ཡོད་པ་དེ་ཡིན།

རིགས་དབྱེ།  

བཀྲ་ཤིས་བདེ་ལེགས།

བཀྲ་ཤིས་བདེ་ལེགས་ཞེས་པ་ནི་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར། མཁས་པའི་གསུང་འབུམ། གཞི་བདག་གི་བསང་མཆོད་སོགས་ཀྱི་ནང་དུ་ཡོངས་ཁྱབ་ཏུ་བཀོད་པའི་ཚིག་གཅིག་ཡིན་པར་མ་ཟད། དེང་སང་བོད་མི་ཕལ་མོ་ཆེའི་ངག་ཏུ་བྱང་བའི་རྒྱུན་སྤྱོད་ཀྱི་ཚིག་ཅིག་རེད།

རིགས་དབྱེ།  

སྲི་སྙོར་རྒྱས་འདད།

སྲི་སྙོར་རྒྱས་འདད་ནི་རྒྱ་ཡིག་གི་ཐ་སྙད་ཅིག་ཡིན། དེ་ནི་འདས་པོ་གལ་ཆེན་པོར་བརྩི་བའི་བསམ་བློར་གོ་སྟེ། མི་ཞིག་འཚོ་བཞུགས་སྐབས་སུ་སྤྱིར་བཏང་ཡིན་ཡང་ཤི་བའི་རྗེས་སུ་ངེས་པར་དུ་གལ་ཆེན་པོར་བརྩིས་ནས་དུར་མཆོད་ལེགས་པོ་བྱེད་པ་ལ་ཟེར། གཞན་ཡང་བུ་ཕྲུག་གིས་ཕ་མ་འཚོ་བཞུགས་སྐབས་སེམས་ནུས་ཡོད་རྒུ་བཏོན་ནས་སྲི་ཞུ་མི་བསྒྲུབ་པར། ཚེ་ལས་འདས་རྗེས་འདས་མཆོད་རྒྱ་ཆེན་པོ་བསྒྲུབས་ཏེ་རང་ཉིད་ཀྱི་རྒྱུ་སྟོབས་ངོམ་པ་དང་སྲི་ཞུ་ཡོད་མདོག་སྟོན་པའི་སྤྱོད་ཚུལ་ངན་པར་ཡང་གོ

རིགས་དབྱེ།  

སྤྱི་ཚོགས་འབྲེལ་བའི་གུས་སྲོལ།

《སྤྱི་ཚོགས་འབྲེལ་བའི་གུས་སྲོལ》ནི་པེ་ཅིང་མཐོ་རིམ་སློབ་གསོ་སྒྲ་བརྙན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་སྤྱི་ཚོགས་འབྲེལ་བའི་གུས་ལུགས་ཀྱི་སྒྲ་བརྙན་ཐོན་རྫས་ཤིག་ཡིན་པ་དང་རྩོམ་པ་པོ་ནི་ཀྲོའུ་སི་མིན་ཡིན།

རིགས་དབྱེ།  

བོད་མིའི་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན།

​བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་གི་སྔོན་ནས་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པར་བརྟེན། མི་དང་མི་ཡི་བར་ལ་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཟང་བོ་ཡོད་ཅིང་དེ་ལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

གུས་ཞབས་གྱི་འཛེམ་བྱ།

བོད་མིར་རྒན་པར་བརྩི་བཀུར་དང་གཞོན་པར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད་ལ་འདིར་དེའི་སྐོར་གྱི་ཤེས་བྱ་ཕྲན་བུ་ངོ་སྤྲོད་བྱས་ཡོད་དོ།།

རིགས་དབྱེ།  

ཁ་བཏགས།

ཁ་བཏགས་ཞེས་པའི་བོད་མིང་དངོས་ནི་ཁ་དར་ཡིན། སྐྱེས་བུ་ལ་མཇལ་ཁ་ཞུ་བའི་དར་རམ། རྟེན་འབྲེལ་ཞུ་ཁའི་འབུལ་དར་ཡིན་པས་དེ་ལྟར་ཐོགས། ཕྱིས་སུ་རྒྱ་ནག་དང་། སོག་ཡུལ་དུའང་རིམ་བཞིན་དར་བ་ལ་བརྟེན་ནས། རྒྱ་སོག་གིས་བོད་སྐད་ཀྱི་བརྡ་ཇི་བཞིན་མ་ཐོན་པས་ཁ་དར་ལ། ཧ་བཏགས་སམ་ལ་བཏགས་ཞེས་བརྗོད་པའི་ཤུགས་རྐྱེན་ལས་ཟུར་ཆག་སྟེ་ཁ་བཏགས་ཞེས་ཀྱང་གྲགས་པར་གྱུར་ཏོ།།

རིགས་དབྱེ།