ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >དུས་ཆེན།

དཔལ་ལྷའི་དུས་ཆེན།

དཔལ་ལྷའི་རི་ཁྲོད་དམ་དཔལ་ལྷའི་དུས་ཆེན(班丹拉姆节)ནི་བོད་དབུས་ཁུལ་གྱི་དུས་ཆེན་ཞིག་སྟེ། བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་ཡིན་ཅིང་། ཟླ་བ་དེའི་ཚེས་གཅིག་ནས་བཟུང་ལྷ་ས་ཁུལ་དུ་རྣམ་ཀུན་གྱི་སློང་མོ་བ་འདྲ་མིན་ཁག་ཙམ་མ་ཟད། བྱིས་པ་དང་ལྷ་ཁང་ཁག་གི་དཀོར་གཉེར་སོགས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད་དོ།།

རིགས་དབྱེ།  

ཀོང་པོའི་ལོ་གསར།

བོད་ལྗོངས་ཀོང་པོའི་ཡུལ་དུ་བོད་ཀྱི་ལོ་གསར་སྔ་གཏོང་བྱེད་སྲོལ་ཡོད་དེ། སྟོན་དགུན་གཉིས་ཀྱི་མཚམས་ཏེ་བོད་ཟླ་བཅུ་བའི་ཚེས་གཅིག་ལ་ལོ་སར་བ་ཡིན། དེ་ནི་བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་ཡིན་པ་དང་། ལོ་མང་པོའི་ཡར་སྔོན་དུ་ཀོང་པོ་ས་ཁུལ་གྱི་ལོ་གསར་ནི་བོད་ལྗོངས་ཀྱི་ས་ཆ་གཞན་པ་དང་གཅིག་མཚུངས་སུ་བོད་ཟླ་དང་པོའི་ཚེས་གཅིག་ཉིན་གཏོང་བ་རེད། ཀོང་པོའི་ལོ་སར་སྐབས་སུ་ཁྱི་ལ་གསོལ་སྟོན་བཤམས་པ་དང་འདྲེ་བདའ་བ། ཞིང་ལྷ་གསོལ་བ་དང་བསང་མཆོད་འབུལ་བ། རྟ་རྒྱུག་མདའ་འཕེན། འཇུ་རེས་སྦེ་ག གྲིའི་རྣོ་ཆོད་དང་ཤེད་རྡོ་འགྲན་པ། གླུ་གཞས་གཏོང་བ་སོགས་སྲོལ་ལུགས་དང་རྩེད་མོ་སྣ་ཚོགས་ཡོད།

རིགས་དབྱེ།  

ཀླུ་མཆོད་དུས་ཆེན།

ཀླུ་མཆོད་དུས་ཆེན་ནི་ལྷ་སའི་ཉེ་འཁོར་གྱི་ཡུལ་གྲོང་སོ་སོ་ནས་ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཀླུ་རིགས་དད་མཆོད་བྱེད་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན།

རིགས་དབྱེ།  

གཙང་གི་གཟིགས་མོ་ཆེན་པོ།

གཙང་གི་གཟིགས་མོ་ཆེན་པོ་ནི་བོད་ཟླ་བརྒྱད་པའི་ཚེས་གསུམ་ནས་ཚེས་དྲུག་བར་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ཉེ་འཁོར་དུ་སེར་སྐྱ་མང་ཚོགས་ལྷན་འཛོམས་ཀྱིས་འཆམ་ལ་གཟིགས་པའི་དུས་ཆེན་ཞིག་རེད།

རིགས་དབྱེ།  

ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཆོ་འཕྲུལ་སྨོན་ལམ་ནི་ལུགས་རྙིང་གི་ཟླ་དང་བོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཡིན་ཞིང་། དེའི་དུས་སུ་བོད་ཡུལ་གྱི་དགེ་ལུགས་པའི་དགོན་པ་སོ་སོ་ནས་ཆོས་ཀྱི་མཛད་སྒོ་གཟབ་རྒྱས་བསྡུས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགྱེས་དགུར་རོལ་བ་ཞིག་ཡིན།

རིགས་དབྱེ།  

ཐོང་སྐར་དུས་ཆེན།

ཐོང་སྐར་དུས་ཆེན་ནི་ཞིང་ལས་ས་ཁུལ་གྱི་དཔྱིད་ཀའི་སོན་འདེབས་དུས་ཆེན་ཞིག་ཡིན་ལ། ས་ཆ་ལ་ལས་དེ་ལ་གཉའ་སྦྲེལ་དུས་ཆེན་ཡང་ཟེར། ཨ་མདོའི་ས་ཆ་ནས་ཞིང་རྨོད་བྱེད་ཀྱི་ཡོ་བྱད་གཤོལ་མདའི་སྣེ་མོར་སྤྲད་པའི་ས་ལ་ཟུག་པའི་རྩེ་རྣོན་པོ་དེ་ལ་ཐོང་ཟེར་ཞིང་། ཐོང་གི་སྣེ་ལ་སྤྲད་ཡོད་པའི་ལྕགས་ཟུར་གསུམ་པ་དེ་ལ་ཐོང་ལྕགས་ཟེར་བ་ཡིན། སོ་ནམ་པ་ཚོས་དཔྱིད་ཀར་ཞིང་འདེབས་མགོ་རྩོམ་པའི་སྟ་གོན་ཆོ་ག་ལ་རྨོན་དོར་ཟུང་གི་གཉའ་ཤིང་སྟེང་ཐོང་གཤོལ་སྤྲེལ་ཏེ་ཐོག་མར་ཞིང་འདེབས་རྨོ་སློག་བྱེད་པ་དེ་ལ་ཡོངས་གྲགས་སུ་ཐོང་སྐར་ཕྱེ་བ་ཟེར།

རིགས་དབྱེ།  

དགའ་ལྡན་སྒྲུབ་མཆོད།

དགའ་ལྡན་སྒྲུབ་མཆོད་ནི་རྗེ་ཙོང་ཁ་པའི་མཛད་ཆེན་བཞིའི་ཡ་གྱལ་ཡིན། དཀྱིལ་འཁོར་སྒྲུབ་མཆོད་དེ་ལོ་རེ་རེའི་བོད་ཟླ་གཉིས་པའི་ཚེས་གསུམ་ནས་ཚེས་བཅོ་ལྔའི་བར་དགེ་ལུགས་པའི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་ཉམས་བཞེས་ཀྱི་སྒྲུབ་མཆོད་ཚུགས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཆོ་ག་ཉམས་བཞེས་ཀྱིས་སྒྲུབ་མཆོད་ཧ་ཅང་གཟབ་རྒྱས་ངང་གནང་བ་ཞིག་ཡིན།

རིགས་དབྱེ།  

དྲུང་སྤྱི་དབྱར་སྐྱིད།

དྲུང་སྤྱི་དབྱར་སྐྱིད་ནི་ལྷ་སའི་སྐུ་དྲག་རྣམས་ཀྱིས་བོད་ཟླ་བརྒྱད་པའི་ནང་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་དྲུང་སྤྱི་གླིང་ག་དང་ཕྱག་མཛོད་གླིང་ག འཕྲལ་བདེ་གླིང་ག་སོགས་ལ་གུར་བརྒྱབ་ནས་གཏོང་བ་ཞིག་ཡིན།

རིགས་དབྱེ།  

ཕ་བོང་ཐང་སྐོར་དུས་ཆེན།

ཕ་བོང་ཐང་སྐོར་དུས་ཆེན་ནི་བྱང་རྭ་སྒྲེང་དགེ་འཕེལ་གླིང་གི་ལྷོ་ནུབ་མཚམས་སུ་གནས་པའི་ཕ་བོང་ཐང་དེར་འཆར་ཅན་དུ་ཚོགས་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བ་མ་བ་བཞི།

བ་མ་བ་བཞི་ནི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔའི་ཉིན་ཡིན་ལ། ས་ཆ་ལ་ལས་དུས་བཟང་འདི་ལ་ལྔ་བའི་བ་བཞི་ཡང་ཟེར། ཉིན་འདིར་བོད་ཡུལ་གྱི་ས་ཁུལ་མང་ཤས་ཀྱིས་སངས་རྒྱས་སྨན་བླའི་ཐུན་མིན་གྱི་བྱིན་རླབས་ཞུགས་པའི་དུས་བཟང་ཡིན་པར་བརྩིས་ནས་ཆུ་ཐམས་ཅད་སྨན་ཆུ་དང་རྩྭ་རྩི་ཤིང་ཐམས་ཅད་སྨན་ལྗོན་དུ་བསམས་ནས། ཆུ་གཙང་མས་ཁ་ལག་འཁྲུད་པ་དང་། མེ་ཏོག་གི་ཕྲེང་བ་བཟོས་ནས་སྐེ་ལ་གོན་པ། སྡོང་ལོའི་བསིལ་ཞྭ་ལས་ནས་མགོ་ལ་གྱོན་པ་སོགས་བྱེད།

རིགས་དབྱེ།  

བཀའ་ཤག་ཐུགས་སྤྲོའི་དུས་བཟང་།

བཀའ་ཤག་ཐུགས་སྤྲོའི་དུས་བཟང་ནི་ལོ་ལྟར་བོད་ཟླ་བརྒྱད་པ་ཙམ་ལ་གཏོང་སྲོལ་ཡོད། དེ་ནི་ཐོག་མར་རྒྱལ་དབང་བདུན་པའི་སྐབས་སུ་བཀའ་ཤག་ལས་ཁུངས་ཀྱི་སྐུ་དྲག་རྣམས་སྤྲོ་གསེང་ལ་ཕེབས་ནས་ཉིན་གྲངས་བདུན་ཙམ་གྱི་རིང་ལ་སྤྲོ་སྐྱིད་བྱེད་པ་དེ་ནས་དཔེ་སྲོལ་དེ་དར་པ་ཡིན།

རིགས་དབྱེ།  

བཞི་བའི་བཅུ་གཅིག

བཞི་བའི་བཅུ་གཅིག་གི་ཉིན་མོ་ནི་བོད་ཡུལ་གྱི་ས་གནས་བྱེ་བྲག་པའི་ཆོས་ལུགས་གོམས་སྲོལ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

བཞི་བའི་སྨྱུང་གནས།

བཞི་བའི་སྨྱུང་གནས་ནི་ལུགས་རྙིང་གི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་བོད་ཡུལ་གྱི་དགོན་གྲོང་སོ་སོ་རུ་སྐྱེས་ཕོ་མོ་རྒན་གཞོན་ཚོས་སྡོམ་པ་དང་སྨྱུང་གནས་བསྲུང་བ་དང་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་ནས་ཆར་འབེབས་ཀྱི་ཆོ་ག་སྤེལ་བཞིན་གཟབ་མཆོར་རྒྱན་གོས་སོགས་སྤྲས་ནས་ལྷ་ཀླུ་གཞི་བདག་ལ་མཆོད་པའི་ཚུལ་དུ་རོལ་བ་ཞིག་ཡིན།

རིགས་དབྱེ།  

བརྒྱད་གཏོར་དུས་ཆེན།

བརྒྱད་གཏོར་དུས་ཆེན་ནི་དབུས་གཙང་ས་ཁུལ་དུ་བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་དཔལ་མགོན་ཞལ་བཞི་བ་སོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་གཏོར་གཟབ་རྒྱས་འབུལ་བའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བསང་གཞུང་རྟ་རྒྱུག་དུས་ཆེན།

བསང་གཞུང་རྟ་རྒྱུག་དུས་ཆེན་ནི་ལོ་རེའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་སྤེལ་བཞིན་པའི་བསང་གཞུང་ཚོ་རྩེ་བདུན་གྱི་རྟ་རྒྱུག་དགའ་སྟོན་ཞིག་ཡིན།

རིགས་དབྱེ།  

བོད་ཀྱི་ལོ་གསར།

བོད་ཀྱི་ལོ་གསར་ནི་བོད་མི་རྣམས་ཀྱིས་བོད་ཟླ་དང་བོའི་ཚེས་གཅིག་ནས་ཚེས་གསུམ་གྱི་བར་ལ་བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར་དང་གཟབ་གསོལ་གྲོལ་སྟོན་མཛད་སྒོ་སོགས་བོད་མི་རང་གི་གོམས་སྲོལ་དང་བསྟུན་ནས་ལོ་གསར་དགྱེས་སྟོན་གྱི་མཛད་སྒོ་སྤེལ་བ་ལ་ཟེར།

རིགས་དབྱེ།  

བྱང་ཐང་རྟ་རྒྱུག་དུས་ཆེན།

བྱང་ཐང་རྟ་རྒྱུག་དུས་ཆེན་ནི་བོད་བྱང་ཐང་གི་ས་ཆར་ལོ་རེའི་སྤྱི་ཟླ་བདུན་པའི་ཟླ་མཇུག་གམ་སྤྱི་ཟླ་བརྒྱད་པའི་ཚེས་མགོར་གཟབ་རྒྱས་ངང་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ཡུལ་ཁམས་ཀུན་ཏུ་གྲགས་ཆེ་བ་ཞིག་ཡིན།

རིགས་དབྱེ།  

བྱམས་པ་གླིང་སྐོར།

བྱམས་པ་གླིང་སྐོར་ནི་བོད་ཀྱི་དགོན་པ་སོ་སོས་ལོ་རེ་བཞིན་སྤེལ་གྱིན་པའི་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་ཅན་ཞིག་ཡིན།

རིགས་དབྱེ།  

ཚེ་ཐར་གཏོང་བའི་དུས་ཆེན།

ཚེ་ཐར་གཏོང་བའི་དུས་ཆེན་ནི་ཧོར་ཟླ་དང་བོའི་ཚེས་བརྒྱད་ཀྱི་ཉིན་མོར་རྒྱ་ལོའི་སྨོན་ལམ་དང་མཉམ་དུ་ཆོ་ག་སྤེལ་བ་ཞིག་ཡིན།

རིགས་དབྱེ།  

རི་མཆོད་དུས་ཆེན།

རི་མཆོད་དུས་ཆེན་ནི་བོད་རིགས་ཀྱི་ས་ཁུལ་སོ་སོར་ལོ་རེ་བཞིན་སྤེལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་མོད། ནམ་སྤེལ་བའི་དུས་ལ་གཏན་ཁེལ་གསལ་བོ་ཞིག་མེད།

རིགས་དབྱེ།  

ལུགས་རྙིང་ལོ་གསར།

འཛམ་གླིང་སྤྱིའམ་གཞུང་ཕྱོགས་ལས་ཁུངས་ཐུན་མོང་གིས་རྩི་བའི་སྤྱི་ལོ་རྩི་སྟངས་མི་འདྲ་ལ། བོད་ཟླ་རྩི་ལུགས་དང་ཡང་མི་འདྲ་བར། མདོ་ཁམས་ཡུལ་གྱི་རྒྱ་ཆེའི་ཞིང་བ་མང་བོས་ལོ་ཏོག་འདེབས་པའི་བརྒྱུད་རིམ་ཁྲོད། ཟླ་བའི་འཕེལ་འགྲིབ་ཀྱི་ཡར་ངོ་མར་ངོའི་ཆ་གཞིར་བཟུང་ནས་རྩི་བའི་ལུགས་རྙིང་གི་ཚེས་ཞག་སྦྱོར་ལུགས་གཙོ་བོར་བཟུང་ནས། ལུགས་རྙིང་གི་ལོ་གསར་རོལ་བཞིན་ཡོད།

རིགས་དབྱེ།  

རྟ་རྒྱུག་དུས་ཆེན།

རྟ་རྒྱུག་དུས་ཆེན་ནི་བོད་ཡུལ་གྱི་ས་ཕྱོགས་ཀུན་ཏུ་དུས་ངེས་ཅན་ཞིག་གཏན་ཁེལ་བྱས་མེད་ཀྱང་། ལོ་སར་དུས་དང་དགའ་སྟོན་སྣ་ཚོགས་ཀྱི་སྐབས་སུ་ཁྲོམ་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་སྟག་ཤར་སྐྱ་རྩལ་ཅན་རྣམས་ཀྱིས་རྟ་རྒྱུག་བྱེད་བཞིན་ལྟད་མོ་སྣ་ཚོགས་སྟོན་པའི་སྲོལ་ཡོད།

རིགས་དབྱེ།  

རྡོ་སྦིས་ཕ་བོང་དུས་ཆེན།

རྡོ་སྦིས་ཕ་བོང་དུས་ཆེན་ནི་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་ཁྱུ་མཆོག་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་འཁྲུངས་ཡུལ་རྡོ་སྦིས་ས་ཆ་རུ་ལུང་ཁོག་དེའི་སྟོད་པ་ཁག་གསུམ་དང་བྱེ་བྲག་ཏུ་ཧོར་རོང་པོ་སྡེ་བ་ནས་ལོ་རེ་རེའི་ཧོར་ཟླ་ལྔ་བའི་ཚེས་དགུ་ཉིན་ལྷ་སའི་འོང་སྐོར་དུས་ཆེན་དང་ཆ་འདྲ་བར་རོལ་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན།

རིགས་དབྱེ།  

རྩེ་དགུ་གཏོར།

རྩེ་དགུ་གཏོར་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་རྩེ་གཟིམ་འགག་ནས་ལོ་གསར་གྱི་མགོ་ཚུགས་ལྟ་བུར་དགུ་གཏོར་འཆམ་དང་ལྕགས་མཁར་བསྲེགས་བླུགས་སོགས་ཚར་རྗེས། ཞོལ་རྡོ་རིང་ཕྱི་མའི་སུམ་མདོར་སོག་ཕུང་ཡོད་སར་ཟོར་འཕེན་གནང་བ་དང་། དགོང་མོ་ཁྱིམ་དུད་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་བའི་སྲོལ་རྒྱུན་དུས་ཆེན་ཞིག་རེད།

རིགས་དབྱེ།  

རྫོང་རྒྱབ་ཞར་འཕེན།

རྫོང་རྒྱབ་ཞར་འཕེན་ནི་བོད་ཟླ་དང་བོའི་ཚེས་ཉེར་དྲུག་ཉིན་ལྷ་སའི་སྐུ་དྲག་རྣམས་ལྷ་ཀླུ་དགའ་ཚལ་དུ་འཛོམས་ནས་རྟ་རྒྱུག་མདའ་འཕེན་གྱི་ལྟད་མོ་ངོམ་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

རྭ་སྒྲེང་ཁུ་བྱུག་མཆོད་པ།

རྭ་སྒྲེང་ཁུ་བྱུག་མཆོད་པ་ནི་བོད་ཟླ་བཞི་བའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ས་ག་ཟླ་བའི་དུས་མཆོད་དང་སྟབས་གཅིག་ཏུ་ཁེལ་ཡོད་ལ། ལྷ་ས་འཕན་པོ་རྫོང་གི་བཀའ་གདམས་པའི་དགོན་པ་གྲགས་ཆེན་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་རེ་བཞིན་སྤེལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

ལྷ་སའི་འོང་སྐོར་དུས་ཆེན།

ལྷ་སའི་འོང་སྐོར་དུས་ཆེན་ནི་དབུས་གཙང་ས་ཆར་སྟོན་ཁ་བསླེབས་ལ་ཉེ་བའི་དབྱར་མཇུག་གི་དུས་སུ། ཞིང་པ་སྐྱེ་ཕོ་མོ་རྣམས་ཀྱིས་རྒྱན་གོས་བཟང་བོ་སྤྲས་ཤིང་། མདའ་དར་རྔ་རོལ་སོགས་ཐོགས་ཏེ་གླུ་གཞས་དང་བཅས་འོང་ཞིང་གི་མཐའ་བསྐོར་ཏེ་ལོ་ལེགས་ཕུན་ཚོགས་ཡོང་བར་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་ཞུ་བ་དང་། རྟེན་འབྲེལ་དགའ་སྟོན་བྱེད་པའི་ཡུལ་སྲོལ་དུས་ཆེན་ཁྱད་པར་བ་ཞིག་ཡིན།

རིགས་དབྱེ།  

སེ་ར་ཕུར་མཇལ་དུས་ཆེན།

སེ་ར་ཕུར་མཇལ་དུས་ཆེན་ནི་ཡུལ་དབུས་ཀྱི་གྲྭ་ས་ཆེན་པོ་སེ་ར་དགོན་པའི་བྱེས་པ་གྲྭ་ཚང་དུ་ཡོད་པའི་རྟེན་རྫས་འགངས་ཆེན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་བ་ལ་ལོ་རེ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་མཆོད་མཇལ་བྱེད་པའི་དུས་བཟང་ཞིག་ཡིན།

རིགས་དབྱེ།  

སྟག་རྩེ་སྒྲུབ་མཆོད།

སྟག་རྩེ་སྒྲུབ་མཆོད་ནི་རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྒྲུབ་མཆོད་ཀྱི་ཕྱག་ལེན་ལ་བརྟེན་ནས་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་བཞིན་གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཡང་དག་ཆོ་ག་ཉམས་བཞེས་ཀྱིས་རྒྱུན་འཁྱོངས་བྱེད་པའི་དུས་བཟང་སྒྲུབ་མཆོད་ཅིག་ཡིན།

རིགས་དབྱེ།  

གཙང་གི་ལོ་གསར།

གཙང་ཁུལ་ལ་ལོ་གསར་དེ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཏོང་སྲོལ་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་གཙང་ཁུལ་ཞིང་ལས་ཀྱི་དུས་ཚིགས་དང་བསྟུན་པས་སོ་ནམ་ལོ་གསར་ཞེས་བྱ།

རིགས་དབྱེ།