ཤིང་ལྤགས་ཡི་གེ།

​ཤིང་ལྤགས་ཡི་གེ་ནི་ཤིང་གི་པགས་པའི་སྟེང་བྲིས་པའི་ཡིག་རྙིང་ལ་བརྗོད་པ་དང་། ད་སྔ་མཐོང་ཆོས་སུ་གྱུར་བའི་ཤིང་ལྤགས་ཡི་གེ་ནི་གཙོ་བོ་སྟག་པ་དཀར་བོའི་པགས་པའི་ཐོག་བྲིས་པའི་ཡི་གེ་ཡིན།

རིགས་དབྱེ།  

པགས་ཡིག

པགས་ཡིག་ཅེས་པ་ནི་མི་དང་སྲོག་ཆགས་གང་རུང་གི་པགས་པའི་སྟེང་བྲིས་པའི་ཡི་གེ་ལ་ཟེར།

རིགས་དབྱེ།  

རྫ་ཆས་ཡི་གེ།

​རྫ་ཆས་ལས་སྣོན་བྱེད་བའི་དུས་སུ་དེའི་སྟེང་ལ་ཡི་གེ་འབྲི་བ་དང་། དེ་ནས་རྫ་ཆས་བསྲེགས་རྗེས་སུ་དེའི་སྟེང་བྱུང་བའི་ཡི་གེ་ལ་རྫ་ཆས་ཡི་གེ་རུ་འབོད།

རིགས་དབྱེ།  

བྲག་བརྐོས་ཡི་གེ།

རང་བྱུང་གི་བྲག་ལྡེབས་ལ་བརྐོས་པའི་ཡིག་རིགས་ལ་བྲག་བརྐོས་ཡི་གེ་ཟེར།

རིགས་དབྱེ།  

རྡོ་བརྐོས་ཡི་གེ།

​རྡོ་བརྐོས་ཡི་གེ་ནི་རྡོ་ལེབ་སྟེང་བརྐོས་བའི་ཡི་གེ་ལ་བརྗོད་པ་དང་དེར་རང་བྱུང་རྡོ་ལེབ་སྟེང་བརྐོས་པའི་རིགས་ཤིག་དང་མིས་དབྱིབས་གཟུགས་བཏོད་པའི་རྡོ་ལེབ་སྟེང་བརྐོས་པའི་རིགས་གཉིས་ཡོད།

རིགས་དབྱེ།  

རྡོ་རིང་ཡི་གེ།

རྡོ་རིང་གི་ཡི་གེ་ནི་བོད་ཀྱི་ཡིག་རྙིང་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། དེ་དག་ཕལ་ཆེ་བ་བོད་བཙན་པོའི་རྒྱལ་རབས་ཀྱི་སྟོབས་འབྱོར་མངའ་ཐང་དར་བའི་རྩེ་མོར་སོན་པའི་དུས་སུ་བྱུང་བ་འབའ་ཞིག་ཡིན།

རིགས་དབྱེ།  

དྲིལ་བུའི་ཡི་གེ།

​དྲིལ་ཡིག་གམ་ཅོང་ཡིག་ནི་ཁྲོ་ལྕགས་དང་ལི་ཡིས་བླུགས་པའི་དྲིལ་བུའམ་ཅོང་གི་ཐོག་བཀོད་པའི་ཡི་གེའི་རིགས་ཡིན་ལ། གཙོ་བོ་འབུལ་བྱང་སྨོན་ཚིག་ཏུ་བླུགས་པའི་རིགས་ཡིན་པ་དང་ཡུན་རིང་གནས་ཐུབ་པའི་དོན་དུ་དྲིལ་ཡིག་ལུགས་སུ་བླུགས་པ་ཞིག་རེད།

རིགས་དབྱེ།  

ཤོལ་དྲིལ་ཡི་གེ།

ཤོལ་དྲིལ་ཡིག་རྙིང་ཁག་ནི་རྒྱུ་ཤོག་བུར་བྲིས་པའི་ཡིག་ཚང་གི་སྐོར་ཡིན་པ་དང་། གཙོ་བོ་ཏུན་ཧོང་གི་ཡིག་རྙིང་ཁྲོད་ནས་ཐོན་པ་ཡིན། བོན་པོའི་ཆོས་གཞུང་དང་འབྲེལ་བའི་ཤོག་དྲིལ་མང་ཚུལ་བོན་གྱི་མཁས་པ་ཚོས་གསུངས།

རིགས་དབྱེ།  

གླེགས་བམ་ཡི་གེ།

​གླེགས་བམ་ལ་པོ་ཏི་ཡང་ཟེར་བ་དང་། དེ་ནི་ཤོག་བུ་བྱུང་རྗེས་དཔེ་དེབ་ཀྱི་རྣམ་པས་བྱུང་བའི་ཡིག་ཚང་གི་ལུས་སམ་རིགས་ཤིག་ལ་བྱ།

རིགས་དབྱེ།  

ཏ་ལའི་ལོ་མའི་ཡི་གེ།

​ཏ་ལའི་ལོ་མའི་སྟེང་བྲིས་པའི་ཡི་གེའི་སྐོར་ནི་ཡིག་རྙིང་གི་ཁྲོད་གོ་གནས་ཆེན་པོ་བཟུང་བའི་ཡིག་ཚང་ཞིག་ཡིན།

རིགས་དབྱེ།  

ལྡེབས་བྲིས་ཡི་གེ།

​ལྡེབས་བྲིས་ནི་དགོན་སྡེ་སོགས་ཀྱི་འདུ་ཁང་དང་གཙུག་ལག་ཁང་གི་གྱང་ལྡེབས་སུ་བྲིས་པའི་ཡི་གེ་ལ་ཟེར།

རིགས་དབྱེ།  

ལྟེབས་མགོ་མའི་ཡི་གེ།

​ལུས་འདི་རིགས་ནི་བོད་ཀྱི་ཡིག་རྙིང་ལོ་རྒྱུས་སྟེང་ཅུང་མཐོང་དཀོན་པའི་དཔེ་གཟུགས་ཤིག་ཡིན།

རིགས་དབྱེ།  

རྡོ་སྟག

འཛེང་རྡོ་ཡིས་བརྐོས་ཤིང་གྲུབ་པའི་སྟག་འདི་ནི་སྤྱི་ལོ1942ལོའི་ཟླ10བར་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ནུབ་མཚོའི་མཁར་ཤུལ་ནས་བུད་པ་ཡིན་ལ། སྤྱི་ལོ1956ལོར་མཚོ་སྔོན་ཞིང་ཆེན་རིག་དངོས་ཨུ་ཡོན་ཚོགས་པས་རྡོ་བརྐོས་ཀྱི་སྟག་འདི་མདའ་བཞི་རྫོང་རིག་གནས་ཁང་དུ་ཉར་ཚགས་བྱས་ཤིང་། སྤྱི་ལོ1957ལོའི་ཟླ12པའི་ཚེས13ཉིན་རྒྱལ་ཁབ་རིམ་པའི་རིག་དངོས་རྩ་ཆེན་གྱི་གྲས་སུ་བདམས་པ་རེད།

རིགས་དབྱེ།  

རྡོ་རྐོང་།

རྡོ་རྐོང་འདི་ནི་སྤྱི་ལོ1942ལོའི་ཟླ10བར་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ནུབ་མཚོའི་མཁར་ཤུལ་་ནས་བུད་པ་ཡིན་ལ། ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན་སྤྱི་ལོ4ལོར་བང་མང་གིས་ནུབ་མཚོ་སྲིད་སྡེ་བཙུགས་པ་དང་ཧུ་ནན་ས་ཁུལ་གྱི་ཀུའུ་རོན་ཞེས་པའི་ལག་རྩལ་པ་ཞིག་གིས་བརྐོས་བཟོ་བྱས་པ་དང་འདི་ལ་ཧན་རྒྱལ་རབས་དུས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཆ་མངོན་པར་རྫོགས་པ་རེད།

རིགས་དབྱེ།  

དོང་ཙེའི་དཔར་རྐོང་།

དོང་ཙེའི་དཔར་རྐོང་དང་དོང་ཙེ་འདི་ནི་སྤྱི་ལོ1972ལོར་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ནུབ་མཚོའི་མཁར་ཤུལ་ནས་བུད་པའི་དབྱིབས་ཆུང་བ་གཅིག་ཅན་དང་དབྱིབས་ཆེ་བ་ལྔ་བཅུ་ཅན་གྱི་རྫ་ཆས་ཀྱི་དོང་ཙེའི་དཔར་རྐོང་ཞིག་བུད་པ་དང་དེའི་དབྱིབས་གྲུ་བཞི་ནར་མོ་ཞིག་ཡིན།

རིགས་དབྱེ།  

རྒྱའི་རུས་བརྐོས་ཡི་གེ

རུས་བརྐོས་ཡི་གེ་ནི་འཛམ་གླིང་སྟེང་གི་ཆེས་གནའ་སྔ་མོའི་མིའི་རིགས་ཀྱི་ཡི་གེ་ཡིན་ལ། ལོ་ངོ་སུམ་སྟོང་རིང་ཐལ་རྡུལ་གྱིས་མནན་ཞིང་ས་ཡིས་གབ་པའི་ལོ་རྒྱུས་བརྒྱུད་ནས་དུས་རབས་བཅུ་དགུ་པའི་སྨད་ཀྱི་ཆར་ཞིང་པ་རྣམས་ཀྱི་རྐོ་མས་སྲིད་པའི་ཁམས་འདིར་ཁྲིད་ཡོང་བ་ཞིག་གོ །

རིགས་དབྱེ།  

ལོ་རྒྱུས་སྔོན་གྱི་གནའ་རྫས་རྟོག་ཞིབ་རིག་པ།

ལོ་རྒྱུས་སྔོན་གྱི་གནའ་རྫས་རྟོག་ཞིབ་རིག་པ་ནི་ཡི་གེའི་ཐོག་བཀོད་པའི་སྔོན་གྱི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་དཔྱད་གཞི་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ་ཚད་ལྡན་ཡིག་ཆའི་ཐོག་བཀོད་པའི་དུས་རབས་ཞིབ་འཇུག་བྱ་ཡུལ་དུ་བྱས་པའི་ལོ་རྒྱུས་གནའ་རྫས་རྟོག་ཞིབ་རིག་པ་དང་བལྟོས་བཅས་ཡིན་ཞིང་། གནའ་རྫས་རྟོག་ཞིབ་རིག་པའི་ཡན་ལག་གལ་ཆེན་ཞིག་ཡིན་ལ། དེར་ལོ་རྒྱུས་སྔོན་གྱི་ལོ་རྒྱུས་ཀྱང་ཟེར།

རིགས་དབྱེ།  

ཞཱ་ཧྲང་ཀྲོའུ་ཡི་གནའ་རྫས་རྟོག་ཞིབ་རིག་པ།

《ཞཱ་ཧྲང་ཀྲོའུ་ཡི་གནའ་རྫས་རྟོག་ཞིབ་རིག་པ》ནི་སྤྱི་ལོ2013ལོར་ཚན་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་ཅིང་ཀྲུང་ཝེ་དང་ཝང་ལི་ཞིན་གཉིས་ཀྱིས་རྩོམ་སྒྲིག་བྱས།

རིགས་དབྱེ།  

ཆིན་ཧན་ཝེ་ཅིན་ལྷོ་བྱང་རྒྱལ་རབས་བཅས་ཀྱི་ལུའོ་དབྱང་གི་གནའ་རྫས་རྟོག་ཞིབ་ཕྱོགས་བསྡུས།

《ཆིན་ཧན་ཝེ་ཅིན་ལྷོ་བྱང་རྒྱལ་རབས་བཅས་ཀྱི་ལུའོ་དབྱང་གི་གནའ་རྫས་རྟོག་ཞིབ་ཕྱོགས་བསྡུས》ཞེས་པ་ནི་སྤྱི་ལོ2007ལོའི་ཟླ3པར་པེ་ཅིང་དཔེ་མཛོད་ཁང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་དབྱང་ཙུའོ་ལུང་དང་མའོ་དབྱང་ཀོང་གཉིས་ཡིན།

རིགས་དབྱེ།  

ཚན་རྩལ་གནའ་རྫས་རྟོག་ཞིབ།

ཚན་རྩལ་གནའ་རྫས་རྟོག་ཞིབ་ནི་དེང་རབས་ཚན་རྩལ་ལ་བརྟེན་ནས་གནའ་བོའི་ཤུལ་བཞག་ལ་དབྱེ་ཞིབ་བྱས་ཏེ་ཕུན་སུམ་ཚོགས་པའི“མངོན་མེད”ཆ་འཕྲིན་ཐོབ་པ་དང་། དེ་ནས་གནའ་རྫས་རྟོག་ཞིབ་རིག་པའི་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཚན་རིག་འཚོལ་ཞིབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

མཐའ་དཔྱོད་རང་བཞིན་གྱི་འཚོལ་ཞིབ་ཁྲོད་ཀྱི་རིག་གནས་ཤུལ་བཞག་དང་དངོས་མང་བཤམས་སྟོན་ཁང་།

《མཐའ་དཔྱོད་རང་བཞིན་གྱི་འཚོལ་ཞིབ་ཁྲོད་ཀྱི་རིག་གནས་ཤུལ་བཞག་དང་དངོས་མང་བཤམས་སྟོན་ཁང》ནི་སྤྱི་ལོ2020ལོར་ཀྲེ་ཅང་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ལི་མོ་ཨེར·ཁུ་ནུའོ་ཕུའུ་ཡིན།

རིགས་དབྱེ།  

རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས།

དེ་ནི་གདོད་མའི་སྤྱི་ཚོགས་ཀྱི་དར་རྒྱས་ཀྱི་དུས་སྐབས་ཡིན་པ་དང་གྲལ་རིམ་ལྡན་པའི་སྤྱི་ཚོགས་སུ་བར་བརྒལ་བྱེད་བཞིན་པའི་སྐབས་ཡིན་ཞིང་། མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཡོད་དེ། སྔ་དུས་ཀྱི་རྡོ་ཆས་ཡོ་བྱད་མང་ཆེ་བ་ནི་ཁག་ཅིག་དབུར་ཆག་ཡིན་ལ། དུས་མཇུག་ཏུ་དབུར་ཆག་རྡོ་ཆས་ཡིན་པ་དང་། ལྷག་པར་དུ་རྫ་ཆས་བྱུང་བ་ནི་དེའི་ཁྱད་ཆོས་གཙོ་བོ་ཡིན་པ་རེད།

རིགས་དབྱེ།  

ཁུལ་ཁོངས་རིགས་དབྱིབས་རིག་པ།

དེ་ནི་གནའ་རྫས་རྟོག་ཞིབ་རིག་པའི་ཁྲོད་ཀྱི་བརྡ་ཆད་ཅིག་ཡིན་ལ། གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་ཁུལ་ཁོངས་རིགས་དབྱིབས་རིག་པ་ནི་གནའ་རྫས་རྟོག་ཞིབ་ཀྱི་ས་རིམ་རིག་པ་དང་གནའ་རྫས་རྟོག་ཞིབ་རིགས་དབྱིབས་རིག་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ཞིང་། སྔར་བས་གཏིང་ཟབ་པའི་སྒོ་ནས་གནའ་རྫས་རྟོག་ཞིབ་རིག་པའི་ཡུལ་དུས་སྒྲོམ་གཞིར་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཀྱི་ཐབས་ཤེས་ཤིག་ཡིན་ལ། གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་གི་རྨང་གཞི་ཡིན།

རིགས་དབྱེ།  

ཀླུ་མང་བྲག་བརྐོས་རི་མོ།

ཀླུ་མང་བྲག་བརྐོས་རི་མོ་ནི་ཐེམ་ཆེན་རྫོང་ཐེན་ཕེང་ཞང་གི་ལྷོ་ནུབ་ཏུ་གནས་པ་དང་། ལུང་བ་དེ་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་ཡོད་པ་དང་ལུང་མདོར་ཟི་ལིང་ནས་ཐེམ་ཆེན་བར་གྱི་གཞུང་ལམ་ཡོད། ལུང་བའི་གཞོགས་གཉིས་སུ་རི་བོ་མཐོན་པོ་ཡོད་ཅིང་། རི་ཁུལ་དང་ལུང་ཤུར་དུ་གཟན་རྩྭ་སྐྱེས་ཡོད་པ་བཅས་ནི་རང་བྱུང་གི་ཕྱུགས་ས་ཡག་པོ་ཞིག་ཡིན། ལུང་བའི་ནང་གི་སྤྱི་ལེ4ཙམ་གྱི་ཤར་ཕྱོགས་སུ་བྲག་བརྐོས་ཡོད། རི་རྩར་རི་ཉིལ་ནས་ལྷུང་བའི་རྡོ་ཆེན་པོ་དག་ཡོད་ཅིང་རྡོ་དེ་དག་གི་ངོས་སུ་སྣུམ་ནག་གི་དབྱང་འགྱུར་ངོས་ཤིག་ཡོད་པར། བྲག་བརྐོས་རི་མོ་དེ་རྡོ་ཆེན་པོ་དེ་དག་གི་སྟེང་དུ་བརྐོས་འདུག ཁྱོན་བསྡོམས་ཁག་གསུམ་ཡོད་པ་དེ་དག་བར་ཐག་རིང་བོ་མེད་པའི་རྡོ་ཆེན་པོ་གསུམ་གྱི་ཐོག་ཏུ་བརྐོས་ཡོད།

རིགས་དབྱེ།  

ཚོད་ལྟའི་གནའ་རྫས་རྟོག་ཞིབ་རིག་པ།

དེ་ནི་གནའ་རྫས་རྟོག་ཞིབ་རིག་པའི་ཡན་ལག་ཅིག་ཡིན། ཚོད་ལྟའི་བྱེད་ཐབས་སྤྱད་དེ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་ལས་ཐོབ་པའི་གནའ་རབས་ཀྱི་ལག་ཆ་དང་། མཚོན་ཆ། ཁང་བ། མཁར་རྫོང་། སྡེ་བ་སོགས་ཀྱི་གནའ་ཤུལ་དང་ཤུལ་བཞག་དངོས་རྫས་བསྐྱར་བཟོ་དང་བསྐྱར་སྐྲུན་བྱས་ཏེ་གནའ་བོའི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་བསམ་གཞིགས་བརྒྱུད་རིམ་ལ་ཐད་ཀར་རྒྱུས་ལོན་བྱེད་ཐུབ་པ་ཞིག་ཡིན། ཚོད་ལྟའི་གནའ་རྫས་རྟོག་ཞིབ་རིག་པ་ནི་ལག་ལེན་དང་ཚོད་ལྟ་སོགས་ལ་བརྟེན་ནས་གནའ་རབས་མིའི་རིགས་ཀྱི་བྱ་སྤྱོད་ལ་འགྲེལ་བཤད་བྱེད་པའི་གཞུང་ལུགས་སམ་བསམ་ཚུལ་ཞིག་ཡིན།

རིགས་དབྱེ།  

ལྷ་སའི་ཆུ་གོང་གི་གནའ་ཤུལ།

ལྷ་ས་གྲོང་གི་བྱང་ཕྱོགས་ཀྱི་གྲོང་མཐའ་ཆུ་གོང་དུ་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་ལྷག་ཙམ་ཡོད། གནའ་ཤུལ་གྱིས་ཁྱབ་པའི་རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་ཁྲི་གཅིག་ལྷག་ཙམ་ཡོད་ལ། ཐེངས་འདིར་སྔོག་འདོན་བྱས་པ་ནི་ཧ་ལམ་སྨི་གྲུ་བཞི་མ་ལྔ་བརྒྱ་ལྷག་ཙམ་ཡིན།

རིགས་དབྱེ།  

ལུང་ཧྲན་རིག་གནས།

ལུང་ཧྲན་རིག་གནས་ནི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་དར་ཡོད་པའི་རྡོ་ཆས་གསར་བའི་དུས་མཇུག་གི་རིག་གནས་ཏེ། ད་ལྟའི་བར་ལོ་ངོ4000འགོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། སྤྱི་ལོ1929ལོར་ཐོག་མར་ཧྲན་ཏུང་ཞིང་ཆེན་ཀྲང་ཆིག་ལུང་ཧྲན་གྲོང་བརྡལ་ནས་གསར་རྙེད་བྱུང་བས་མིང་དེ་ལྟར་དུ་ཐོགས།

རིགས་དབྱེ།  

ཧུང་ཧྲན་རིག་གནས།

ཧུང་ཧྲན་རིག་གནས་ནི་ཀྲུང་གོའི་བྱང་ཕྱོགས་ས་ཆའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས་ཏེ། ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥུན་གྲོང་ཁྱེར་གྱི་བྱང་ཤར་སྤྱི་ལེ3གྱི་མཚམས་སུ་སོག་སྐད་དུ་ཨོ་ལན་ཧ་དར་ཞེས་འབོད་པའི་རི་ཆུང་ཆུང་རྒྱ་ཁྱོན་ལ་མུའུ་ཁྲི་གཅིག་ལྷག་ཡོད་པ་དང་བྲག་རྡོ་དམར་པོས་གྲུབ་ཡོད་པས་ཧོན་ཧྲན་ཏེ་རི་དམར་པོ་ཞེས་འབོད་པ་དེ་ནས་སྤྱི་ལོ1935ལོར་རིག་གནས་གསར་བརྗེ་ཤུལ་གསར་དུ་རྙེད་པས་མིང་དེ་ལྟར་ཐོགས་ཤིང་། ད་ལྟའི་བར་ལོ་ངོ་ཁྲི5འམ6ཙམ་འགོར་ཡོད།

རིགས་དབྱེ།  

གནའ་རྟོག་རིག་པ།

གནའ་རྟོག་རིག་པའི་ཆེད་ལས་ནི་གནའ་རྫས་རྟོག་ཞིབ་རིག་པའི་ཁོངས་སུ་གཏོགས་པ་དང་། ལོ་རྒྱུས་ཚན་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མི་ཆོས་རིག་པའི་ཚན་ཁག་གི་ཁོངས་སུ་གཏོགས།

རིགས་དབྱེ།  

གནའ་རྫས་རྟོག་ཞིབ་རིག་པ།

གནའ་རྫས་རྟོག་ཞིབ་རིག་པ་ནི་མི་ཆོས་ཚན་རིག་གི་ཁོངས་སུ་གཏོགས་པའི་གནའ་རབས་ཀྱི་རིག་ཚན་ཞིག་ཡིན་ལ། ཀྲུང་གོ་རུ་ལོ་རྒྱུས་རིག་པའི་ཡན་ལག་ཏུ་བསྡུས་ཡོད་ཅིང་ཨ་མེ་རི་ཁ་དང་ཁ་ན་ཏ་རུ་མིའི་རིགས་རིག་པའི་ཡན་ལག ཡོ་རོབ་གླིང་དུ་རང་རྐྱ་འཕེར་བའི་རིག་ཚན་ནམ་ལོ་རྒྱུས་རིག་པའི་ཆ་ཤས་ཤིག་ཏུ་བརྩི་བཞིན་ཡོད་ལ། གནའ་རྫས་རྟོག་ཞིབ་རིག་པས་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ལས་ལུས་པའི་དངོས་པོའི་རྒྱུ་ཆ་ལ་གཞིགས་ནས་མིའི་རིགས་ཀྱི་གནའ་རབས་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།

རིགས་དབྱེ།